དེ་རིང་ཡང་སེམས་ཁམས་གློ་བུར་དུ་འཁྲུགས་སྟེ།  
དཔེ་ཆ་ཡང་ལྟ་འདོད་མེད་པར་གྱུར་བསམ་ཀྱིན་བསམ་ཀྱིན་མི་སེམས་ནི་
ཇི་འདྲའི་བློ་གཏད་མེད་ས་ཅིག་རེད་ཨང་འདོད་བྱུང་།
མི་ཚེ་སློབ་སྦྱོང་གིས་རྫོགས་མི་ཐུབ་མོད།
སློབ་སྦྱོང་དང་དཔེ་ཀློག་ལ་ཁ་མི་འབྲལ་བར་འཚོ་ཐུབ་ཚེ།
དེ་རིང་གི་དུས་ཚོད་ཙམ་ལ་སེར་སྣ་དེ་ཙམ་སྐྱེ་དགོས་དོན་མེད་མོད།  
ད་སྐབས་ཀྱི་གཞུང་མཚམས་ནི་ཅི་ཙམ་བལྟས་ན་བློ་ཁོག་ཏུ་
ཤོངས་དཀའ་ཅིག་ཡིན་པས་དེ་རིང་འདི་ལྟར་ཤོར་ཚེ།
སང་ཉིན་ཇི་ལྟར་འགྲོ་བ་ལ་ཡང་སེམས་ཁུར་ལྷག་མ་ཅིག་འདུག་གོ།

གོ་སྐབས་ཞེས་པ་དེ། འགྱུར་ལྡོག་གི་ཁྲོད་ན་ཡོད་པས། བྱ་བཞག་གསར་བ་ཞིག་གི་མགོ་རྩོམ་པ་དེ་ནི། གོ་སྐབས་བཟང་བོ་ཞིག་ལ་འཕྲད་པའི་སྔ་ལྟས་སུ་བཤད། དེ་ནི་བདེན་པ་འདྲ་སྟེ། སློབ་གཉེར་དང་། ལས་རིགས། བྱ་བཞག་གང་ལ་ཡང་འགྱུར་བ་ཏོག་ཙམ་ཡང་མེད་པར་ཆེས་སྤྱིར་བཏང་གི་བྱ་བའི་ཁྲོད་ནས་མི་ཚེ་ཟད་པ་ཡིན་ན། གོ་སྐབས་ལེགས་པོ་ཞིག་གིས་ཁྱེད་རང་གཏན་ནས་འཚོལ་མི་སྲིད་དེ། ཁྱོད་ལ་གཞན་དང་མ་འདྲ་བའི་འཇོན་ནུས་གང་ཡང་མེད་པའི་ཕྱིར་རོ།། གོ་སྐབས་དང་དོན་བཟང་མང་བོས་ཚུར་བཙལ་ནས་ཡོང་བ་དེ། མི་དེར་རླུང་རྟ་རྒྱུག་པ་དང་ལས་བསོད་བཟང་བའི་ལྟ་སྟངས་ཤིག་ཀྱང་མཆིས་མོད། དོན་ལ་མི་དེ་དག་ནི། གཞན་ལས་ལྷག་པའི་བྱ་བ་འདྲ་མིན་ལ་ཚོད་ལྟ་བྱེད་པར་དགའ་ཞིང་། ལས་རིགས་མང་བོའི་ཆ་ནས་སྣ་འཛོམས་ཀྱི་ཁྱད་ནུས་ལྡན་པས་ཡིན་པ་དེ་ཡང་གསལ་བར་གོ་ཐུབ་པས། རང་ལ་གཞན་ལ་ལྷག་པའི་རླུང་རྟ་རྒྱུག་འདོད་པ་དང་གོ་སྐབས་ལེགས་པོ་ཐོབ་འདོད་ན། རྩ་དོན་ནི། ཐོག་མར་ཁྱེད་རང་ལ་གཞན་དང་མ་འདྲ་བའི་གོ་སྐབས་འདྲ་མིན་དང་དུ་ལེན་ཐུབ་པའི་འཇོན་ནུས་ཁྱད་པར་བ་ཞིག་ཅིས་ཀྱང་འཛོམས་དགོས་པ་དེའོ།། ཨ་མའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་མེད་ཅེས་པ་དེས་ཀྱང་། དགའ་ལྡན་ཁྲི་བར་འདུག་པའི་སྐལ་བ་ལྡན་མིན་ཡང་རྩ་བ་ཁྱེད་རང་ལ་འཇོན་ནུས་ཡོད་མེད་ཀྱི་གནད་རང་ལ་ཐུག་འདུག་པ་གསལ་བོར་བསྟན་པ་ཡིན་པས། དེས་ཀྱང་གོ་སྐབས་ནི། འཇོན་ནུས་ཅན་ཁོ་ནར་དབང་བའི་རྩ་དོན་དེ། ཁ་གསལ་གཏིང་གསལ་ཏུ་བཏང་བ་མ་ཡིན་ནམ།

