《ཁེར་བཤད་ས་བེ་སིབ་བེ།》


གཅིག་བྱས་ན་འགྲིག་མིན་ཡང་མི་ཤེས་ལ། ཡང་མིན་ན་འགྲིག་ཁོ་ཐག་ཀྱང་ཡིན་པའི་མི་ཚེའི་གདམ་ག་འདིར་འཇུས་ཤིང་། གདམ་ག་དེའི་དོན་དུ་རང་གི་ཁམས་དང་འབྱུང་བར་གཏན་ནས་མི་འཕྲོད་པའི་ས་ཆ་འདི་ནས། མི་ཚེའི་རི་མོ་གང་འཚམས་བྲིས་ཟིན་པའི་དེ་རིང་ཕྱིར་མདང་ཞིག་རྒྱག་ན། ཆེས་དགའ་འོས་པའི་དོན་དག་འདི་སྒྲུབ་ཡོད་ཅེས་ཚོད་ཐིག་པོ་ཞིག་ཏན་ཏན་འཇོག་རྒྱུ་མེད་པར་འདྲ་ཞིང་། གལ་སྲིད་ངེས་པར་མཚན་གཞི་ཞིག་འཇོག་དགོས་ཚེ། སློབ་གླིང་གི་ཆོས་མཚམས་དང་བསྟུན་ནས་ཕ་ཡུལ་དུ་ཕ་མ་ལ་སྐོར་རྒྱག་ཏུ་སོང་བ་དང་། ཁོང་རྣམ་གཉིས་ལ་གསོལ་ཚིགས་རེ་འབུལ་བ། སྙིང་ཉེ་བའི་ནུ་བོ་དང་ཚ་བོ་དག་ལ་རྩེ་རོགས་བྱས་པ་དེ་རང་ཡིན་པར་འདྲ། དེའི་རྒྱུ་མཚན་ནི་ལས་ཀ་དེ་ཁོ་ན་སླད་མ་ཞུགས་པའི་མེ་ཏོག་ཅིག་དང་མཚུངས་པས་ཡིན། གཞན་གཞུང་ལུགས་ལ་ཐོས་བསམ་བྱས་པ། བཤེས་གཉེན་བསྟེན་པ། ཚོགས་ཆོས་གྲྭར་འགྲིམ་པ་སོགས་ནི་གལ་ཆེན་དོན་ཆེན་ལོས་ཡིན་ཏེ། སླད་མ་འདྲེས་པ་ཞིག་ནི་ཧ་ལམ་མི་འདུག

འདིར་སླད་ཞུགས་ཟེར་བའང་བདེན་ཞེན་གྱིས་སླད་པ་ལྟ་བུའི་ཟབ་ས་ཕྲ་ས་ཞིག་ནས་བཤད་ཀྱིན་མེད་པར། ཧ་ཅང་རགས་པ་སྟེ་དཔེར་ན་འཇིག་རྟེན་ཆོས་བརྒྱད་ལ་དཀར་ནག་ཕྲ་གསུམ་ཕྱེས་པའི་ནག་པོ་ལྟ་བུ་ལ་ཟེར་གྱིན་ཡོད།


ཉེར་སྔོན་ཆོས་གྲོགས་གཉིས་དང་མཉམ་པོར་གུང་སེང་སྐབས་དང་བསྟུན་སྔ་འགྱུར་རྙིང་མའི་གདན་ས་དྲུག་གི་ཡ་གྱལ། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ན་དཔེ་ཁྲིད་གནང་བཞིན་པའི་དགེ་རྒན་རྡེའུ་འབུམ་ལ་མཇལ་དུ་སོང་། ཁོང་མ་ཡུམ་སློབ་གླིང་དུ་བཞུགས་སྐབས་ང་ཚོར་དཔེ་ཁྲིད་གནང་ཞིང་། དེའི་ཞོར་དུ་དཔེ་ཀློག་གི་ཉམས་མྱོང་དང་། ལོ་རྒྱུས་ལ་བློ་མིག་འཕེན་སྟངས། སྙན་ངག་ལ་བློས་སྦྱོང་བྱེད་ལུགས། འཇིག་རྟེན་གྱི་བྱ་དངོས་ལ་ཉེ་བར་བཅར་ཚུལ། ཚོར་བ་སྐྱེན་པའི་སྒོས་འཇིག་རྟེན་གྱི་ཟབ་ས་ནས་རོལ་མྱོང་བྱེད་ལུགས་སོགས་མི་ཚེའི་ཁ་ཕྱོགས་ཡང་ཡང་བསྟན་མྱོང་ཞིང་། ཁོང་དང་འགྲོགས་ཐེངས་རེ་རེར་ཁོང་གི་འཇིག་རྟེན་ལྟ་ཚུལ། གུ་ཡངས་ཀྱི་གཤིས་ཀ། ཐུགས་གཤིས་བག་ཕེབས་པོ་སོགས་ལས་ཁོ་བོ་ལ་ཟད་མི་ཤེས་པའི་དགའ་བ་དང་སྤོབས་པ་སྩོལ་ཡོང་། དེ་བས་ཁོང་ནི་ངའི་མི་ཚེ་ལ་འོད་སྣང་སྡུད་པའི་སྐར་མ་འོད་ཆེན་ཉུང་ཤས་ནང་གི་གཅིག་ཡིན།


