སྐད་ཆའི་ནང་དོན་གནད་བསྡུས།སྐད་ཆའི་ནང་དོན་གནད་བསྡུས།

རྒྱ་ཡིག་གི་འཕྲིན་སྟེགས་ཀོ་པེ་ཧྲང་ཧེ་མངགས་བཟོ་ཞེས་པ་རུ་སྤྱི་ཟླ་༡པོའི་ཚེས་༢༣ཉིན་རྒྱན་གོས་ཀྱི་མ་དཔེ་འགའ་ཤས་ཤིག་འགྲེལ་སྤེལ་བྱས་ཡོད་པ་རེད། པར་ནང་དུ་བུད་མེད་ཤམ་པས་ནང་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཀྱི་རི་མོ་ཚེམ་གྲུབ་ཀྱིས་བཟོས་ཡོད་པའི་གོས་སྣ་ཚོགས་གོན་ཡོད་པ་ལ། པར་གྱི་དྲྭ་གྲོགས་མང་པོ་ཞིག་གིས་ཀྱང་དེ་དག་ལ་དགག་པ་སྐྱོན་བརྗོད་སྣ་ཚོགས་མཛད་ཡོད་ཅིང་། དེ་དག་ཆོས་དང་རིག་གནས་ལ་གཅེས་པའི་འདུ་ཤེས་ལས་བྱུང་བས་བསྟོད་པ་ལས་མེད། ངས་ཀྱང་པར་རིས་དེ་དག་མཐོང་མ་ཐག་ཏུ་ཚིག་འདི་བྲིས་ནས་ཁོང་ཚོའི་དྲྭ་ལམ་དུ་ཕར་གཏོང་རྒྱུ་དང་རང་གི་འཕྲིན་ཚོམ་དུ་སྤེལ་ཆིས་བྱས་པ་ཡིན། ཚིག་ནི་འདི་ལྟར་༼སངས་རྒྱས་དང་བྱང་ཆུབ་སེམས་དཔའི་གཟུགས་རིས་ནི། མི་མང་ཁྲི་སྟོང་གི་དད་པའི་རྟེན་དང་མཆོད་པའི་གནས་ཡིན་པས། དད་པ་མེད་པའི་མི་ཚོའི་མཚར་སྣང་གི་རྩེད་ཆས་བྱས་ན་གཏན་ནས་མི་འགྲིག ཁྱོད་ཚོར་རང་ཉིད་ཀྱིས་སངས་རྒྱས་བྱང་སེམས་ལ་དད་པ་བྱེད་མིན་གྱི་དབང་ཆ་ཡོད་པ་ལས། དད་ལྡན་ཚོའི་ནང་སེམས་ཀྱི་དྭངས་བཅུད་ལྟ་བུའི་དད་པ་ལ་མཐོང་ཆུང་རྡོག་རོལ་གཏོང་བའི་དབང་ཆ་མེད། གཞན་གྱི་རིག་གནས་ཤུལ་དང་དད་མོས་ལ་བརྩི་འཇོག་བྱེད་པ་ནི་འགྲོ་བ་མིའི་མ་མཐའི་ཀུན་སྤྱོད་ཀྱི་ཚད་ཐིགས་ཤིག་ཡིན་པ་ཁྱེད་ཚོས་ཤེས་ངེས། འོ་ན་ཁྱོད་ཚོས་རང་ཉིད་ཀྱི་བྱ་སྤྱོད་འདི་ལ་འགན་ཁུར་དང་འགྲེལ་བཤད་ཇི་ལྟར་བྱེད་རྒྱུ་ཡིན།༽
དེ་ལྟར་ནའང་ཡི་གེ་དེ་བྲིས་ནས་སྤེལ་མ་ཐག་ང་ལ་གཤམ་གྱི་དོག་པ་འདི་དག་སྐྱེས་པ་ཡིན། ཕྱོགས་གཞན་ཞིག་ནས་བསམ་ན་ང་ཚོ་བོད་ལྟ་བུའི་ཕྱི་ནང་གསང་གསུམ་དུ་ཆོས་ཀྱི་བྱིན་རླབས་དང་གོམས་གཤིས་ཀྱིས་ཁྱབ་ཡོད་པའི་ཡུལ་དུས་ལ་དེ་ལྟར་ཤེས་བཞིན་ཁྱད་གསོད་བྱས་ན་མི་འོས་པ་ཡིན་ངེས་ཀྱང་། ཆོས་དང་སངས་རྒྱས་བྱང་སེམས་ཀྱི་སྒྲ་དང་དྲི་ཙམ་ཡང་མེད་པའི་ཀླ་ཀློའི་ཡུལ་དང་དུས་ཀྱི་མི་ལ་དེ་ལྟར་རེ་བ་བཏོན་པ་ནན་དྲག་ན། རྩེར་སྙེགས་དང་མཐོ་སྙོབ་བྱེད་དྲག་ན་བསྟན་པ་དང་སེམས་ཅན་གཉིས་ཀར་ཕན་གནོད་གང་ཆེའམ་སྙམ། དེ་འབྲེལ་གུས་པའི་བསམ་ཚུལ་མདོ་ཙམ་ངག་ཐོག་ནས་ཞུས་ཡོད་ལ་དོགས་པ་གཙོ་བོ་འགའ་ཞིག་ཟུར་དུ་འདིར་འགོད་པས་བླང་དོར་འཇུག་ལྡོག་གི་དགག་སྒྲུབ་གནང་བར་འཚལ། ༼༡༽བུད་མེད་ཀྱི་གོན་པའི་ངོས་སུ་སངས་རྒྱས་བྱང་སེམས་ཀྱི་ཐང་རིས་ཚེམ་གྲུབ་བྱས་པ་འདི་བྱེད་མཁན་ཚོས་མཐོང་ཆུང་གི་ཀུན་སློང་ཡོད་ན་ཆོས་སྤང་སོགས་ཀྱི་ཉེས་པ་ཚབ་ཆེན་དུ་འགྱུར་ན་ཐང་མོད་ཁོ་ཚོས་མཚར་སྣང་ཙམ་གྱིས་བཟོས་པ་དང་། མཚར་སྣང་དེས་ནང་བསྟན་ལ་རྒྱུས་ལོན་བྱེད་དུ་འཇུག་ཅིང་། རྒྱུས་བླངས་ནས་དད་པ་གཙང་མ་སྐྱེ་ན་ཐང་།
སེམས་ཀྱི་དཀའ་ཁག་ཅན་གྱི་མི་ཚོས་སྐུ་གཟུགས་ལྷ་ཁང་གི་པར་རིས་ཙམ་ལས་ཀྱང་བདེ་བ་དང་རེ་བ་འདྲ་རྙེད་ནས་དོ་སྣང་བྱས་པ་ཡིན་ན་ཐང་ལ་ང་ཚོས་ལམ་སེང་དགག་པ་དང་ངོ་རྒོལ་བྱེད་རྐྱང་བྱས་ན་ཁོ་ཚོར་རེ་ཆད་དང་གོ་ལོག་ཐེབས་ན་ཐང་།

༼༢༽མདོ་སྔགས་ཀྱི་བསྟན་པ་ཕུན་སུམ་ཚོགས་པ་བཞུགས་པའི་བོད་ཀྱི་ཡུལ་དང་བོད་མིའི་སེམས་སུ་གནས་ཚུལ་འདི་འདྲ་ཡོང་མི་འོས་མོད། ནང་བསྟན་གྱི་མཚན་ཙམ་ཡང་གོ་ཐོས་མེད་པ་དང་དོ་སྣང་གཏན་ནས་མི་བྱེད་པའི་མི་ཚོའི་མིག་ལམ་དུ་རྣམ་པ་སྣ་ཚོགས་དང་རྒྱུད་ལམ་འདྲ་མིན་གྱི་ཐོག་ནས་ཀྱང་སངས་རྒྱས་དང་བྱང་སེམས་ཀྱི་བྱིན་རླབས་འཕྲོ་ན་ཐང་ཞིང་། དེ་ལས་ནང་བསྟན་གྱི་འགྲོ་དོན་ཡང་ཡོང་ན་ཐང་།
༼༣༽ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ཞེས་པ་དེ་སྐྱབས་སུ་མ་སོང་ན་རེ་བ་དང་ལམ་ཁ་མེད་པ་ལྟ་བུའི་སྒོ་དམ་པོ་ཞིག་ལ་གོ་བ་ལེན་རྒྱུ་མིན་པར་མི་སྣ་ཚོགས་ཀྱི་དགའ་ཁ་འཁྱེར་ཕྱོགས་དང་མཚུངས་པའི་ཆོས་ཀྱི་སྒོ་མོ་སྣ་ཚོགས་ཤིག་ཡོད་ནའང་ཐང་།
