གཞན་ཕན།

ཐམས་ཅད་བདེན་པར་སྣང་བའི་འཇིག་རྟེན་ན།།
འུར་འུར་སྟོད་པའི་ཚིག་ལ་ཞེན་པ་དང་།།
མང་པོ་བསྐུལ་བའི་ཕྱོགས་ལ་སྲེད་པ་འདི།།
ཐམས་ཅད་འཁྲུལ་པ་ཡིན་པ་སུ་ཡིས་རྟོགས།།

ཟང་ཟིང་ཟློས་གར་འཁྲབ་པའི་རི་གྲོང་ན།།
རྒྱུ་ཆེན་ཕྱུག་པོས་བཞག་པའི་བརྩི་བཀུར་དང་།།
ཐ་སྙད་མཁས་པས་བྲིས་པའི་སྟོད་ཚིག་འདི།།
མི་བདེན་སྒྱུ་མ་མཁན་པོའི་གར་སྟེགས་འདྲ།།

ཡུན་ཐུང་མི་ཚེའི་ཕྱེད་ཀ་ཡོད་སྲིན་ན།།
ཤབ་ཤོབ་སྒྲོ་གཏགས་མེད་པའི་དབེན་ཁྲོད་དུ།།
ཆགས་སྡང་རུ་ཟ་བྲལ་བའི་ཞི་བདེ་ཞིག།
བག་ཕེབས་ནག་ཀྱི་ཁྲོད་ནས་འཚོལ་ན་འདོད།། https://t.cn/R08xaRT

སྲུང་རྟེན།

ང་ཚོས་རང་ཉིད་ངོ་མ་སུ་ཡིན་ཤེས་སུ་གྱུར་ཡོད།རང་ཉིད་ལ་རང་ཉིད་ཀྱིས་དོགས་འདྲི་བྱེད་སྐབས།
ད་གཟོད་འདང་མི་ཕོག་པའི་དོན་དག་ཞིག་གནད་དུ་ཟུག
དེ་ནི་རང་ཉིད་དགའ་སའི་མི་དེའི་བྱིན་པའི་ཚོར་བ་རྐྱང་རྐྱང་།

ང་ནམ་རྒྱུན་ལག་སྟོང་དུ་རྐང་ཐང་འགྲོ་བཞིན་ཡོད།


ང་ལག་སྟོང་དང་རྐང་ཐང་དུ།
ལམ་དཀྱིལ་གྱི་མི་ལ་བཟུར་ནས་འགྲོ་ཀིན་ཡོད།
ལམ་འགྲམ་རྐྱང་རྐྱང་ནས་འགྲོ་ཀིན་ཡོད།

སྐབས་སྐབས་སུ། ངས་ཁྱོད་ལ་རྒྱུས་ལོན་ཅུང་ཙམ་རེ་བྱས་ན་བསམ།
ཡིན་ནའང་། ཉེ་འགྲམ་གྱི་མི་ཚོགས་སྟོབས་དྲག་པས།
ངའི་སེམས་ཀྱི་ང་རྒྱལ་སྐད་ཅིག་གིས་ཉམས་སོང་།

ཁྱོས་ཚོར་མེད་ལ། མཐོང་ཡང་མེད་ན་ཐང་།
ངས། དཀོན་མཆོག་ལ་སྐྱབས་འཇུག་ཞུ་རྒྱུའི་གཙོ་བོ་དེ་ཁྱོད་ཡིན། https://t.cn/R2WxesE

ཁ་སང་རྫོང་སར་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར་དང་དཔེ་ཟིན་སྐོར་ཞིག་བཀླགས། དེ་དག་ན་ཁོང་གི་ལྷག་ལྷའི་ལུང་བསྟན་དུས་བབ་དང་། གསང་སྔགས་ལམ་གྱི་ཉེ་རྒྱུ་མ། གསང་ཡུམ། མཁའ་འགྲོ་མ། ཚེ་ལམ་གསང་གྲོགས་སོགས་མཚན་གནས་གལ་ཆེན་དེ་དག་ཚེ་རིང་ཆོས་སྒྲོན་ལགས་ལ་སྤྱད་འདུག བསོད་རྒྱལ་རིན་པོ་སོགས་ཀྱིས་མཁའ་འགྲོ་མ་ཚེ་རིང་ཆོས་སྒྲོན་ཞེས་ཡང་ཡང་མདུན་བསྐྱར་གྱིས་བྱིན་རླབས་ཞུ་བ་དང་། གུས་བརྩི་དྭངས་བས་མཇལ་ཁ་དང་། གདུང་ཤུགས་དྲག་པོས་གསོལ་བ་འདེབས་པའི་བརྙན་ཡང་མཐོང་།

ལ་དཀར་ཚང་གི་མི་རྒྱུད་ཡིན་པ་ཚེ་རིང་ཆོས་སྒྲོན་ལགས་སྐུ་ན་16ལ་ཐོན་པ་དང་། མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དགོང་གྲངས་56ལ་ཕེབས་པའི་ལོ་དེར་ཁོང་གིས་སྐུ་ཟླར་བཞེས་ཤིང་། མཁྱེན་བརྩེ་སྐུ་ཕྲེང་གཉིས་པའི་རང་རྣམ་དུ་ཚེ་གེགས་བཟློག་ཆེད་ཚེ་ལམ་གསང་གྲོགས་ཞེས་པ་ཡིན་ཞེས་བྲིས་གནང་ཡོད།