ད་ཐེངས་དགེ་རྒན་ལ་སྐོར་རྒྱག་ཏུ་སོང་བ་ནི། ལོ་གཅིག་ཙམ་ལ་མ་ཐུག་པའི་ཐུག་འཕྲད་ཅིག་ཡིན་ལ། དགེ་རྒན་མཇལ་བ་དང་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་ཡིད་སེམས་བློང་བློང་བོར་གྱུར་ཅིང་། ཅུང་ཙམ་ནས་སེམས་པ་ཧ་ཅང་སྐྱིད་པའི་ཚོར་བ་བྱུང་མོད་ཚོར་བ་འདི་འདི་འདྲ་ཞིག་རེད་ཅེས་ཤོད་དཀའ་བར་འདུག དེ་ནུབ་དགེ་རྒན་ངེད་ཚོ་པདྨའི་ཐང་གི་མཚམས་ཁང་ཞིག་ནས་བསྡད་ཅིང་། མཚམས་ཁང་དེ་ཨ་འགྱུར་སྤྲུལ་སྐུས་དགེ་རྒན་ལ་གནང་བ་ཞིག་ཡིན་འདུག ཁང་བ་དེ་ཡོད་ས་ན་མཚམས་ཁང་ཉི་ཤུ་སུམ་ཅུ་ཞིག་འདུག་ཀྱང་། སྐབས་དེ་དུས་ཁང་བ་རེ་གཉིས་མ་གཏོགས་ཚང་མའི་ནང་ན་སྡོད་མི་མི་འདུག




དགེ་རྒན་གྱིས་སྔ་ས་ནས་ངེད་ཚོ་སྣེ་ལེན་གྱི་གྲ་སྒྲིག་ཧ་ཅང་རྒྱས་པོ་གནང་འདུག་ལ། ཁོང་ཉིད་ངེད་ཚོ་དང་མཉམ་དུ་ཉིན་གཉིས་ལ་ལྗོངས་རྒྱུ་དང་སྐྱིད་པོ་གཏོང་བའི་ཐུགས་བློ་ཡང་གནང་འདུག དེ་བས་དེའི་དགོང་མོ་དུས་ཚོད་དང་པོར་མ་ཟིན་ཙམ་དུ་ཁ་བརྡ་བྱས་ནས་བསྡད་ཅིང་། རྒྱ་ཇ་ཞིམ་པོ་འགའ་རེས་མོས་ཀྱིས་སྦངས་ཞོར་སྙན་ངག་གཙོ་བོར་བྱས་པའི་ལབ་གླེང་མང་དུ་བྱས། མཚམས་ལན་རེར་གློག་གསོད་དེ་ལྷ་བྱམས་རྒྱལ་སོགས་ཀྱི་འབོལ་རྩོམ་སྒྲོག་འདོན་བྱས་པ་དེ་འདྲ་ལའང་མཉམ་རོལ་བྱས། སྤྱིར་བཏང་དུ་ང་ནི་ཇ་ཁ་ཆང་ཁར་འགྲོ་རྒྱུ་མོད་མཁན་ཞིག་ཡིན་མོད། འདི་འདྲ་སྤྲོ་བོ་བྱུང་བ་ནི་ཧ་ཅང་ཉུང་། དེའི་རྒྱུ་མཚན་ནི་དེ་ནུབ་ཀྱི་ཇ་ཁ་ནི་ཇ་ཁ་ཙམ་མིན་པར་རིན་ཐང་ལྡན་པ་དང་། ཚོར་བ་ལྡན་པའི་ཇ་ཁ་ཞིག་ཡིན་ལ། བློ་བསྐྱེད་འབེལ་བོ་དང་། ཤེས་རབ་རྙེད་པའི་ཇ་ཁ་ཞིག་ཡིན་པས་རེད།


ཕྱི་ཉིན་དགེ་རྒན་གྱི་ཐུགས་བཀོད་ལྟར། ཞོགས་པ་སྔ་མོར་ལངས་ཏེ། ཐོད་ངོས་ཀྱི་སྒྲུབ་ཁང་ཡོད་ས་དེར་སོང་།