༼༤༽ཆོག་མི་ཆོག་དང་རུང་མི་རུང་གི་རྣམ་བཞག་དེ་དག་རྒྱ་དང་བོད་ལྟ་བུའི་བསམ་བློ་གཏོང་སྟངས་ལ་གཅིག་ཏུ་འོས་ན་ཐང་མོད་ནུབ་ཕྱོགས་ཀྱི་བསམ་བློའི་མཁའ་དབུགས་ཁྲོད་ནས་སྐྱེས་ཤིང་འཚར་བའི་ན་གཞོན་ཚོའི་སེམས་ཁམས་ལ་དེས་གུ་དོག་དང་བར་ཐག་གི་བསམ་བློ་ཞིག་སྐྱེད་ན་ཐང་།
༼༥༽ཡུལ་སྐོར་དང་མཆོད་མཇལ་ཡོད་སའི་དགོན་སྡེ་ཁག་གིས་ཁེངས་དྲེག་དང་བཅས་ཁྲིམས་སྒྲིག་དང་ཆ་རྐྱེན་མང་པོས་གཅུན་ན་གནས་སྐབས་ཡུལ་དུས་འགར་ཡག་པོར་མཐོང་མཁན་ཡོད་མོད་ཕུགས་ནས་རང་དང་ནང་བསྟན་གྱི་འཕྲིན་ལས་ཀྱི་བར་ཆད་དུ་འགྱུར་ན་ཐང་།
༼༦༽གཞུང་ལུགས་སྐབས་སུ་མཆོག་གསུམ་ཁས་མི་ལེན་པ་དང་། ལས་འབྲས་དང་སྐྱེ་བ་སྔ་ཕྱི་ཁས་མི་ལེན་པའི་ནང་པ་ཞིག་ཁས་ལེན་ཐབས་མེད་ཀྱང་འཚོ་བའི་ཁྲོད་ནས་དེ་དག་ཁས་མི་ལེན་པའི་དད་པ་མེད་པའི་མི་ལྷག་མ་འདི་དག་ང་ཚོས་སྙིང་རྗེ་དང་ལྷག་བསམ་གྱིས་འཚོ་སྐྱོང་དང་འགུག་ཐབས་དགོས་པ་གལ་ཆེ་ན་ཐང་།
༼༧༽ཆོས་ཀྱི་བདག་པོ་ང་ཚོས་ཚང་མར་སྤུས་དག་དགོས་ཞེས་རྩེར་སྙེགས་དང་ནན་ཏན་བྱེད་ཐལ་ཆེས་ན་གཞན་གྱིས་འགག་དོག་གོ་སྙམ་ནས་རྒྱང་དུ་དཀྱེད་ན་དོན་ལ་རང་གིས་གདུལ་བྱ་རང་གིས་རྒྱ་ཆུང་དུ་གཏོང་བར་འགྲོ་ན་ཐང་།
༼༨༽ང་ཚོས་ཆོས་པའི་ཐོབ་ཐང་གིས། ཆོས་ཀྱི་མིང་བྱང་འོག ཆོས་ཀྱི་སྡོམ་དམ་ཞེས་པའི་ཐབས་ལམ་ཡན་གར་བ་འདི་ཁོ་ནས་འཛམ་གླིང་སྐྱེ་བོའི་ཡིད་འོང་འགུག་པའི་རེ་བ་འཆང་མོད་གཞན་མང་པོ་ཞིག་གིས་དེ་དག་མཐོང་ཐོས་བྱུང་མ་ཐག་རང་དང་འབྲེལ་བ་མེད་དོ་སྙམ་ནས་རྒྱང་དུ་དཀྱེད་ཀྱིན་ཡོད་པས་ཆོས་སྤེལ་བའི་ཐམས་ལམ་རྣམ་པ་དང་རིམ་པ་སྣ་ཚོགས་ལ་བསམ་བློ་གཏོང་རྒྱུ་འདི་རན་པས་མི་ཚད་འཕྱི་བཞིན་མི་འདུག་གམ།

དྲི་བ་དང་དོག་པ་འདི་དག་གུས་བོད་ལྕེར་འབོད་པས་༢༠༢༠ལོའི་ཟླ་༣པའི་ཚེས་༢ཉིན་ཐང་གའི་གོན་པ་དང་འབྲེལ་ནས་བོད་ཀྱི་ནང་བསྟན་འཛིན་པའི་དམ་པ་རྣམས་ལ་དགོངས་བཞེས་ཀྱི་གཞིར་ཕུལ་བ་ལགས།