དུག་གསུམ་རླུང་དམར་ཚུབ་པ་མུན་པའི་ཁུང་།།
གསལ་མཛད་འོད་བརྒྱའི་མངའ་བདག་དགེ་བའི་བཤེས།།
འགྲོ་བའི་དོན་དང་བསྟན་པའི་རྒྱན་མཆོག་ཏུ།།
རྟག་ཏུ་བཞུགས་པར་གུས་པས་འདུད་དོ་ཀྱཻ།།

——གངས་མེ་འབར་གྱིས།


发布     👍 0 举报 写留言 🖊   
✋热门推荐
  • 遥知湖上一樽酒,能忆天涯万里人。遥知湖上一樽酒,能忆天涯万里人。
  • #和哈皮一起度过的时光# 这次回去,把哈皮的家人见了个大概 哈皮哥说:这是他第一次带人回家,知道你的重要性了吧 我:嘿嘿嘿[污] 哈皮姑说:这次你来了,他好
  • 体验人工智能LOGO设计,30秒上百套方案:#新歌速递# | 赛车手尾形明纪与SUPER EUROBEAT达成联动!全美人气No.1的车赛——“纳斯卡车赛”参与
  • #nflying[超话]#/#N.Flying[超话]#「搬运」210927抹茶奶黄包新闻更新相关一则N.Flying, 'TURBULENCE'主打歌海报公开
  • 每日清扫房间也是圣安医院医护人员们的日常,不但如此他们偶尔也会组织佳人一起清扫,这样不仅有利于佳人康复,还会能帮助佳人在康复后能更快的融入原本的生活当中。#佳人
  • 如上海地区,夏天炎热,仙客来上年老球在开花结实后,叶逐渐枯黄脱落,进入休眠期,此时浇水量应减少,一般2~3天浇水1次(叫做收水)保持盆土稍有湿润即可。上海地
  • 定州市清风店镇人民政府关于进一步明确群众自报信息内容的通告近期,来(返)清风店镇人员自觉履行法律赋予公民个人的防疫责任,通过电话自报、家人报告或者现场登记等方式
  • 保養得宜100歲也可擁有健康牙齒】大家幼年時期有20隻乳牙,至6歲開始進入換牙時期後,換成的28隻的恆齒隨會跟隨我們一生。⚡乳牙:一般6个月的时候长第一颗乳牙
  • #NiziU[超话]# #NiziU九色日常# 【20220412】 官推蓝鸟更新みなさん✨初めてのSNSジャック、いかがでしたか⁉️朝早くから本当にありがとう
  • 27敬业集团植绿固碳增加绿化面积14.7万㎡敬业集团积极响应国家“碳达峰 碳中和”目标,将降碳、固碳作为工作的重中之重。27敬业集团植绿固碳增加绿化面积14.7
  • 我难过又能怎么办呢难过解决不了任何问题我以为的原来一直是我以为 像小丑 像笑话我还是没有得到好的结果 我不能因为过去的选择 持续性的痛苦不堪 生活还得继续 人也
  • 我姐姐表示理解,但是已经预订,若楼里没有人需要那我们就送给街道或工作人员。YQ不常有,倒是显现出一批一直卑劣着的人心#上海疫情的我 ##上海男子以团购为名诈骗被
  • 第十一,降低自己的期望,降低自己的欲望,承认自己是个普通人,接纳自己是个普通人的事实,坦然接受自己不完美的事实,不要给自己太多期望和压力;第十二,不为过去的事情
  • 忙你自己的吧,说好了这个无线鼠标插电脑上的那个东西,算了,你事情多,这个事情对你来说太不重要了,忘了就忘了吧,作废吧,我把鼠标扔掉了,你也不用找了,找到也扔了吧
  • 非遗目前在丽江能体验到的非遗文化与地道纳西文化都在白沙,东巴文体验馆、纳西古乐、滇绣刺绣、纳西神医…✏️白沙壁画“白沙壁画”是明代纳西族社会大开放的产物,它的绘
  • 是还没长大,也不愿长大的时时幻想吗?不知道呆城市久了还是离开乡土的时间太长了,觉得菜地里的花是那么的美,作为出生在农村的我,似乎像是第一次发现它们似的,近距离的
  • 冷冻室发现一块好难看的冻肉,瞅不出是啥,我俩谁也想不起它的来头,颜色这么黑,该不会是前年吧[黑线]。照现在这情形,家家户户储存大量食物,未来很可能放过期了想不起
  • 其实张利华做这样的事情并不是一次两次,在与魏骏杰保持婚姻期间,她曾约会单车男,前年也是因为偷食外国男从而被曝光,导致的离婚,如此种种,足可说明,很不简单。事后,
  • 省美术馆展出刘先生,跨世纪的油画原作及艺术年表,历史资料较全面的展示了作为油画家和教育家的刘依闻先生[2021][2021][good][good][鲜花][鲜
  • 侧面整体风格富有肌肉与力量感,此外新车提供19/20英寸两种轮圈配置,另外后续还将提供21英寸轮圈。首先基于GPMA广汽全球平台模块化架构打造,尺寸从之前的很大