དེར་འགྲོ་དོན་ནི། ཞོགས་པའི་ཉི་ཐིགས་ཀྱི་ཁྲུས་ལ་རོལ་བའི་རྫོགས་ཆེན་དགོན་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་ཆེད་དུ་ཡིན། ཨོ་རྒྱན་པདྨའི་གནས་མཆོག་དེ་མཇལ་བའི་མོད་ལ། སྟོད་ན་དཀར་ཞིང་འཇིང་བའི་གངས་ཀྱི་རི་བོ། བར་ན་ཚང་ཚིག་འཁྲིགས་པའི་ནགས་ཀྱི་ལྗོན་པ། ཐང་ན་བདེ་ལྡན་ཞིང་གི་བཀོད་པ་ལ་འགྲན་པའི་དགོན་པའི་ཆགས་དབྱིབས།
མདོར་ན།
ཕུ་ནས་རྫ་ཆུ་བསིལ་མའི་རང་མདངས་དྭངས་ཤིང་རང་སྒྲ་གསལ། །
གསེང་ནས་བྱ་བྱེའུ་ཚོགས་ཀྱི་འཕུར་ལྡིང་རྩེན་ཞིང་སྙན་འགྱུར་སྒྲོག།
ནང་ནས་རྣལ་འབྱོར་འབྱོར་བའི་ཡོ་བྱད་ལྡན་ཞིང་རྟོག་པ་གྲོལ། །
ཀུན་ཏུ་དགེ་ལེགས་འབྱུང་བའི་རྟགས་བལྟས་དུ་མས་མཛེས་པར་རྒྱན། །
འདི་འདྲ་བ་ཞིག་འདུག་གོ། །


མདོ་སྨད་གངས་ཀྱི་ར་བ་གསུམ་སྟེ། ཀཾ་པོ་གངས་ཀྱི་ར་བ། ཏྲེ་ཤོད་གངས་ཀྱི་ར་བ། རྫོགས་ཆེན་གངས་ཀྱི་ར་བ་གསུམ་གྱི་ནང་ཚན་རྫོགས་ཆེན་གངས་ཀྱི་ར་བ་ནས་ཕྱི་ཡི་ཡུལ་ལྗོངས། ནང་གི་ཉམས་ལེན། དགེ་རྒན་དང་ཁ་བརྡ་བྱས་པ་སོགས་མྱོང་རོལ་གྱ་ནོམ་པ་འདིས། ངའི་ལུས་སེམས་ཀྱི་བཙོག་གྲིབ་ཡོད་ཚད་སྟབས་གཅིག་ལ་འདགས་སོང་བའི་སྣང་བ་སྟེར་ཞིང་། མ་འོངས་ཀྱི་འབྱུང་འགྱུར་ཐམས་ཅད་ལ་རེ་བའི་འོད་སྣང་ཞིག་ཀྱང་ཀུན་ནས་འཕྲོས་སོང་།

( རྫ་རྡོར། ) རྡོ་རྗེ་དབང་གྲགས་ཀྱིས་བྲིས། https://t.cn/A6tCn4m0

བདག

བརྒལ་མི་ཐུབ་པའི་བྱེ་མའི་ཐང་ཆེན།
བརྟོལ་དཀའ་བའི་གངས་རིའི་མུ་འཁྱུད།
གསོལ་འདེབས་དང་རེ་བ་ཁོ་ནས།
ང་འཆི་ཆོག་ལ་བར་བདོར་འགྲིམ་ཆོག

བརྒལ་མི་ཐུབ་པའི་དྲྭ་བ་དང་དྲྭ་ཕྱེད།
བརྟོལ་མི་ཐུབ་པའི་མུན་པ་དང་མུན་ནག
སྡུག་རུས་དང་སྙིང་སྟོབས་ཁོ་ནས།
ང་འཆི་མི་ཆོག་ལ་གསོན་མི་ཉན།

བདག་ནི་བདག་གི་ཆེད་དུ་སྨྱོ་ལ་ཁད་ཅིག་ཡིན།
བདག་གི་བདག་གི་ཆེད་དུ།
འདོད་ཆགས་ཡོད། ཞེ་སྡང་ཡོད། གཏི་མུག་ཡོད། ཅེས་འདོན་བཞིན་པའི་གྲས་སུ་ཡོད་ལ།
བདག་སྟོང་པའོ། སྟོང་པའང་བདག་གོ ཟེར་བའི་སྡེ་ཚན་ཁོངས་ནའང་ཡོད་དོ།

༢༠༢༢/༡༠/༣མཚན་མོར།

སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང། །
སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །
བདེ་བ་འདོད་ཀྱང་གཏི་མུག་པས། །
རང་གི་བདེ་བ་དགྲ་ལྟར་འཇོམས། །