དེ་ཡང་༧གུང་ཐང་སྐུ་ཕྲེང་དྲུག་པ་འཇམ་དབྱངས་བླ་མ་ཁྲི་ཆེན་༧བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་བོ་ནི།མདོ་སྨད་ས་ཡི་ཐིག་ལེ་གླིང་དཀར་མཐོང་བ་ཀུན་སྨོན་མཛོད་དགེ་བྱམས་མེ་རུ་བོད་བཙན་པོ་ཁྲི་སྲོང་གི་བློན་ཆེན་དགའ་ཡེ་ཤེས་དར་རྒྱས་པའི་རིགས་སྲས་རྨ་མེད་པ།ཡབ་བྱམས་མེ་དཔོན་རྒན་དགའ་འཇིགས་མེད་རྡོ་རྗེ་དང་།ཡུམ་བཞག་སྡོམ་དཔོན་ཚང་སྲས་མོ་པད་དཀར་སྐྱིད་གཉིས་ཀྱི་སྲས་སུ་མེ་ཕོ་སྟག་གི་ལོ་སྟེ་ཕྱི་ལོ་༡༩༢༦ལོར་ཧོར་ཟླ་དང་བོ་ཚེས་བཅུ་གསུམ་ཉིན་གྱི་ཐོ་རེེངས་སྟག་བཞི་འཛོམས་པའི་དུས་སུ་ངོ་མཚར་བའི་འོད་ཕུང་དང་བཅས་བཞག་སྡོམ་དཔོན་ཚང་དུ་སྐུ་བལྟམས།གཙང་བླ་ཆེན་པོས་པཎ་ཆེན་སྐྱབས་ཞེས་མཚག་གསོལ།དགུང་ལོ་དྲུག་པ་རབ་བྱུང་བཅུ་དྲུག་པའི་ལྕགས་ལུག་༡༩༣༡ལོར་དབོ་ཟླ་བའི་ཚེས་བཅུ་གཅིག་ལ་ཀུན་མཁྱེན་ལྔ་བ་མཆོག་གིས་བླ་བྲང་འབུམ་སྟོད་ཇོ་བོའི་མདུན་ནས་ཐུགས་ཐག་བཅད་དེ་ནག་ཟླའི་བཅོ་ལྔར་ཁ་བཏགས་ཕུལ་ཞིང་ཆུ་ཟླའི་བཅོ་ལྔར་སྡེ་ཁྲི་མཁྱེན་རབ་རྒྱ་མཚོ་མཆོག་ནས་ན་བཟའ་ཕུལ།ལྷ་བབས་དུས་ཆེན་ལ་བསུ་བ་སེར་སྤྲེངས་དང་བཅས་བླ་བྲང་བཀྲ་ཤིས་འཁྱིལ་གྱི་གུང་ཐང་བླ་བྲང་གི་ཁྲི་ལ་མངའ་གསོལ།དགུང་ལོ་བདུན་པ་ཆུ་སྤྲེལ་༡༩༣༢ལོར་ཆོ་འཕྲུལ་ཟླ་བའི་ཚེ་བརྒྱད་ལ།གུང་ཐང་དགེ་ལེགས་བདེ་ཡངས་ནས་བསྟན་པའི་མངའ་བདག་ཆེན་པོ་༧འཇིགས་མེད་འཕྲིན་ལས་རྒྱ་མཚོ་ཞལ་སྔ་ནས་མཁན་པོ་དང་བཤེས་གཉེན་ཆེན་པོ་པཎ་ཆེན་སྐུ་ཕྲེང་བཅུ་བ་ཆེན་པོའི་ཡོངས་འཛིན་བསང་ཁོག༧འཇིགས་མེད་ཚང་ནས་ལས་སློབ་བཅས་མཛད་དེ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས།མཚན་ལ་༧འཇིགས་མེད་བསྟན་པའི་དབང་ཕྱུག་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ།སྐྱབས་འགྲོ་དང་རྟེན་འབྲེལ་བསྟོད་པའི་ལུང་