༄༅།།ཀཿཐོག་རྨོག་རྩ་རིན་པོ་ཆེ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱི་མྱུར་འབྱོན་ཐུགས་དམ་བསྐུལ་བའི་གསོལ་འདེབས་བཞུགས།

།ཨོཾ་སྭ་སྟི།
རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །
སངས་རྒྱས་ཆོས་དང་འཕགས་པའི་ཚོགས་རྣམས་དང་། །
རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་རྣམས་ཀྱིས། །
ཐུགས་དམ་རྗེས་སུ་བསྐུལ་ཞིང་མྱུར་འགྲུབ་མཛོད། །

རྒྱལ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི། །
བསྟན་འཛིན་ཀཿཐོག་རྨོག་རྩ་རིན་པོ་ཆེ། །
འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བ་ཁྱོད། །
ཐུགས་དམ་རྗེས་སུ་བསྐུལ་ལོ་དབྱིངས་ནས་བཞེངས། །

མགོན་ཁྱོད་ཞི་བའི་དབྱིངས་སུ་མ་བཞུགས་པར། །
གདུལ་བྱའི་དོན་ལས་དགོངས་པ་མི་གཡེལ་བར། །
རྨད་བྱུང་ཐུགས་བསྐྱེད་ངོ་མཚར་ལྟས་དང་བཅས། །
སྤྲུལ་པའི་ཉིན་བྱེད་མྱུར་དུ་འཆར་བར་མཛོད། །

མི་ཤེས་མུན་པར་འཕྱན་པའི་སེམས་ཅན་དང་། །
བསྟན་པའི་མངའ་ཐང་རྒུད་པའི་སྨག་རུམ་འདི། །
ཐུགས་བསྐྱེད་ཉིན་བྱེད་དབང་པོའི་སྣང་བ་ཡིས། །
དབུགས་འབྱིན་མཆོག་གི་སྤྲུལ་སྐུ་སྣང་མཛད་གསོལ། །

སྐྱབས་གནས་རྒྱལ་བ་རྒྱ་མཚོའི་བྱིན་མཐུ་དང་། །
སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་ཟབ་མོའི་མཐུས། །
བདག་ཅག་དད་ལྡན་སློབ་མས་གསོལ་བཏབ་བཞིན། །
སྤྲུལ་གཞིའི་ཟློས་གར་མྱུར་དུ་འཆར་གྱུར་ཅིག །

ཅེས་པ་འདིའང་གང་དེའི་ཉེ་གནས་རྣམས་ཀྱིས་བསྟུད་མར་བསྐུལ་བ་བཞིན་རྫོང་སར་འཇམ་དབྱངས་མཁྱེན་བརྩེ་ཐུབ་བསྟན་ཆོས་ཀྱི་རྒྱ་མཚོས་རབ་བྱུང་བཅུ་བདུན་པའི་ཆུ་སྟག་ཟླ་བ་༧ པའི་ཚེས༢༧ ཉིན་སྨོན་པ་དོན་དང་ལྡན་པར་གྱུར་ཅིག། །།

