༄༅། །ཐུབ་པའི་གསོལ་འདེབས་བདེན་པའི་རྔ་སྒྲ་ཞེས་བྱ་བ་བཞུགས་སོ།།
༄༅། །མཁྱེན་བརྩེའི་ཡོན་ཏན་མཐར་ཐུག་ཀུན་རྫོགས་ཤིང་། །པད་དཀར་ལྟར་བསྔགས་ཡིད་ཅན་ཀུན་གྱི་མགོན། །རྟེན་འབྱུང་གཏམ་གྱིས་སྡུག་ཀུན་གཞིལ་མཛད་པའི། །རྣམ་འདྲེན་ཤཱཀྱ་སེངྒེ་སྤྱི་བོས་མཆོད། །ཁྱོད་བསྟན་བྱང་ནས་བྱང་དུ་དར་འགྱུར་ཞེས། །ཇི་ལྟར་དཔལ་གྱི་མགུར་ནས་དབུགས་དབྱུང་ལྟར། །ཁ་བའི་ལྗོངས་སུ་རྒྱལ་བསྟན་ཡོངས་ཁྱབ་སྟེ། །འཛམ་གླིང་རྒྱན་དུ་གྱུར་པ་སྐལ་བ་བཟང། །དེ་ལྟ་ན་ཡང་དཀར་མིན་ལས་དབང་གིས། །དེང་འདིར་རྒྱལ་བསྟན་ཉམས་ཤིང་སྣོད་བཅུད་ཀུན། །སྡུག་ཟད་འཇིག་ཉེའི་ཉམ་ངའི་ངང་ཚུལ་འདི། །བརྩེ་ཆེན་ཐུགས་རྗེས་སྐྱོབ་པའི་དུས་ལ་བབས། །དེ་སླད་བདག་ཅག་གངས་ལྗོངས་ལྷ་མི་ཀུན། །ལྷག་བསམ་དད་གདུང་དྲག་པོས་ཉེར་བཟླུམས་ཏེ། །བདེ་གཤེགས་མཚན་བཟང་གཙུག་ཏོར་གསེར་སྦྱངས་ཏོག །དྲང་སྲོང་སྣོད་མཆོག་ངུར་སྨྲིག་གོས་བཟང་བཅས། །ཕུལ་བའི་ཚོགས་གཉིས་རྒྱ་ཆེན་གང་མཆིས་དང། །གཞན་ཡང་དུས་གསུམ་དང་འབྲེལ་དགེ་ཚོགས་ཀུན། །ལྷར་བཅས་འགྲོ་བའི་ཕན་བདེ་འབྱུང་བའི་གནས། །རྒྱལ་བསྟན་མི་ནུབ་ཡུན་དུ་གནས་ཕྱིར་བསྔོ། །མཁའ་ཁྱབ་ལུས་ཅན་སྤྱི་དང་ཁྱད་པར་དུ་། །འཛམ་བུའི་སྒྲས་བསྟན་གླིང་འདིའི་སྐྱེ་འགྲོ་ཀུན། །བྱམས་དང་སྙིང་རྗེའི་བསམ་སྦྱོར་གོང་འཕེལ་ནས། །འཁྲུགས་རྩོད་གནོད་འཚེ་ནམ་ཡང་མི་འབྱུང་ཤོག །དབུལ་ཕོངས་ཉམ་ཐག་བཙན་གནོན་མནར་གཅོད་དང། །སྣོད་ཀྱི་རྒུད་པས་ནད་ཡམས་འབྱུང་འཁྲུགས་སོགས། །ཕྱི་ནང་འགལ་རྐྱེན་རྒུད་ཚོགས་ཀུན་ཞི་ནས། །ཐམས་ཅད་དགའ་བདེའི་དཔལ་ལ་རྟག་རོལ་ཤོག །རིས་སུ་མ་ཆད་ཕྱི་ནང་ཆོས་ཚུལ་ལ། །ཞུགས་ཀུན་ཕན་ཚུན་གཉེན་གཤིན་འདུ་ཤེས་ཀྱིས། །དག་སྣང་ནོར་བུའི་འོད་དང་མི་འབྲལ་བར། །གཅིག་ཏུ་འགྲོ་ཕན་བྱ་བ་ལྷུར་ལེན་ཤོག །ལྷག་པར་བསིལ་ལྡན་ལྗོངས་སུ་རྒྱལ་བའི་བསྟན། །ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཞིང། །ཆོས་སྲིད་རང་དབང་བདེ་སྐྱིད་གསར་པ་ཡིས། །བོད་འབངས་འཕྲལ་ཡུན་འདོད་དོན་མྱུར་འགྲུབ་ཤོག །གངས་ཅན་ཞིང་གི་ཆོས་སྲིད་བྱ་བའི་གདུགས། །འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན། །ལྷག་བསམ་རྣམ་དཔྱོད་དཔུང་པ་རབ་བརྟན་ཅིང། །སྐྱེ་ཀུན་ཕྱག་ན་པདྨོས་རྗེས་གཟུང་ཤོག །ཆོས་ཀྱི་ཞིང་དུ་ཆོས་མིན་ཉེས་སྤྱོད་ཚོགས། །ཆོས་ཀྱིས་ཞི་ཞིང་ཆོས་སྲིད་ལེགས་ཚོགས་ཀུན། །ཆོས་ལྡན་ཡིད་བསམ་ཆོས་བཞིན་མྱུར་འགྲུབ་སྟེ།།ཆོས་ཀྱི་བདེན་པས་ཆོས་མིན་མཐར་བྱེད་ཤོག །ཅེས་པ་འདི་བཞིན་ཤཱཀྱའི་དགེ་སློང་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོས་བོད་རྒྱལ་ལོ་༢༡༣༡ ཤིང་སྤྲེལ་ཟླ་བ་༡༢ ཚེས་༡༥ ཕྱི་ལོ་༢༠༠༥ ཟླ་༡ ཚེས་༢༥ ཉིན་སྤྱི་སྒོས་བསྟན་འགྲོའི་ཆེད་དུ་ཕུལ།

