ཁྲི་བདུན་བང་སོ་གནམ་ལ་བཏབ། ལྷ་ལུས་རོ་མེད་འཇའ་ལྟར་ཡལ། ཞེས་ཟེར། ༤༠

འབྲོ་གཉན་ལྡེ་རུའི་བང་སོ་ཞང་མདར་བརྩིགས།༤༩ སྟག་རི་གཉན་གཟིགས་བང་སོ་དོན་མཁར་མདའ་རུ་བརྩིགས།༥༠ གནམ་རི་སྲོང་བཙན་མཆད་པ་དོན་མཁར་མདའ་རུ་བརྩིགས། ༥༡ སྲོང་བཙན་བང་སོ་འཕྱོང་པོའི་མདའ་རུ་རྩིགས། །ཆེ་ཆུང་ཚད་ནི་དཔག་ཆེན་མདའ་རྒྱང་གང་། །ནང་ན་ལྷ་ཁང་ལྔ་ཡང་བཞུགས་སོ་སྐད། །བང་སོ་ནང་རྒྱན་ཅན་དུ་གྲགས་པ་ཡིན། །བང་སོ་གྲུ་བཞིར་རྩིག་པ་དེ་ནས་བྱུང་། །མིང་ཡང་སྨུ་རི་སྨུག་པོ་ལགས་སོ་སྐད། །༥༦གུང་སྲོང་བང་སོ་དོན་མཁར་དའ་རུ་བརྩིགས། །གྲལ་ནི་གནམ་རི་སྲོང་བཙན་གཡོན་ན་ཡོད། །མིང་ནི་གུང་རི་གུང་ཆེན་ལགས་སོ་སྐད། །༥༦མང་སྲོང་བང་སོ་གཡོན་ན་ཡོད། །མིང་ནི་སྔོ་བཞེར་ཧྲལ་པོ་ཞེས་བྱ་ལགས། །༥༧འཕྲུལ་རྒྱལ(འདུས་སྲོང)བང་སོ་མང་སྲོང་གཡོན་ན་ཡོད། །མིང་ནི་སེང་གེ་བརྩེགས་པ་ཅན་ནོ་སྐད། །བང་སོ་འདི་ལྕགས་རིས་སྐོར་ནས་ཡོད་དེ། ཧོར་གྱི་མི་སྡེས་བརྩིགས་སྐད་དོ། །༥༨ལྗང་ཚ་ལྷ་དབོན་བང་སོ་ཡབ་ཀྱི་མདུན། ཟླུམ་པོ་དག་ཏུ་བརྩིགས་ནས་ཡོད་སྐད། ༥༩ ཨག་ཚོམ་བང་སོ་མུ་ར་རི་ལ་བརྩིགས། །གྲལ་ནི་འཕྲུལ་གྱི་རྒྱལ་པོའི་གཡོན་ན་ཡོད། །མིང་ནི་ལྷ་རི་གཙུག་ནམ་ཞེས་བྱ་ལགས། །༥༩ཁྲི་སྲོང་ལྡེ་བཙན་བང་སོ་མུ་ར་རི་ལ་བརྩིགས། །མིང་ནི་འཕྲུལ་རི་གཙུག་སྣང་བྱ་བར་བཏགས། །བང་སོ་ཕྱི་རྒྱན་ཅན་ཞེས་གྲགས་པ་ཡིན། །དེའི་ཙ་ན་རྡོ་རིངས་ཡི་གེ་གཅིག་ཀྱང་ཡོད་ཞེས(ཅེས)བཤད།༦༢མུ་ཁྲི་བཙན་པོ་སྐུ་ནར་མ་སོན་པ་ལ་ཤེགས་ཏེ་བང་སོ་མེད་དོ། །༦༣ཁུ་ཆེན་མུ་ནེ་བཙན་པོའི་བང་སོ་ནི། །ཨག་ཚོམས་བང་སོའི་གཡས་ངོས་མདུན་ན་ཡོད། །མིང་ནི་ལྷ་རི་འདེམ་བུ་ལགས་སོ་སྐད། །༦༣མུ་ཏིག་བཙན་པོའི་བང་སོ་དོན་དཀར་མདའ་ན་ཡོད། །མིང་ནི་སྐྱ་རི་སྐྱ་ལྡེམ་ལགས་སོ་སྐད། །༦༣རྒྱལ་ཆེན(ཁྲི་སྡེ་སྲོང་བཙན)བང་སོ་འཕྲུལ་རྒྱལ་མདུན་ན་ཡོད། །ཡུམ་གྱིས་ཆབ་གང་སྐོངས་པས་ནངས་ཀྱིས་མཐོང་། །མིང་ནི་རྒྱལ་ཆེན་འཕྲུལ་རི་ལགས་སོ་སྐད། །༦༤ལྷུན་རྗེ་ལྷུན་གྲུབ་ཉིས་ནི་གཞོན་ནུར་གཤེགས་པས་བང་སོ་ཡང་མེད་སྐད། ༦༤ཁུ་ཆེན་རས་པ་ཅན་གྱི་བང་སོ་ནི། །དོན་མཁར་མདའི་ཡོན་གྱི་ཕྱོགས་ན་ཡོད། །མིང་ནི་ཁྲི་སྟེངས་རྨང་རི་ལགས་སོ་སྐད། །༦༦དར་མའི་གྲལ་ནི་འཕྲུལ་དང་རྒྱལ་ཆེན་བར། དེའི་མིང་ནི་བང་རིམ་འཁོར་ལོ་ཅན་ཟེར། བརྩིགས་ཏེ་འཕྲོར་ལུས་ནས་ཡོད་སྐད། འདི་ཡར་བཅད་ལ་གདུང་རབས་བཞི་བཅུ་རྩ་གཉིས་སོང་ཟེར་རོ། །༦༧འོད་སྲུངས་གྲལ་ནི་འཕྲུལ་རྒྱལ་རྒྱབ་ན་ཡོད། །མིང་ནི་སྐྱེའུ་ལྷ་རྟེན་ལགས་སོ་སྐད། །དེ་ནས་བང་སོ་རྩིག་པ་ཡང་ནུབ་སྐད་དོ། །༦༨