༄༅། །ཀ་ཕྲེང་རྫོགས་ལྡན་གསར་བའི་སྙན་གླུ།


དྷཱིཿ ཚ། རྨོག་རུ་སངས་རྒྱས་རྒྱ་མཚོ།
ཀ༵་ཏན་ངང་དཀར་བྱིན་རླབས་ཀུན་ཆགས་དག་ལྡན་མཛེས་སྡུག་སེམས་ངོས་སུ།།
ཁ༵་སེམས་ཀུན་མཐུན་མི་ཕྱེད་ཚིག་ཕྲེང་བློ་ལྡན་གཞོན་ནུའི་མགུལ་རྒྱན་གྱིས།།
ག༵་ལེར་སྤྲོ་སྐྱིད་རྫོགས་ལྡན་དུས་གསར་སྙན་པའི་དྲུག་འགྱུར་བང་རྩལ་ཉིད།།
ང༵་རོའི་ཟིལ་གནོན་ཤུགས་དང་སྒྲོག་པས་ས་ཆེན་ཁམས་ལ་ཤིས་པས་བཀླུབས།།
ཅ༵་ག་དག་པོའི་གངས་ལྗོངས་སྐད་ཡིག་སྡེབ་ལེགས་སྨྱུག་རྩལ་ཁྲོད་དུ་བསྟར།།
ཆ༵་ཤས་ལས་གྲུབ་ཚིག་གི་ཚོགས་པས་དུས་གསར་དཔྱིད་ཀྱི་ལང་ཚོ་སྤུད།།
ཇ༵་ཐུད་མར་གསུམ་འཚོ་བའི་མཐུན་རྐྱེན་འབད་མེད་འདུ་བའི་དུས་གསར་འདི།།
ཉ༵་གང་ཟླ་བའི་ལང་ཚོའི་དཔལ་བཞིན་ཡངས་པོའི་འཇིག་རྟེན་ཁམས་ལ་ཁྱབ།།
ཏ༵་ཀུ་ཐོགས་པའི་རྒན་པའི་ཚོགས་ཀྱང་མཁོས་ཕབ་བག་ཡངས་ཁམས་ལ་རྩེན།།
ཐ༵་ཤལ་སྙིགས་མའི་རང་འཚང་རྒོད་ཀྱང་རྫོགས་ལྡན་དུས་ཀྱི་ཡོ་ལང་རྒྱས།།
ད༵་ལྟའི་ཚན་རྩལ་འགྲོས་མགྱོགས་ཤུགས་ཀྱིས་རྒྱལ་ཁམས་ལྟད་མོ་ཅིག་ཅར་མཐོང་།།
ན༵་ཚོད་སྨིན་པའི་གཞོན་ནུའི་ཚོགས་ཀྱང་སྤྲོ་དགའི་དཔལ་ལ་གཅིག་ཏུ་འདུ།།
པ༵་ར་མི་ཏའི་བསུང་ཞིམ་བཅུད་ཀྱིས་དབང་ལྡན་ལྕེ་སོགས་རབ་མྱོས་ནས།།
ཕ༵་སྐད་སྨྲ་བའི་ལྕེ་རྐན་རྒོད་པོས་སྲོལ་རྒྱུན་རིག་གཞུང་ཆེར་བསྔགས་པ།།
བ༵་ཀུ་ལ་བཞིན་མཛེས་པའི་ཉམས་ཀྱིས་གཞན་རིགས་འགྲམ་ཆུ་ལྡང་བ་འདིས།།
མ༵་འོངས་རྣམ་དག་གངས་ལྗོངས་ཡུལ་གྱི་ཆོས་རིག་འཕེལ་བའི་རྟགས་མཚན་ལགས།།
ཙ༵་ག་ཙིག་གེའི་ནོར་འཁྲུལ་བྱུང་ཡང་སུས་ཀྱང་སྐྱོན་གཞིར་མ་བཟུང་བར།།
ཚ༵་གྲང་ལ་སོགས་དཀའ་བ་བསད་ནས་སྡུག་རུས་ཆེན་པོས་དང་བླངས་ན།།
ཛ༵་དྲག་དུས་ཀྱི་མི་མཐུན་རྒུད་པའི་རྩ་བ་ཐམས་ཅད་སུན་འཕྱུང་ནས།།
ཝ༵་ཅན་གཡོ་སྒྱུའི་ངན་ངོན་སྤྱོད་པ་འདི་དང་གཏན་དུ་གྱེས་པར་སླ།།
ཞ༵་ཐུལ་བཟུང་ནས་རང་གི་ལུགས་ཀྱིས་ཆོས་རིག་རྣམ་དཔྱོད་འཚོལ་འདི་རེམ།།
ཟ༵་འོག་གོས་ཀྱི་འཛོལ་མེད་རི་མོས་དུས་བཞིའི་གཟི་དཔལ་རྒྱས་གྱུར་ཅིང་།།
འ༵་འུར་བྱེད་པའི་ཕུང་ཀྲོལ་ལས་ཀྱི་སྒྲོག་ངན་ཚིག་ཀྱལ་སྤོངས་ཐབས་སུ།།
ཡ༵་ཡའི་ཚིག་འཇམ་ལགས་སོ་སྐད་ཀྱིས་ཕྱི་སྤྱོད་ཀུན་ཏུ་མཛེས་པའང་ལེགས།།
ར༵་མ་ལུག་གི་ཕྱི་ནང་གཉིས་ཀས་རང་གཞན་ཀུན་པོ་ཐལ་བརླགས་ན།།
ལ༵་ལུང་ཀུན་དུ་རྒུད་པའི་རང་བཞིན་འཇིག་རྟེན་ཡོངས་ལ་ཁྱབ་གྱུར་བས།།
ཤ༵་རྗེན་སྨྲ་བའི་བདེན་གསུངས་ལུང་རིགས་དབྱར་སྐྱེས་དྲུག་འགྱུར་སྙན་དབྱངས་འདིས།།
ས༵་བདག་ཀླུ་གཉན་འཁོར་ཚོགས་ཀུན་གྱིས་ཕྱྭ་གཡང་ཤིས་པའི་ཚོགས་ཞུས་ནས།།
ཧ༵་ལམ་ཆོད་པའི་གོ་ལ་ཟླུམ་པོར་ཞི་འཇགས་ལྷོད་པོའི་བདེ་བསྩལ་ཏེ།།
ཨ༵་ཡིག་ཡིག་འབྲུའི་མཆོག་གི་དངོས་གྲུབ་འཛམ་གླིང་ཁམས་ལ་ཁྱབ་པར་ཤོག།། https://t.cn/A65zl6jv