https://t.cn/R2Wx1G2

༄༅།།ཉེ་བའི་དུས་སུ་རང་རེའི་སློབ་གྲྭའི་ཉིས་སྟོང་བཅུ་བདུན་ལོའི་མཐར་ཕྱིན་སློབ་མ་དང་འབྲེལ་ཡོད་ལས་ཀ་རྣམས་བདེ་བླག་ངང་གྲུབ་ཡོད།
དེ་རིང་སྟེ་སྤྱི་ཟླ་དྲུག་པའི་ཚེས་དྲུག་གི་སྔ་མོའི་དུས་ཚོད་དགུ་པ་ནས། སློབ་གྲྭའི་སྐས་ཐེམ་ཚོགས་ཁང་དུ་མཐར་ཕྱིན་སློབ་མ་ཡོངས་ཀྱི་ཕྱོགས་བསྡོམས་འཚོགས། ཚོགས་ཐོག་ཏུ་སློབ་གྲྭའི་དབུ་ཁྲིད་རྣམ་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱི་འགན་འཁུར་བ་རྣམས་ཞུགས་ཏེ། ཐོག་མར་མཐར་ཕྱིན་སློབ་མ་ཡོངས་ལ་རྟེན་འབྲེལ་དུ་དྲི་མེད་ཁ་བཏགས་ཀྱིས་ལེགས་པར་བརྒྱན་ཞིང་། དེ་ནས་དངོས་གཞིའི་ཚོགས་ཐོག་ཏུ། ཕྱོགས་གཅིག་ནས་སློབ་མ་ཚོའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཀྱི་ཐད་ནས་ཕྱོགས་བསྡོམས་དང་། སྦྱངས་འབྲས་ལེགས་ཐོན་བྱ་དགའ། འགན་འཁུར་ཕུལ་བྱུང་བྱ་དགའ། འཛིན་གྲྭ་ཕུལ་བྱུང་བྱ་དགའ། མི་བཟང་དོན་བཟང་། རང་སྲོལ་རྒྱུན་འཛིན་ཕུལ་བྱུང་། རྩོམ་རིག་མཐུན་ཚོགས།

དཔེ་ཀློག་སོགས་དང་འབྲེལ་བའི་བྱ་དགའ་སོགས་ཀྱང་གནང་། ཕྱོགས་གཉིས་ནས་མ་འོངས་པར་སྤྱི་ཚོགས་སྟེང་དུ་རང་རང་གི་བསམ་སྤྱོད་ཇི་ལྟར་བྱ་དགོས་མིན་ཐད་རེ་བ་ནན་མོ་གནང་། དེ་ཡང་སློབ་གཙོ་འཇམ་བློས་མཐར་ཕྱིན་སློབ་མ་རྣམས་ལ། ང་རང་གང་དུ་ཕྱིན་ཡང་སུ་དང་ཐུག་རུང་སྐད་འཕང་མཐོན་པོ་བྱ་ཆོག་པ་དེ་ནི། ང་ལ་ཚད་དང་ལྡན་ཞིང་ཕུལ་དུ་བྱུང་བའི་དགེ་རྒན་གྱི་དཔུང་སྡེ་ཞིག་དང་། ཚད་དང་ལྡན་ཞིང་ཕུལ་དུ་བྱུང་བའི་སློབ་མའི་ཁྱུ་ཚོགས་ཤིག་ཡོད་པས་རེད་ཅེས་དང་། མཐར་ཕྱིན་སློབ་མ་རྣམས་ལ་རེ་བ་འདོན་སྐབས་གསུང་རྒྱུར།
གཅིག