ཚེ་རིང་ཆོས་སྒྲོན་སྐུ་ན་བགྲེས་པོའི་དུས་སུ་འཇིགས་མེད་གླིང་པའི་ཚོགས་གླུ། ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་དུ། །རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུང༌། །རྨ་བྱའི་གདུགས་སྐོར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང༌། །གཞོན་པ་ང་ཚོས་ཐར་པའི་ལམ་སྣ་ཞིག་ཟིན་ཡོང༌། །ཞེས་པ་མགུར་གྱི་རྣམ་པར་གཏོང་གནང་པ་ཞིག་ཀྱང་ཁོང་དང་འབྲེལ་ཡོད་དབྱིན་ཡིག་དྲ་བ་ཞིག་ཏུ་འདུག་པའང་ཐོས།

ངས་མཐོང་སྣེ་འདི་ཙམ་ནས་ཁོང་གི་ལང་ཚོའི་དབྱར་དགོན་སྟོན་དཔྱིད་ཀྱི་ཆ་རེ་རེ་དང་འགྲོགས་པའི་ཉམས་དོད་པོ་དང་བག་ཕེབས་པ། བརྟན་བརླིང་གཡོ་མེད་སོགས་བོད་མོའི་རང་གཤིས་ཀྱི་མཛེས་པ་ཞིག་ཀྱང་མཐོང་བྱུང་།


发布     👍 0 举报 写留言 🖊   
✋热门推荐
  • 我希望你能是一个文艺青年,比如会摄影、会唱歌、会玩乐器、会跳舞、会绘画……总之就是类似于肖奈大神那样️但是那样的男孩子并不多,在这千万人海中我也不确定自己真的能
  • 沈则之前避着他,是因为言烁加他QQ,他就知道对方是谁,而言烁在QQ上聊的暗恋表白对象,在男团里符合条件的貌似是自己。女主有前男友,前男友是男配的《初吻日记》作
  • “那天偶然走进你,五月南方正和煦” 从巨星到消愁到青春到无问 带点怂带点丧简简单单却很真实 随性与克制集中体现 对渺小自己的清醒的自我认知和一丝谦卑 总感觉你疲
  • 只要你骑车挡了一下电摩电动不停滴滴滴滴你。#周炜[超话]# 周炜透露,《本色》目前还储备了大量人物原型,第二季已经提上了拍摄计划,未来也不排除会有衍生的节目、舞
  • 如果说你是海上的烟火我是浪花的泡沫某一刻你的光照亮了我如果说你是遥远的星河耀眼得让人想哭我是追逐着你的眼眸总在孤单时候眺望夜空我可以跟在你身后像影子追着光梦游我
  • 对这个世界如果你有太多的抱怨 跌倒了就不敢继续往前走 为什么人要这么的脆弱堕落 请你打开电视看看 多少人为生命在努力勇敢的走下去 我们是不是该知足 珍惜一切就算
  • ·新晋设计师青山周平设计的作品,低调的小小招牌,金属和灰色水泥粗旷水管的搭配,木质的楼梯,很简洁,又不失设计感~ 深圳新店·深圳美食·高颜值咖啡馆推荐深圳周末
  • 另外,我心疼罗梅罗前36分钟在自家门前差点睡着,又冷不丁被吓个半死…不带这么扰人美梦的!他们对这些定义诠释得淋漓尽致,绝对包你满意!
  • 眼睛看不够的可爱动物们.伸手喂不够的小精灵们.一天的时光匆匆就过.如果你对野生动物世界依依不舍.你也可以选择住下来.睡在以园区明星动物为主题的得森林木屋.听着鸟
  • !不久之前在NHK WORLD-JAPAN presents「SONGS OF TOKYO」一起进行了共演!
  • 跟现有的一些品牌PK,我们抓的是更好的设计方向、品质和工艺细节,从开发直到下单,这是我们为什么要坚持找有实力的大工厂做货的原因,因为它们更有保障。F、“有责任的
  • 【沉痛缅怀一代国际工业设计巨星陨落,德国设计师Luigi Colani教授于9月16日凌晨1点在医院离世,终年91岁】[蜡烛] 路易吉·克拉尼根据自己坚信的自然
  • 团品3)日本和光堂宝宝润唇膏,纯天然可食用的橄榄油、葵花油等,保湿滋润,新生儿即可用,无香、无色、无添加,每年必备的一支不光孩子用我也会用哈!【 】日本儿童俏皮
  • 别怨天尤人,别啧有烦言,只怪自己[跪了]休息了以上[心]一个人越成熟,越能发现一个道理:现实中的事物往往不是非黑即白、非对即错,现实中的人也并不是非善即恶、非敌
  • 分数线已出,那么离报志愿也不远啦,欢迎各位广大考生报考邯郸学院,青春无限,最美邯院,我在邯郸学院等你哟~附: 2019河北省各批各类录取分数控制线2019年邯郸
  • 发展新时代高校思政教育为深入贯彻落实《教育部高校思想政治工作质量提升工程实施纲要》推动学生思想政治工作领域基础研究和应用研究,努力培养担当民族复兴大任的时代新人
  • 24.“你帮助了迷路了的我,如果能实现,我想带你去看绚丽的山岚、去看秀丽的溪谷,这份心情,人类是如何称呼的呢?”22.我想对着你碎碎念,分享我的各种无关紧要的小
  • 比如,纠缠的那段时间,男生最后说话已经很难听了,已经很绝了,说一辈子都没有可能了,两个人再也不会联系,。 比如,纠缠的那段时间,男生最后说话已经很难听了,已经很
  • 片寄凉太:有的呢。(就算是太阳也会哭泣,隐藏在云中激烈地大哭。
  • 在这里,你的大学生活将会丰富多彩,来这里,让你的青春在奉献中闪光,让爱的光环照亮自己,也照亮别人!愿意这样期待我的生命,直到生命的尽头,我愿意是一个伤痕累累的人