༄༅། །ཧྲཱིཿ ཚངས་པའི་ཡིད་ཀྱི་སྲས་མོ་ནི། །རོལ་བའི་མཚོ་ཆེན་ལས་བྱུང་བ། །ཟླ་ལྟར་དཀར་བའི་ཞལ་མངའ་མ། །དབྱངས་ཅན་ལྷ་མོར་ཕྱག་འཚལ་བསྟོད། །རིག་བྱེད་གསང་ཚིག་འཛད་མེད་གཏེར། །དེ་བཞིན་གཤེགས་གསུང་ཆོས་ཕུང་ཆེ། །འཆི་མེད་ལམ་ཡང་མཐར་ཁྱབ་བྱེད། །དབྱངས་ཀྱི་ལྷ་མོར་གུས་པས་འདུད། །ཏམ་བུ་ར་ལ་འཁྱུད་བྱས་ཏེ། །སོར་རྩེས་དལ་གྱིས་བསྒྲེངས་བ་ཡིས། །འཇིག་རྟེན་འདས་དང་མ་འདས་ཀུན། །ཡིད་ཀྱི་བརྟན་པ་འཕྲོག་ལ་འདུད། །ངེས་དོན་ཤེས་རབ་ཕ་རོལ་ཕྱིན། །རྣམ་པ་ལྷ་མོའི་གཟུགས་སུ་བསྒྱུར། །ངོ་མཚར་སྒྱུ་འཕྲུལ་བསམ་མི་ཁྱབ། །ས་བཅུ་དབང་ཕྱུག་ཆེན་མོར་འདུད། །དེ་བཞིན་གཤེགས་ཀུན་རྗེས་ཆགས་ཀྱིས། །ཡེ་ཤེས་སྤྱན་གྱིས་ཟུར་མདའ་གཡོ། །སྙོམས་ཞུགས་བདེ་ཆེན་མཆོད་སྤྲིན་བསྟོད། །དགྱེས་ཡུམ་ཆེན་མོར་གུས་པས་འདུད། །བློ་ལྡན་གང་གི་མགྲིན་སྙིང་ལ། །ཞུགས་པ་དེ་ཡི་མོད་ཉིད་དུ། །སྨྲ་བའི་དབང་ཕྱུག་ཆེན་པོར་བསྒྱུར། །བློ་གྲོས་མཆོག་སྩོལ་མ་ལ་འདུད། །དེ་ལྟར་བསྟོད་པའི་བྱིན་རླབས་ཀྱིས། །བདག་ཡིད་དད་པའི་འོ་མཚོར་རུ། །བཞུགས་ནས་མཁྱེན་གཉིས་ཡེ་ཤེས་ཀྱི། །སྣང་བ་ཆེན་པོ་སྩལ་དུ་གསོལ། །
ཨོཾ་པི་ཙུ་པི་ཙུ་པྲ་ཛྙཱ་ཝརྡྷ་ནི། ཛྭ་ལ་ཛྭ་ལ་མེ་དྷི་ཝརྡྷ་ནི། དྷི་རི་དྷི་རི་བུདྡྷི་ཝརྡྷ་ནི་སྭཱ་ཧཱ། ། ཞེས་བཟླས་བློ་གྲོས་འཕེལ་བ་བྱེད། །
ཅེས་པའང་རྗེ་དབོན་བསམ་གཏན་སྤྲུལ་སྐུ་རིན་པོ་ཆེས་རྟེན་བཅས་གསུང་གིས་བསྐུལ་ངོར་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ནས་དཔལ་སྤུངས་ཡིད་དགའ་ཆོས་འཛིན་དབྱངས་ཅན་གྲུབ་པའི་དགའ་ཚལ་དུ་བྲིས་པ་དགེ་ལེགས་འཕེལ།


发布     👍 0 举报 写留言 🖊   
✋热门推荐
  • 南无莲池海会佛菩萨(三称三拜)南无本师释迦牟尼佛{三称)【开经偈】无上甚深微妙法,百千万劫难遭遇,我今见闻得受持,愿解如来真实义【佛说阿弥陀经】姚秦三藏法师鸠摩
  • 我认识他那天下午手机被偷了 当时和我朋友走在路上,感觉背后有什么东西窜来窜去的,我朋友尖叫一声:有狗!后来在想换吗,根本舍不得换,才几天已经有感情了,虽然他臭臭
  • #盗取天机##折叠屏是手机行业救命稻草吗# #三铜钱佛教语录[超话]#极度清醒的释怀文案/朋友圈文案[心]❶没有女人会在选择六套房的时候去选择六块腹肌❷人性的背
  • 近期的生活碎片 临近期末 课变得很少 太阳也很大 微信步数长居三位数 突然爱上了三明治 金枪鱼 酸奶 这些我从来不喜欢的食物 我可能被夺舍了 也许是被CL 找到
  • #luca# #mysta新春# #彩虹社# 出咪指偶 想要用mysta指偶&淘寶新春立牌換圖3任意一樣東西 ,我不貼錢,運費各自付,看清楚再來私訊我,不要一直
  • ​请了三天假,说是为了补课(是真的),更多的是为了把我自己的时间还给我自己,在请假的这几天没人管我,除了我自己想和是有岔开时间出行之外也没有太多限制,我好像能感
  • 我认为人们感受到了我总是(对这份工作)付出一切,这也让我的角色变得有辨识度。我认为人们感受到了我总是(对这份工作)付出一切,这也让我的角色变得有辨识度。
  • #国货之光##百雀羚# 宝藏国货护肤百雀羚❤️ 为国货打call cal最近很火的一部电视剧《有翡》真的好上头啊 王一博在里面饰演谢允这个角色真的是绝美呀[憧憬
  • 《沈星然陆斯衍》沈星然陆斯衍(全文阅读笔趣阁)《沈星然陆斯衍》[微风]732TF5HF0y[酷] ‼搜索‼蚣/众/呺❗爱阅读屋❗回一个主角名即可! 书名/主角:
  • [doge][doge] 真的好看 !茫茫人海,凭你的名字导航;凄凄寒夜,握你的名字取暖;漫漫人生,携你的名字同游。
  • 5、无锡振华:拟5000万-1亿元回购公司股份。2、汇洲智能:深圳中奇计划减持不超过0.9608%。
  • 今年4月18日,宁德时代正式发布“零碳战略”——2025年实现核心运营碳中和,2035年实现价值链碳中和,致力于成为第一家实现碳中和的全球头部电池企业。【容百科
  • 《林月姝顾思渡》林月姝顾思渡(全文阅读笔趣阁)《林月姝顾思渡》[鲜花][疑问]=n7|RW)a ‼搜索‼蚣/众/呺❗爱阅读屋❗回一个主角名即可! 书名/主角:《
  • 《宋玉茵严叡》宋玉茵严叡(全文阅读笔趣阁)《宋玉茵严叡》[偷笑]332olwlY1K[awsl] ‼搜索‼蚣/众/呺❗爱阅读屋❗回一个主角名即可! 书名/主角:
  • (图文为第一天买到了我的人生之杯[全力以赴]#崔然竣0913生日快乐# 无论站在台下 或是屏幕前 都能感受到你对舞台的热情像是要耗尽自己的生命 还是直接站在台下
  • 于是店员知道了,一定不要让客人看到香蕉的外表,他举一反三,通过烤香蕉的方式,成功的把全部香蕉卖了出去。遇到困难的时候没有必要太过于焦虑,一次的失败,并不意味着永
  • 可能有网友觉得老陈挺委屈的,但是你要知道,没有市场就没有伤害,正是因为有了老陈这样的人,所以很多人才会去抓捕濒临灭绝的动物赚钱。 1、老陈说自己买鹦鹉之前,不
  • #随便拍拍周末去吃鲜芋仙结果又倒闭了…我身上有buff是不是…转头去吃dq嘿嘿上班遇到了很好的老师[彩虹屁]请我吃好吃的面包 昨天书籍不在我俩在办公室聊了一下午
  • 河南省尉氏县发生的事情,让人们心寒,无助的呻吟声声不断,腐败的官员们视若不见,合理合法权益被腐败的官员们侵犯,竟然让我们权益人被折磨数十年不能维权,46份判决裁
  • 眼里容得下别人的人,才能让人容得下他;懂得尊重别人的人才能得到别人的尊重;柔和待人的心态常伴让自己处处祥和。眼里容得下别人的人,才能让人容得下他;懂得尊重别人的