བསྩལ།ཀློག་སློབ་པའི་དབུ་ཚུགས།ནག་ཟླ་ནས་དགེ་བའི་བཤེས་གཉེན་དམུ་དགེ་༧ཐུབ་བསྟན་རྒྱ་མཚོ་ཡོངས་འཛིན་དུ་བསྟེན།སྐུ་ན་ཕྲ་བའི་དུས་སུ་ལོ་ལྟར་མཛོད་དགེ་སྒར་སར་ཕྱོགས་སུ་ཕེབས་ནས་དགོན་པ་སྤྱིའི་སྒྲིག་ལམ་ཀུན་སྤྱོད་སོགས་ལ་དོ་སྣང་ཆེན་པོས་དག་ཐེར་དང་།ལུང་རྟོགས་བཤད་སྒྲུབ་ཀྱི་མཛོད་ལ་མངའ་བརྙེས་པའི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མང་དུ་སྐྱེད་སྲིང་མཛད་པ་དང་།དགོན་པའི་ཁོར་ཡུག་སོགས་ལ་ས་བཅོས་དང་ཆུ་འདོན་ཚུན་ཆད་ཁོང་རང་ཉིད་སྐུ་དངོས་ཕེབས་ཀྱིས་ས་གཟིགས་ཆུ་གཟིགས་སོགས་གནང་སྟེ་ལག་ཏུ་བསྟར་བ་དང་།གཞན་ཕན་ཐེག་པ་མཆོག་གི་སྤྱོད་ཚུལ་རང་གྲུབ་ཏུ་ཡོད་པ་ཁོང་གིས་བྱམས་ཀྱི་བསྐྱངས་པའི་དགོན་པ་འདི་ཉིད་ལ་མཚོན་ན་འཆད་ཉན་བཤད་སྒྲུབ་གོང་འཕེལ་དང་།ལྷ་སྡེ་ལ་མཚོན་ན་ཡངས་པའི་ས་ཆེན་པོ་ལ་སྟོབས་མངའ་ཐང་གིས་འཁོར་ལོས་བསྒྱུར་བའི་མཛོད་དགེ་སྤྱི་དཔོན་དང་།བློན་པོ་རྒན་བསམ་ཤེས་དག་གིས་སྣེ་ཁྲིད་དེ།དཔལ་རྨུགས་འཛིན་ཆུའི་དབང་བོ་ཡབ་ཡུམ་དང་རྣམ་ཐོས་སྲས་ཀྱི་བང་མཛོད་ལག་སྣོད་དུ་འཆང་བ་ལྟ་བུའི་སྤྱིན་པའི་བདག་པོ་དད་གཏོང་བསོད་ནམས་ཀྱི་དཔལ་འབར་ཞིང་།ལྷའི་ཡུལ་གྲུ་འཛམ་གླིང་མི་ཡུལ་དུ་གོ་འཕོས་པ་དང་འདྲ་བའི་ཡུལ་སྡེ་ཆེ་ཆུང་།མཁོ་དགུའི་འབྱོར་བ་སྤྱད་པས་མི་ཟད་པ་ལྟ་བུའི་ཚོད་དུ་ཡིན་པའི་འབྲོག་སྡེ་དང་རང་སྡེ་མཐའ་དག་གི་མགོན་དང་སྐྱབས་སུ་བཞུགས་པ་མ་ཟད།ལེགས་ཚོགས་མ་ལུས་པ་མ་བོས་བཞིན་དུ་ངང་གིས་འདུ་བཞིན།
རབ་བྱུང་བཅུ་དྲུག་པའི་དྲག་པོ་ཞེས་པ་ལྕགས་ཕོ་སྤྲེལ་གྱི་༡༩༨༠ལོར་གུང་ཐང་འཇམ་དབྱངས་བླ་མ་དྲུག་པ་རྡོ་རྗེ་འཆང་ཆེན་པོ་སླར་ཡང་རང་གི་གདན་ས་མཛོད་དགེ་སྒར་སར་དུ་ཕེབས་པའི་སྐལ་བཟང་མངོན་དུ་གྱུར།མི་ལོ་ཉེར་གསུམ་རང་ལ་མི་ངོ་ལྷ་ངོ་འཕྲད་པས།དགའ་སྐྱོ་ཟུང་འབྲེལ་གྱིས་རུ་སྡེ་སོ་སོར་ཕེབས།མི་ལོ་ཉེར་གསུམ་རིང་ལ་ཁོང་ཉིད་ཕྱིར་ཕེབས་པར་རེ་སྒུག་བྱས་ཀྱང་ཚེ་ཟད་འདས་པོ་མཐའ་དག་གི་ཆེད་དུ་དུར་ཁྲོད་སོགས་སུ་ཕེབས་ནས་ཚྭ་གསུར་བཏང་ཞིང་བསྔོ་སྨོན་བྱེད་པ་དང་།ད་ལྟ་གསོན་པའི་དད་སྟོབས་ཆེ་བའི་རྒད་རྒོན་རྣམ་པ་དང་།རེ་བ་བྱེད་སའི་གཞོན་ནུ་རྣམ་པ།དུང་སེམས་ཆེ་བའི་མ་སྲི་རྣམ་པ་ཐམས་ཅད་ལ་ཞལ་བརྡ་ལྷུག་པོར་གནང་བ་དང་ལྷན།སྟག་མོ་གདོང་སྣ་ནས་ལྷན་གཅིག་ཏུ་འཛོམས་པའི་སྤྲོ་མགུར་དཀོན་མཆོག་གསུམ་དང་བླ་མ་མཁྱེན་ཞེས་པ་གསུངས་ནས།གཙོ་བོ་བོད་མི་ཕྱི་རབས་པ་ཚོས་ཤེས་ཡོན་སྤྱོང་རྒྱུ་གལ་ཆེ་བར་གདམས།

དོན་མེད་པའི་ཆོས་བཅུ་བཞི་ནི།
无义之十四法
༡༽མི་ལུས་ཐོབ་ནས་དམ་པའི་ཆོས་མི་དྲན་པ་ནི་རིན་པོ་ཆེའི་གླིང་དུ་ཕྱིན་ནས་སྟོང་ལོག་བྱས་པ་དང་འདྲ་སྟེ་དོན་མེད།
1、获得人身后不忆念妙法,如同已到宝洲空手而归,无有实义。
༢༽ཆོས་སྒོར་ཞུགས་ནས་ཁྱིམ་ཐབ་བྱེད་པ་ནི་ཕྱེ་མ་ལེབ་མར་མེ་ལ་མཆོང་པ་དང་འདྲ་སྟེ་དོན་མེད།
2、进入佛门后置身于俗家琐事,如同飞蛾扑火,无有实义。
༣༽དད་མེད་ཆོས་མཛད་ཀྱི་དྲུང་ན་གནས་པ་ནི་རྒྱ་མཚོའི་འགྲམ་དུ་སྐོམ་གྲིར་ཤི་བ་དང་འདྲ་སྟེ་དོན་མེད།
3、无有信心住于善知识前,如同身处海边而渴死,无有实义。
༤༽རྩ་བ་བཞི་དང་བདག་ཏུ་འཛིན་པའི་གཉེན་པོར་མ་སོང་བའི་ཆོས་ནི་སྟ་རེ་དང་སྡོང་པོ་ལྷན་ཅིག་ཏུ་བཞག་པ་དང་འདྲ་སྟེ་དོན་མེད།
4、不成为四种根本罪与我执之对治的法,如同斧头与木材放在一起,无有实义。
༥༽ཉོན་མོངས་ཀྱི་གཉེན་པོར་མ་སོང་བའི་མན་ངག་ནི་ནད་པས་སྨན་རྐྱལ་ཐོགས་པ་དང་འདྲ་སྟེ་དོན་མེད།
5、不成为烦恼之对治的窍诀,如同病人只拿着药袋,无有实义。
༦༽རྒྱུད་ཐོག་ཏུ་མ་ཁེལ་བའི་ཐ་སྙད་ལ་ལྕེ་སྦྱངས་པ་ནི་ནེ་ཙོས་ཁ་ཏོན་བྱས་པ་དང་འདྲ་སྟེ་དོན་མེད།
6、没有针对心相续而一直口头空谈,如同鹦鹉学舌,无有实义。
༧༽རྐུ་ཕྲོག་གཡོ་སྒྱུས་མ་བྱིན་པར་བླངས་ནས་སྦྱིན་པ་བྱེད་པ་ནི་སློག་པ་ཆུར་བཅུག་པ་དང་འདྲ་སྟེ་དོན་མེད།
7、以偷盗强抢诈骗进行不予取来作布施,如同将皮袄泡在水里,无有实义。