སྤྱོད་འཇུག་ལས། https://t.cn/EiwuDWi


发布     👍 0 举报 写留言 🖊   
✋热门推荐
  • 与之相应,设计的核心概念,是让建筑回归自然,“隐于山林,伴于湖水”>>#职场记事簿# 作为部门提倡将健康饮食贯彻到底的人,每次看到韵姐喝饮料就强烈谴
  • 我们的生命是一所房子刚开始总想着用力所能及最奢华最优雅的模样去装修装饰它从拥有一个得以独立蜗居的小屋子到拥有棟大大的可以安放满足所有爱好的,可以满足拍照及休闲的
  • 也就是说李白此次来游江夏,对比后面几次重返这里还是很开心的,既没有“崔颢题诗在上头”的郁闷,也没有送别友人的离情别绪。很遗憾,这一次李白来到江夏,并没有发生这些
  • #室内设计##艺术留学作品集##作品集代做##作品集培训#临近中秋,正所谓圆月高悬在天边,影影幢幢树梢间,老刀开启的“贺中秋”限定活动已经开始,众所周知本次活动
  • 很小众风格的一条条纹袍子「仰望冰川」森系复古,不是多么惊艳,但却异常耐看~-棉麻的面料自带垂感很有故事性,适合复古风格的穿搭~推荐本7⃣️「长夜星空」钩花马甲~
  • 多么好笑啊,招三我排四,招四我排五,同岗位通常情况,来一个免笔试就很悲催了,我这里一来来两个!也是按照时间顺序来的 慢慢发[举手]1是第一天上网课 觉得不上
  • 欠揍又搞怪的文案1.幼稚的话少说 免得太可爱2.我就是我 不一样的烟火星子3.喜欢我请扣1 不喜欢请扣眼珠子4.没什么想说的就是想发一下 告辞5.我是个感觉控
  • 那些身份低微的人是不被关注的——我们可以粗鲁地对待他们,无视他们的感受,甚至可以视之为“无物”。一个平民百姓出身的孩子,无背景,无资本,无圈子,无靠山,孤身一人
  • 65、躲起来的星星也在努力发光,你也要加油66、虽然辛苦,我还是会选择那种滚烫的人生67、我有我要赶去的远方,风雨兼程、披星戴月68、夜晚在我的枕头上沉睡,我却
  • #户外[超话]# 再忙也要捕捉快乐 爱笑的人运气永远不会差热爱世间万物 无最爱也无例外认可自己才能活得酣畅淋漓女生最美的样子,不是花枝招展,不是性感妖娆,而是面
  • 药‮的店‬钙跟‮的咱‬啥有不一样​‎ ͏ 第‮个一‬消化吸‮率收‬不一样 第二个是科‮配学‬比,缓解骨头‮解崩‬,还能促‮你进‬的钙吸收钙吃‮了多‬就很‮易容‬
  • #胡烨韬[超话]# 【线下活动名额暨活动福利】大家最关心的粉丝线下观赛名额每周都会在QQ宝藏公️耗作为福利送出~除此之外,评论留言还有机会被偶像选中在赛事现场念
  • #陈奕[超话]# #陈奕加油# 20200213 7:27 FB【陳奕 Chen I】☘️將會暫時的消失一陣子前些日子所有親朋好友的陪伴祝福都很深刻的留在心
  • 给摸来主页的小伙伴指路用的合集博,就不发在超话占用资源了,看到即是有缘。和一就是我对她是唯一,她不是,但是经常聊,什么都聊,兴趣爱好相通,但是就一见面会尴尬[失
  • 冲击啥的都很柔和悬架反馈比较痛苦的区间,是在50~70kmh这段,会突然硬气起来,冲击也尖锐了一些,舒适的座椅也救不回来的那种。开了比亚迪汉EV,四驱零百3.9
  • 茶店诚聘员工 【男兼职一名】一、 位于安北路的凤凰景强茶叶商行因业务需求,招1名男生兼职(庵埠或邻近镇人员)。电商公司招聘岗位:直播带货 职位要求:1、有直播
  • 谈及切尔西签下奥巴梅扬的可能性,本特说道:“这将是对球队的一次很好的补充,关于奥巴梅扬,我们知道的一件事是,当他去一支新的俱乐部时,他会立即就拿出好表现。但我认
  •  5月16日腾势D9开启预售至今,终于迎来上市(8月23日 )座椅布局2+2+3的七座布局专属奶爸‍神车1、DM-i超级混动版综合续航1040km,纯电续航最大
  • #周深[超话]# 8.2【抖[音乐]歌会】多人物料更新 【抖】和【抖乐】都释出了夏日歌会官宣物料米米们来多带大名ⓗⓤ动和在前排评盖❖凌晨【抖音乐】更新的官宣物
  • 我告诉你,我在南方那个小城和一帮年轻人交流,我感觉他们的状态很像我们年轻的时候。前些天在南方一个小城住了些日子,朋友要给当地事业单位的年轻人上课,我陪着她过去,