࿐མཆོག་སྤྲུལ་ཟླ་བ་དཀར་པོའི་མཛུམ་ཞལ་དེ།།མཁའ་དབྱིངས་རྒྱུ་སྐར་ཁྲོད་ན་རྒྱུ་བའི་ཚེ།།ལོ་དགུ་ཁོག་ཏུ་ཞུགས་པའི་ན་ཟུག་དེ།།སེལ་བའི་རེ་བ་ཡོད་ཅེས་བདག་གིས་སྨྲ།།
࿐དཀར་གསལ་གྱི་ཟླ་བ་སུ་ལ་ཡང་མི་སྐྲག་ཅིང་མི་འཇིགས། ཀུ་མོད་གྱི་དོན་དུ་ས་གཞི་རི་མོར་བསྐོར་བ་བསྐྱོན་གནང་། དྲི་རྟགས་དང་འཆར་ཡན་གྱིས་ཁེངས་པའི་ས་གཞི་རི་མོའི་ཆེས་མཛེས་སྡུག་ལྡན་པའི་མཚན་ལྗོངས་ཀྱི་མཛེས་རྒྱན་བྱེད་པོ་མཆོག ཁྱེད་ཀྱི་ཚེ་སྲོག་དང་ལང་ཚོ་ནི་བདག་ཅག་ཏུ་ཟད་གནང་ལ། བདག་ཚོགས་ཀུ་མུད་ཀྱིས་ནམ་ཡང་གོང་དུ་བཀུར་སྟི་དང་བཀུར་གཟོ་ཞུ་ཡུལ། དད་གུས་སམ་དད་སེམས་ཀྱི་མཚོ་མོ་འཕྱུར་ཡུལ་གྱི་དཀར་གསལ་ཟླ་བ་དེ་ཡིན་ལ་ནམ་ཡང་དམིགས་སུ་འཛིན་པའི་རྒྱུ་དཀར་གྱི་རྒྱལ་པོ་ཡང་ཡིན།
࿐དེ་རིང་ནི་བོད་ཟླ་དགུ་པའི་ཚེས་ཉེར་དྲུག་དང་རྒྱ་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་སྟེ་འཛམ་གླིང་གི་དཀར་ཟས་ཉིན་མོ་ཉིད་དུ་བཞེད་ལ་ ༡༩༨༦ ལོ་ནས་འགོ་བཙུགས་ཤིང་ཡོངས་ཁུངས་རྒྱ་གར་གྱི་དུས་ཆེན་ཞིག་ལ་བརྟེན་ནས་བྱུང་ཞེས་གྲགས། མིང་དུ་འཛམ་གླིང་ཤ་མེད་ཉིན་མོ་ཞེས་འབོད་ཅིང་དུས་ཚོད་སྤྱི་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔ་ལ་གཏན་ཁེལ་བྱས། འདིའི་ཉིན་འཛམ་གླིང་གི་ཕྱོགས་སོ་སོ་ན་རང་ནུས་གང་ཡོད་ཀྱིས་སེམས་ཅན་ཡོད་ཚད་ཀྱི་ཚབ་བྱས་ནས་ཤ་མི་གསོལ་མཁན་ལ་བཀའ་དྲིན་ཞུ་བ་དང་རང་གིས་མི་ཟ་བར་དམ་བཅའ་བ་རེད། དེ་དུས་མི་ཁྲི་དགུ་བརྒྱ་ལྔ་བཅུ་ལྷག་ལ་ཡིད་འགུལ་ཐེབས་ནས་ཡི་རང་དང་མཉམ་དུ་ལས་འགུལ་ལ་ཞུགས་སོ།།
དེས་ན་ཞི་བདེ་དང་འདྲ་མཉམ་ལ་རེ་བའི་མི་ཞིག་ཡིན་ན་བསམ་བཞིན་དུ་ཉམ་ཆུང་དུད་འགྲོའི་ཚེ་སྲོག་འཕྲོག་པའི་ཤ་ཁྲག་གི་ཁ་ཟས་ཟ་བར་ཅིས་ཕྱིར་རུང་ངམ། སེམས་ཅན་གྱི་སྲོག་ལ་གནོད་པ་བྱས་པ་ལས་ལྷག་པའི་གནོད་པ་བྱེད་ཚུལ་ཞིག་འཇིག་རྟེན་ན་མེད་པའི་ཕྱིར་དང་། དངོས་གནས་ལས་འབྲས་ལ་ཡིད་ཆེས་པ་དང་། སེམས་ཅན་ལ་སྙིང་བརྩེ་བས་དོན་འདི་ལ་བསམ་བཞེས་གནང་རོགས་ཞུ།

✋热门推荐