༨༽སེམས་ཅན་ལ་གནོད་པ་བསྐྱལ་ནས་དཀོན་མཆོག་མཆོད་པ་ནི་བུའི་ཤ་བཅད་ནས་མ་ལ་སྟེར་བ་དང་འདྲ་སྟེ་དོན་མེད།
8、以加害众生来供养三宝,如同割儿子的肉给母亲,无有实义。
༩༽ཚེ་འདིའི་རང་འདོད་ཀྱི་ཕྱིར་ཚུལ་འཆོས་དང་བཟོད་པ་དང་དུ་ལེན་པ་ནི་བྱི་ལས་བྱི་བ་ལ་འཇབ་པ་དང་འདྲ་སྟེ་དོན་མེད།
9、为了今生的一己私欲而道貌岸然、忍辱负重,如同猫潜伏杀老鼠,无有实义。
༡༠༽ཚེ་འདིའི་གྲགས་སྙན་དང་བསྙེན་བཀུར་འདོད་པས་དགེ་བ་རླབས་ཆེན་བྱེད་པ་ནི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བིལ་བ་རྡོག་པོ་གཅིག་གམ། སྤང་ཟན་རྡོག་པོ་གཅིག་གམ། ཟན་རྡོག་པོ་གཅིག་དང་བརྗེས་པ་དང་འདྲ་སྟེ་དོན་མེད།
10、贪图现世的名闻利养而行广大善法,如同用如意宝珠换一个小葫芦或一团食物,无有实义。
༡༡༽མང་དུ་ཐོས་ཀྱང་རང་རྒྱུད་སྦྲམ་བོར་ལུས་པ་ནི་སྨན་པ་གཅོང་ནད་ཀྱིས་ཟིན་པ་དང་འདྲ་སྟེ་དོན་མེད་པ་འདྲ་སྟེ་དོན་མེད།
11、虽然多闻但自相续处于平庸状态,如同医生罹患痼疾,无有实义。
༡༢༽གདམས་ངག་མཁས་པ་ཉམས་མྱོང་མེད་པ་ནི་ཕྱུག་པོའི་བང་མཛོད་ཀྱི་ལྡེ་མིག་མེད་པ་དང་འདྲ་སྟེ་དོན་མེད།
12、精通教言却无有觉受境界,如同富人无有仓库钥匙,无有实义。
༡༣༽རང་གིས་ཆོས་ཀྱི་དོན་མ་རྟོགས་པར་གཞན་ལ་བཤད་པ་ནི་ལོང་བས་ལོང་བ་ཁྲིད་པ་དང་འདྲ་སྟེ་དོན་མེད།
13、自己不了悟法义却为别人宣讲,如同盲人导盲,无有实义。
༡༤༽ ཐབས་ལས་བྱུང་བའི་ཉམས་མྱོང་ལ་མཆོག་ཏུ་བཟུང་ནས་གནས་ལུགས་ཀྱི་དོན་མི་འཚོལ་བ་ནི་ར་གལ་ལ་གསེར་དུ་འཛིན་པ་དང་འདྲ་སྟེ་དོན་མེད།
14、将方便生的领受执为殊胜境界而不寻求实相义,如同将黄铜当成黄金,无有实义。


发布     👍 0 举报 写留言 🖊   
✋热门推荐
  • 报告发现,共享电单车能够满足不同类型居民的基本出行需求,有助于县城基本公共服务均等化;同时能够在县城实现全日多个时段的高效利用,有助于增强新城与老城之间的联系,
  •   不放逸最胜,  放逸为不善;  不放逸得乐,  放逸常受苦。  放逸生死本,  谨慎是胜道,  是故舍放逸,  常得受天乐。
  • 但是会因为自己的性格上的缺点,比如霸道,脾气大,以自我为中心,记仇等这些问题而限制自己的发展。三、比劫旺透而无官星制者适宜从事自由职业:比劫旺透者,比较喜欢广结
  • #偶爱你母婴植萃洗衣凝珠# 我的评分:[星星][星星][星星][星星][星星]#微博0元试用##偶爱你# 一直是偶爱你的忠实粉,全系列基本都用过,四季、奶、海洋
