ང་ཡི་འབྲོག་ཁྱིམ།


རི་བོ་དང་སྤྲིན་དཀར་འདྲིས་པའི་ཡང་རྩེ།
ཆུ་མིག་དང་རྒྱ་མཚོ་སྦྲེལ་བའི་མཐོ་སྒང་།
སྦྲ་ནག་ལགས།

ང་ཡི་འབྲོག་ཁྱིམ།

ཁྱེད་ནི།

བཙན་པོ་རྒྱུད་ཀྱིས་འུ་ཚོ་ལ་གནང་བའི་ཆེས་བཟང་བའི་ལེགས་སྐྱེས་ཞིག་གམ།


ཁྱེད་ནི།

ཕ་མེས་ཡང་མེས་དག་གིས་ཤུལ་བཞག་གི་ཁྱིམ་གཞིས་དྲོན་མོ་ཞིག་ཀྱང་ཡིན།

མ་དང་སྲིང་མོ་ཡི་བརྩེ་བ་ཆེན་པོའི་འཚོ་གནས་ཟབ་མོ།
ཕ་དང་ཨ་ཁུ་ཡི་ཞེ་ཆགས་འཁྲི་སའི་རིགས་ཞེན་གཙང་མ།
དུས་རབས་འཕེལ་འགྱུར་གྱི་ཁྲོད་ནས།
མི་རིགས་གང་ཞིག་གི་ལོ་རྒྱུས་དང་རིགས་གནས།
ཉིན་མོའི་སྐར་རམ།

གནམ་གྱི་འཇའ་ལྟར་ཡལ་ནའང་།
ཁྱེད་ནི།

འགྱུར་བ་མེད་པའི་དམ་ཚིག་གི་རྡོ་རིང་ཞིག་གམ།
ཡང་ན།

རང་ཚུགས་ཆེ་བའི་གནའ་རབས་ཀྱི་བགྲེས་པོ་ཞིག་དང་གཉིས་སུ་མེད།

ནགས་རི་དང་།

གངས་རི།
རྫ་རི་དང་།

སྤང་རི།
ཁྱོན་ཡངས་པའི་རྩྭ་ཐང་དང་།

གཡའ་དག་པའི་ནམ་མཁའ།
ཁྱེད་ཀྱི་མཛེས་སྡུག་དང་བརྗིད་ཉམས་རེ་རེ་ནི།
གནམ་གྱི་ལྷ་མོ་ལྟར།
མཐོང་བ་ཙམ་གྱིས་ཡིད་སེམས་འཕྲོག་འགྲོ་ཞིང་།
ཞིམ་མངར་ལྡན་པའི་ཆང་དཀར་ལྟར།
སྣུམ་པ་ཙམ་གྱིས་དབང་མེད་བཟི་ནས་འགྲོ

སྦྲ་ནག་ལགས།

ང་ཡི་འབྲོག་ཁྱིམ།
རི་མོ་བའི་པིར་རྩེ་ནས་ཐོན་མ་ཐུབ་པའི་མཛེས་སྡུག་གསོན་པོ།
གཏན་དུ་བཀླགས་མི་ཚར་བའི་ལོ་རྒྱུས་ཀྱི་གླེང་བམ་མཐུག་པོ།
རེ་བའི་ཞིང་ཁམས།

དད་པའི་ཕ་ས།
སྦྲ་ནག་ལགས།

ང་ཡི་འབྲོག་ཁྱིམ།



༢༠༢༢/༨/༦ཟིན་བྲིས།

མ་ཁེ་སུ།

གནས་སྐོར་སྐྱིད་པོ་བྱུང་སོང་། ལམ་བར་ནས་ལོ་རྒྱུས་མང་པོར་རྒྱུས་ལོན་ཡག་པོ་བྱུང་སོང་། ཚེ་འདིར་དཀའ་ཡང་མ་མཐའ་ཡང་སྐྱེ་ཕྱི་མར་མཁས་པ་རེད་ཤག་ཤག་རེད་འདུག །

སྤྱིར་ཡ་རབས་ཀུན་སྤྱོད་དང་ཚུལ་མཐུན་སློབ་སྦྱོང་གི་རྣམ་པ་མང་པོ་ཞིག་ཆུང་ནས་ཆེ་ཡི་ཁ་ལྟ་བྱས་ནས་འཚར་ལོངས་འགྲོ་བཞིན་ཡོད་པས་ནམ་རྒྱུན་ན་གཞོན་ཚོར་མིག་དཔེ་དང་རྒྱབ་སྐྱོར་གྱི་ཆེད་ས་གནས་དེ་ཀའི་རྒན་པ་ཚོས་ཀྱང་དཔེ་ཀློག་དང་སློབ་སྦྱོང་། ཡ་རབས་ཚུལ་མཐུན་གྱི་སྤྱོད་པ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། [微笑][合十][玫瑰][强]