རང་ཚུགས་མ་འཆོར། དེའི་ནང་ཚད་དང་ལྡན་པའི་ཀྲུང་ཧ་མི་དམངས་ཀྱི་སྤྱི་དམངས་ཤིག་དང་། ཚད་དང་ལྡན་པའི་ཞིང་ཆེན་བོད་ཡིག་སློབ་གྲྭ་བ་ཞིག་བྱ་དགོས་པ་དེ་འདུས།
གཉིས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་།
གསུམ། ཤེས་ཡོན་ལྡན་ན་ས་དང་ལམ་ཡང་ལྡན། དེ་ནི་བོད་ཀྱི་གཏམ་དཔེར་སྤྲང་པོའི་བུ་ལ་ཡོན་ཏན་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་དེ་རེད།
བཞི། དེ་རིང་ནི་ཞིང་ཆེན་བོད་ཡིག་སློབ་གྲྭ་འདི་ཁྱེད་ཀྱི་བསོད་ནམས་རེད། སང་ཉིན་ནི་ཁྱེད་ཚོ་ཞིང་ཆེན་བོད་ཡིག་སློབ་གྲྭའི་ལ་རྒྱ་ཡིན། ཞེས་གསུངས། མདོར་ན། མཐར་ཕྱིན་སློབ་མའི་ཕྱོགས་བསྡོམས་དེ། མགོ་བཀྲ་ཤིས་ཤིང་མཇུག་དོན་གྲུབ་པའི་ངང་དུ་མཇུག་རྫོགས་སོ།།
གསལ་བཤད། པར་རིས་འགའ་གཞན་ནས་བཏུས་ཏེ་བཀོད་པ་ཡིན།

༄༅།།སློབ་རའི་གསར་འགྱུར།

དེ་རིང་སྔ་མོར་སློབ་གྲྭའི་དགེ་སློབ་ལས་བཟོ་ཡོངས་རྫོགས། ཟླ་རེའི་གཟའ་འཁོར་མགོ་མའི་རྒྱལ་གཅེས་ལས་འགུལ་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ལེགས་པར་ཞུགས།

ཕྱི་དྲོར་ཉིས་སྟོང་བཅུ་བདུན་ལོའི་མཐར་ཕྱིན་སློབ་མ་རྣམས། ཆེས་མཐའ་མའི་གཟའ་འཁོར་ཕྱོགས་བསྡོམས་ལ་ཞུགས་ཤིང་།གཟའ་འཁོར་ཕྱོགས་བསྡོམས་ཐོག་སློབ་གཙོ་སྐུ་གཞོན་འགྱུར་ཚེས། སློབ་གྲྭའི་བསྟན་པ་བསྐྱང་རྒྱུ་ནི། དགེ་སློབ་ཀུན་ལ་རག་ལས་ཡོད་པ་སོགས་གསུང་བཤད་གལ་ཆེན་གནང་།

དགོང་དྲོར་གཡུ་ཐོག་འབོད་སྐུལ་ཚོགས་པའི་དགེ་སློབ་ཚོས་རྩ་འཛུགས་གནང་འོག སློབ་གྲྭའི་གསོ་རིག་འཛིན་གྲྭ་ཁག་ལྔ་དང་། ཁོངས་གཏོགས་སེར་ཤུལ་ལས་གཉེར་སློབ་གྲྭའི་གསོ་རིག་འཛིན་གྲྭ་གཉིས་ཀྱི་འཐུས་མི་བཅས་འཚོགས་ཏེ། གཅིག་གསུམ་ལོ་རིམ་གྱི་འཛིན་གྲྭ་གཉིས་ཀྱི་འཐུས་མི་ཚོས། སོ་སོ་དངོས་སྦྱོང་དུ་ཕྱིན་པའི་ཉམས་མྱོང་སྐོར་ནས་བགྲོ་གླེང་ལྷུག་པོ་གནང་། དངོས་སྦྱོང་སློབ་མ་ཚོའི་བསམ་བློ་དང་། ནུས་རྩལ་སོགས་ཕྱོགས་གང་ཐད་ནས་ཡར་བསྐྱེད་ཡོད་པར་རྗེས་སུ་ཡི་རང་བྱུང་། མཇུག་ཏུ་གསོ་རིག་གི་སློབ་དཔོན་ཆེན་མོའམ་སློབ་གཙོ་སྐུ་གཞོན་རྒྱ་མཚོ་དང་། དགེ་བའི་བཤེས་གཉེན་ཡེ་ཤེས་གཉིས་ནས་ཕྱོགས་བསྡོམས་དང་འབྲེལ་བའི་གསུང་བཤད་གལ་ཆེན་གནང་ངོ་།།


发布     👍 0 举报 写留言 🖊   
✋热门推荐
  • 那么我们就拼了拼图,拼图刚拼完,你就想去拿故事:“妈妈,我们讲一个短的吧”我果断拒绝了你,又把刚才事情的经过和我们两个的对话重复了一遍,居然闹都没闹就爬上床了!
  • 失望型分手,挽回的人很容易陷入一个错误的操作,那就是因为太强的目的性,承诺很多,保证很多,没有考虑到怎样才能让对方相信这些保证。#分手复合挽回前任情感咨询#其实
  • 13、天气冷了,有没有什么好看的衣服求推荐,一万以下20块左右的那种,14、考完英语听力,我悟出一个道理,有些话,只说给懂的人听15、当一个人说我胖的时候我不以
  • 2.《永不妥协》最为一娃的妈妈,我只想说!【一周一电影】陆续看了两部电影,都是真实故事改编的大女主戏,都非常励志,也非常感人。
  • 但不知道是我们出去晚了还是帅哥穿上衣服之后我们认不出的原因,最终我们没能蹲到帅哥[泪][泪][泪][泪]然后我们去吃饭,在餐厅一楼转了一圈,二楼转了两圈,小高像
  • #紫宁winnie[超话]#zzn#张碧晨张紫宁合唱雨天叙事感拉满# 昨晚看到晨对紫宁说的那番话有了这个画面的感触 我们的小树淋过雨 “她能体谅她的雨天” 她
  • #绘画##约稿##接稿##画手约稿[超话]#【白菜价娃稿】只要我不是有特别多的事,沟通顺利2天全稿。#画手约稿[超话]#可爱价低QQ人妈咪确定不看看嘛!
  • 因为脑髓是肾所主,跟肾经有极大关系,所以要想调养后天受伤的大脑,就要好好刺激太溪穴。因为肾经的循行路线是从喉咙直接通着肠胃,所以太溪穴还能治疗厌食症。
  • 看身边空空荡荡的,朴总行应该是早已经起床了,也不知道平时这么爱睡的人今天起那么早干嘛。8290【投稿】麻烦老公带图❤大孙小子❤ 人家一直看着你 当你在寂静的
  • ——宫崎骏《侧耳倾听》因为你,我想要变成一个更好的人,不想成为你的负担,因此发奋,只是想证明我足以与你相配。——宫崎骏《猫的报恩》只有一个人在旅行时,才听得到自
  • 2019.5.19于京西枫阁3.你纯天然的一切都是我的你的光是我的那梦寐了一个又一个的日子唱着冰与火的歌谣来路 去路 打开了爱的通道你的空气是我的神秘的味道
  • ♞ 次卧虽然小,但客厅可自由使用(如图,适合瘫),白天阳光充足,性价比超高。 ♞ 次卧虽然小,但客厅可自由使用(如图,适合瘫),白天阳光充足,性价比超高。
  • Listen to me. Thank you. Because of you Warm the four seasons Thank you. Th
  • 143开心小事1、最近摸鱼超成功,工作也还顺心,脸上没有冒痘痘,最近摄入的黄色水果也特别多2、在抖音看剧一天,名流真相还有个电视剧,看完就忘了名字,抖音追剧确实
  • 如今越来越多的明星艺人开始“硬气”起来了,只要是遇到了这一些辱华品牌的行为,大家一定是抱着不容忍的态度,在国家利益面前,一刻也不允许含糊,必须果断出击。”对于歌
  •   乾造:丁巳 甲辰 丁酉 庚子  三春的丁火,气数是庚甲,本来辰月用甲破土最好,但甲木是退气,印的作用没庚的作用力大,人向高处走,八字也一样,此人走印生身的道
  • 而对于这类的午后板,就是一个不错的放量分歧转一致板,理解力高的人可以选择看到点火介入,追求稳定的人,可以选择打板。要是有出现消息结合股性好的标的更好,通常有点火
  • 也就是说鹿晗工作室在解除与爱彼的声明之前,也对品牌的上层进行了沟通,但对方仍旧还是死性不改。鹿晗方宣布了终止与爱彼的一切合作,短短一天的时间,鹿晗方面能如此快速
  • Y女士母亲去到楼盘找到销售人员说了原委诉求要退回这两万定金,但是销售是回复他这个钱交了就是退不了的,而且签了有协议,说代替签的也是有效的,房子不买可以钱不退
  • 本来大家都以为郑恺会沾沾自喜的,接下话茬,继续夸自己,又高又帅,但是没想到他直接180度大转弯来了一句:“别看我白天那么帅,如果在真正喜欢的人面前,无论多么愚蠢