སྔར་བྱས་ལས་ཀྱིས་འཕངས་པའི་མི་གཤིས་འདི།།
ཟབ་རྒྱས་མན་ངག་བཅུད་ཀྱིས་སྦང་གྱུར་ཀྱང་།།
སྐལ་བརྒྱར་རྒྱ་ཚོར་གནས་པའི་ཕ་བོང་བཞིན།
རང་བཞིན་འགྱུར་བ་ནམ་ཡང་ཡོད་རེ་སྐན།།
___ཤེས་རབ་མེ་ལྕེ་ནས་༢༠༡༩-༧-༢༨-
གདམས་ངག་མཛོད་ཀྱི་དབང་ལུང་སྐབས་རང་ལའོ།

དབྱར་གྱི་སྨིན་ལེགས་ལང་ཚོ་རྒྱས་པ་རུ།།
ལུས་སེམས་བག་ཕེབས་སྤྲོ་བསང་དཔལ་གྱིས་རོལ།།
སྐད་ཅིག་མ་བསྡད་བདུན་ཕྲག་དབྱར་སྐྱིད་རྫོགས།།
ཟག་བཅས་བདེ་སྐྱིད་འདི་ལ་ཅི་རོལ་ཡང་།།
མཐའ་མར་སྡུག་བསྔལ་འགྱུར་བའི་རྒྱུ་མིན་ནམ།།
༧/༡༡/༢༠༡༨ https://t.cn/Rp7W8xr


发布     👍 0 举报 写留言 🖊   
✋热门推荐
  • 19岁超模撞脸林永健,简直一模一样
  • 腾讯回应捂脸表情被抢注,将对该商标提出异议申请
  • 【每日福利】2点45 法甲 大巴黎vs圣埃蒂安
  • 龙门石窟佛首现身美国拍卖会?
  • 17级风王山竹预计将于16日下午到夜间登陆,深圳全力以赴,防御台风!
  • 四被告均死刑!青岛灭门案刚刚一审宣判!
  • 甲壳虫明年停产!这是最后一款终极版!
  • “黑老大7次减刑被撤”:正义不会缺席
  • 扶人被讹双方和解:登报道歉并赔偿1元
  • 今日起滴滴恢复深夜出行服务,这类司机才能接单……
  • 高铁补票去香港?回应:将作无票处理 收最高3000港元附加费
  • 揭底疫苗沙皇 真相来了 曾多次被举报 疫苗问题终于查清——生产假疫苗涉及哪些罪名?
  • 国务院常务会议:推开“证照分离”改革,再取消14类生产许可证
  • 福建入室砍人案致2死2伤 嫌犯已被捕
  • Selina假唱引质疑?但我只关注这段十七年的"塑料姐妹情"欸!
  • 营养餐变素面,做人不能昧良心!
  • 厦门机场青菜面!一碗50元遭吐槽!
  • 北京公积金新政刷屏!武汉一大波楼盘正在搞事情!
  • 男篮首负黎巴嫩
  • 金泫雅被CUBE开除因为爱情失去了事业 具荷拉殴打男友回复称互殴