  • 前面所学的那些知解,对于事物表相的那些认识、认知,我都放下了,这是所谓的“狂心顿歇,歇即菩提”。所以说实相般若是禅的本体,是无所得的根本智,也就是涅槃妙心,也就
  • 实际上我是想说给那个男护士听的,虽然新护士需要练手,但我实在不想让我家的去练手[允悲]最后一针搞定了,悬着的心终于落下来了……不过我真的要吐槽一下,那个男护士做
  • 北京外国语大学英语学院研究生会成功开展植树节活动一年一度的植树节又到了,为了提高大家的环保意识,倡导绿色低碳生活,北京外国语大学英语学院研究生会成功开展植树节系
  • “考证大军”也要清楚地认识到职业技能等级证书是用人单位对从业人员的专业能力进行评价的参考,而并非所谓的“官方权威认证”也非职业准入资格证书。职业技能等级证书由
  • 到官帽山下—赏星星,到刘家嶂古村—忆故人,到神树沟—祈福,感受苍儿会森林漂流,品东岩寺的艺术之美,到国际标准高尔夫球场打一场球,品味当地野味,吃农家饭,睡农家炕
  • 深圳罗奇lq网络运营偏多的一位医生,风格大胆变化也很明显,可要求保留自然转角,下颌角做的多点,咬肌去除也比较干净,手术是采用局麻方式———广东轮廓的功课:于国东
  • 其次,要吃富含维生素的食物,尤其是维生素A的食物要多吃,猪肝、胡萝卜、蛋黄等,以纠正毛囊皮脂角化异常,防止毛囊堵塞。避免高碘饮食很重要,因为这类食物会使毛囊角化
  • 微博头条七日 大马创作歌手林友斌 在他的官方IG 宣布 踢出友哥探险记 第一季第二季友哥探险记成员 Steven 伟杰 正式被友哥探险记封杀 此前传出他欠钱不还
  • 【黔西南勘探出深达636米#洞穴# 垂直深度居中国第10位】[赞]  3月8日至11日,来自黔西南、湖南、四川、广东、重庆各支队的中国喀斯特洞穴联盟探洞队伍以及
  • #围棋#下一代能源代替的激烈竞争中,丰田汽车在想什么トヨタ自動車の豊田章男社長はレースに参加した岡山県内のサーキットで、「敵は炭素であり、内燃機関ではない」と語
  • 我们在当今社会,因为饮食作息不规律,多食高脂,高盐,高热量食材,并且大多食材为追求美味,都含有大量不利于健康的各种添加剂,极大的伤害的了我们每个人的身体,我们每
  • “Qualquer dia~Tens”:这首歌致敬了Nujabes的Luv sic(Pt.2),由吉他演绎原版的钢琴采样,乐器虽然不同却充分演绎了原作,加入了新
  • (00后的大人们,已经看不懂了[呲牙])当然,除此之外,这部包揽我们儿时欢乐的电影中,还有很多经典台词,如今看来,意义深刻,我先来两句:“ 我可以负责任的告诉
  • 辅导过程中,两位老师的用他们专业的知识对这两位学生进行深入剖析,并用耐心、同理心对孩子进行疏导。在全体师生欢迎的掌声中,吴巧老师播放轻音乐,对孩子们进行心理减压
  • 日常1 今早出望岗地铁站 门口有个摩的佬 叫了声姑娘终于不是千篇一律的美女啦 每次摩的佬叫美女 我只想说 别喊了 丑女不坐哈哈哈 有需要我会说的一天之中 我最喜
  • #今日手机壁纸分享##我们一起守沪#【他们全力守“沪”——#援沪医疗队速写#】5月伊始,上海疫情防控形势稳中向好、疫情得到有效控制。日夜兼程 为上海做“体检”一