དུང་དཀར་གྱིས་ང་ལ་འུ་གཉིས་ཀྱི་མཐོང་ཐོས་ཀྱི་ཁ་ཞེང་དོག་ཁར་བསོད་ནམས་ཀྱི་བགོ་སྐལ་དམན་པས། བོད་ཀྱི་སྐྱེས་ཆེན་ཉི་ཟླ་འདྲ་བ་དེ་དག་སྐུ་གཤེགས་རྗེས་སུ་རི་སྡེའི་སྐད་འཕྲིན་བརྒྱུད་ནས་ཤེས་བ་མ་གཏོགས་སྐུ་དངོས་བཞུགས་ཡུན་རིང་གསུང་ལ་མཇལ་རྒྱུ་ཕར་ཞོག མཚན་ཙམ་ཐོས་བསྐལ་དུ་འབྱོར་རྒྱུ་ཡང་དཀའ་ཙམ་གདའ་ཟེར་མྱོང་།

སློབ་སྐབས་སྔོན་མའི་སྔོན་མ་ཞིག་ལ་ཁོ་མོས་ཁོ་མོར་གྲོགས་པོ་ཞིག་གིས་འོས་སུ་འཁོད་པའི་སྒྲུང་རིང་《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》ཞེས་པ་འདི་ང་ལ་ཁྱོད་ཀྱི་ཁམས་དང་མཐུན་པའི་སྒྲུང་གཏམ་ཞིག་རེད་ཅེས་ནས་འོས་སྦྱོར་བསྐྱར་མར་མཛད།སློབ་མགོ་འདི་ཟིན་པའི་སྐབས་ཀྱི་ཟླ་གསུམ་པའི་ཟླ་དཀྱིལ་ལ་གཞི་ནས་བཀླགས་བསྐལ་ངང་གིས་གྲུབ།རྩོམ་རིག་མྱོང་དཔྱད་ལ་ཅི་ཡང་མི་འཇོན་མོད། ཐ་སྙད་རེ་རེར་ཡང་ཕ་སྐད་ཀྱི་རོ་བྲོ་ཕུན་སུམ་ཚོགས་ལ། ཚིག་རྐང་རེ་རེར་ཡང་བརྡ་འཕྲོད་ལུགས་ཁ་ཁ་ཞིག་འདུག་པས། གུས་མོ་སྒོ་ནས་བསླུས་སོང་། དེ་བས་གོ་རིམ་ཧྲིལ་བོར་ནད་པར་རིམ་གྲོ་བསྲིབ་པ་ལྟར་བཀླགས་པ་མ་ཡིན་པར། ཞིབ་མོ་དར་ཚགས་ཀྱིས་བཀླགས་ཤིང་རྟིང་མར་བསྐྱར་དུ་བཀླག་དགོས་སྙམ་པ་ཞིག་ཀྱང་བྱུང་།སྐབས་དེར་དུང་དཀར་གྱིས་ད་དུང་ང་ལ་སྒྲུང་འདིའི་འབྲེལ་ཐོགས་ཀྱི་རྩོམ་མཁན་ཁོང་ཚང་ངོ་སྤྲོད་དང་བཅས་པའི་དཔྱད་རྩོམ་ཞིག་བསྐུར་ཞིང་ངེད་གཉིས་ནས་ཁོང་ད་དུང་ཡང་སྐུ་བཞུགས་ནས་འདུག་ཅེས་དགའ་འབོད་བྱས།

མདང་ནུབ་ཁོང་ཚང་འདས་གྲོངས་སུ་གྱུར་བའི་གཏམ་ངན་ཐོས་རྗེས། མོས་ད་ཐེངས་གཞི་ནས་ང་ཚོར་ཁོང་རང་མ་གྲོངས་སྔོན་དུ་གསུང་ལ་མཇལ་བསྐལ་བྱུང་སོང་། དེ་མིན་ན་འུ་ཚོར་མྱ་ངན་ཙམ་ཞུ་བའི་ཐོབ་དབང་འང་མེད་པ་འདྲ་ཟེར། བཀྲས་དབང་ལགས། འཇིག་རྟེན་དཀར་ངོགས་སུ་ཁྱེད་རང་མི་སྣང་བར་གྱུར་ཀྱང་། སྒྲུང་གཏམ་གྱི་སྡེ་ཚོ་ནས་ང་ཚོ་ཡང་དང་བསྐྱར་དུ་འཕྲད་ཡོང་།