发布     👍 0 举报 写留言 🖊   
✋热门推荐
  • 如果能在这样浪漫的氛围中跨年,一定是一件很美好的事~[小红花]去茅山旅游度假区,开启新奇之旅热血江湖、山野轰趴……你想要的与众不同的年会团建形式,这里都有![小
  • 我想要知道时差我正在冒险喔~欧巴,正在做什么样的冒险呢?等旅途结束我会发照片的泰泰你觉得你的英文水平提高了吗,因为也在海外待这么久了?
  • Búgin biz basty merekelerdiń biri – Qazaqstan Respýblıkasynyń Táýelsizdik kúnin
  • #全国确诊新型肺炎病例##新衣服白买了#【河北省民政厅取消原定2月2日全省婚姻登记机构办理结婚登记的要求】#保定身边事##抗击新型肺炎第一线# 鉴于河北省已启动
  • 這是鐵的事實,廣東百姓又有誰不清楚呢?這次因斬古樹而剝奪廣州市民的文明,完全是不合理的,也是不文明的。
  • 普京在新到任外国使节递交国书的仪式上说:“在与美国及其盟友的对话中,我们将坚持要求制定具体协议,以杜绝北约继续进行任何东扩和在俄领土附近部署威胁我们的武器系
  • 回忆起母亲去世那个晚上,他突然发现一直以来,自己都做错了一件事:“我一直以为,让我妈妈以我为傲,是送给她最大的礼物,可是后来才发现,我最大礼物还没来得及给——那
  • 每周上普拉提3次 课前先做1小时有氧 哪怕推掉其他日程也一定要运动 私人安排也在运动之后 事业空白期会努力以此来保持不变样我知道自己不完美 但是甘心付出 因为对
  • 3、好心境是自己创造的我们常常无法去改变别人的看法,能改变的恰恰只有我们自己。以自己的固执强加自己的意志,别人仅是默忍或是隐怒,但是日久也可能反目成仇。
  • 每日背诵计划|世界现代设计史 第8期今日现代设计史背诵知识点➡️维也纳分离派➡️古斯塔夫·克里姆特➡️阿道夫·卢斯PS:每日点赞收藏保存图片,未来你将拥有一套专
  • #河野纯喜[超话]##河野纯喜 春日暖音# 211204 in 【JO1官推】NHK #シブヤノオト に出演させていただきました! 近日放送予定です。
  • 所以说韩小浪因带货入不敷出团队解散是正常的,如果他能跟邵宇轩学一下,一心拍视频,也就不会发生这种事。直播带货做得好,会得到很多人支持,可做得不好,不仅会毁了自己
  • 《最后的魔法师》 【西班牙】 何塞·安东尼奥·费德乌 著西班牙奇幻文学至高奖“牛头怪奖”获奖作品,罕见地集时空轮回、幻想生物、神话传说、魔法激斗、悬疑反转于一
  • 过两天要是长痘我真的会杀人[春遊家族]刚好微博还没发出去的时候,上了个厕所,来姨妈了这不是一整个大爆炸开心爆炸快乐!就像一个30岁之后还只会靠简历找工作的人,最
  • 今天聊天说起来喜欢的类型古天乐的杨过是养成小奶狗变小狼狗霍建华的徐长卿是风骨凛然的大侠却眉目含情、眼波含水…战损美人我就很喜欢白白净净没有攻击性的狗勾她喜欢那种
  • ”  ——创新:技术赋能 点亮未来  在2021中国网络媒体论坛的技术论坛上,来自政府部门、主流媒体、科研机构、互联网企业的嘉宾代表围绕“创新:技术赋能”主题进
  • 壬寅年(2022年)犯太岁生肖如下#虹树先生##2022年运势##十二生肖# 属虎人值太岁/本命犯太岁属猪人相破破太岁属蛇人相害害太岁属猴人相冲冲太岁属蛇/猴人
  • #赤峰“草原社保人”白金荣获全国表彰# 】今年,人社部在全国经办机构内开展了推荐“党旗下的社保人”活动,旨在展现社保经办机构优秀党员的精神风貌。系目前全球最大的
  • p10 在王峰姐姐家的天井里,有一口大水缸,那是王峰姐姐意识的意象,她就像这缸死水,牺牲一切把自己困在弟弟和小勇这个圈里,和小云的豁然形成对比。每一个画面,都
  • 巴萨球迷当然也会记得他,记得在国家德比的破门成为了他留给足坛的最后一球,记得他的职业生涯在这里谢幕。#好运##泰安头条# 有关阿奎罗一切美好的回忆,都发生在夏天