༢༠༢༢-༤-༢༨

༈ ཀྱཻ། ཕྱོགས་ཕྱོགས་དེ་ནི་ཕ་གི་ན༔ ཉི་མ་ནུབ་ཕྱོགས་ཕ་གི་ན༔ བཙན་ཡུལ་ཟངས་ཐང་དམར་པོ་ན༔ པདྨ་དབང་གི་བཀའ་ཉན་པ༔ ཆེ་བཙན་རོལ་པ་སྐྱ་བདུན་ནི༔ ཕལ་ཆེར་སྐུ་མདོག་དམར་པོ་ལ༔ ཕྱག་ན་བ་དན་ཞགས་པ་བསྣམས༔ སྡེ་བརྒྱད་དྲེགས་པའི་ཚོགས་དང་བཅས༔ ཚུར་བྱོན་ཚུར་བྱོན་གནས་འདིར་བྱོན༔ ཤུ་ལ་ཏྲཱིཿབཛྲ་ས་མཱ་ཛཿ བྷྱོཿ བཙན་མཁར་དམར་པོའི་ནང་ཤེད་ན༔ ཤ་ཁྲག་ལོངས་སྤྱོད་བསམ་མི་ཁྱབ༔ ཡིད་འོང་སྤྱན་གཟིགས་ཀུན་ནས་མཛེས༔ དམ་ཚིག་གཙང་མའི་གདན་ལ་བཞུགས། ས་མ་ཡ་ཏིཥྛ་ལྷན༔ ཀྱཻཿ སྐྱེས་བུ་རོལ་པ་མཆེད་བདུན་ནི༔ འཕྲིན་ལས་མཛད་པ་བསམ་མི་ཁྱབ༔ པདྨ་དབང་གི་བཀའ་ཉན་པ༔ དམ་ཚིག་གཏེར་བདག་ཁྱོད་ལ་བསྟོད༔ གཙང་མའི་སྐུ་ཁྲུས་འདི་འབུལ་ལོ༔ བདག་དང་ཡོན་གྱི་བདག་པོ་ལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ ཨརྒྷཾ་བི་ཤུདྡྷ་དྷེ་སྭཱ་ཧཱ༔ གཙང་མའི་བདུག་སྤོས་སྤྲིན་ལྟར་གཏིབས༔ མེ་ཏོག་སྣང་གསལ་དྲི་མཆོག་དང༔ ཞལ་ཟས་སྙན་པའི་རོལ་མོ་འབུལ༔ ཐུགས་རྗེའི་དབང་གིས་ཉེ་བར་མཛོད༔ རཱུ་པ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀཻ་གནྡྷེཿ ནཻ་ཝི་དྱཱ་ཤཔྟ་པཱུ་ཙ་ཧོཿ ཀྱཻཿ སྐྱེས་བུའི་སྲོག་གི་བདག་པོ་ནི༔ འཇིགས་བྱེད་རོལ་པ་སྡེ་བདུན་ཚོགས༔ ཁྱེད་ལ་དགྱེས་པའི་ལོངས་སྤྱོད་ནི༔ ཤ་ཁྲག་དམར་གཏོར་རི་ལྟར་སྤུངས༔ ཟག་མེད་བདུད་རྩི་མཚོ་ལྟར་བསྐྱིལ༔ རཀྟའི་ཡོན་ཆབ་རྫིང་བུར་གཏམས༔ སྤྱན་གཟིགས་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྔ་གླིང་རོལ་མོ་འབྲུག་ལྟར་སྒྲོག༔ གླུ་དབྱངས་སྙན་པའི་ཚོགས་དང་བཅས༔ དམ་ཅན་མཆེད་བདུན་ཐུགས་དམ་བསྐང༔ བཙན་རྒོད་འབར་བའི་ཐུགས་དམ་བསྐང༔ སྡེ་བརྒྱད་བསྡོངས་ཟླའི་ཐུགས་དམ་བསྐང༔ དཀོར་སྲུང་དམ་ལྡན་ཐུགས་དམ་བསྐང༔ ལས་བཞི་ཕོ་ཉའི་ཐུགས་དམ་བསྐང༔ ཧཱུྃ༔ བསེ་མཁར་དམར་པོ་ལྡེམས་སེ་ལྡེམ༔ དར་དམར་རུ་མཚོན་པུ་རུ་རུ༔ བ་དན་དམར་པོ་ཡེངས་སེ་ཡེང༔ དྲེགས་པའི་མདའ་འཕེན་སྦྲེངས་སེ་སྦྲེང༔ ལས་བྱེད་བཤན་པ་རོལ་ལོ་ལོ༔ བཤུག་པའི་འབོད་སྒྲ་དི་རི་རི༔ ཆེ་བཙན་རྒྱལ་པོའི་ཐུགས་དམ་བསྐང༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ ཐུགས་དམ་ཞལ་བཞེས་དེ་དགོངས་ལ༔ ཁྲི་སྲོང་ལྡེའུ་བཙན་རྗེ་རིགས་དང༔ རྣལ་འབྱོར་དམ་ལྡན་བརྒྱུད་པར་བཅས༔ དམ་ཚིག་གཅིག་ཏུ་སྐྱོང་བ་དང༔ སྐུ་ལ་རྡོ་བའི་རིགས་བརྒྱུད་ཆོད༔ ལོག་ལྟའི་སྡེ་དཔུང་ཆམ་ལ་ཕོབ༔ སྔགས་འཆང་རྡོ་རྗེའི་དམ་མ་འདྲལ༔ བཅོལ་ལོ་གཉེར་རོ་མཐུ་རྩལ་བསྐྱེད༔ ཡལ་ཡོལ་བྲི་གོལ་མ་མཛད་ཅིག༔ ངོ་བསྲུང་ཟས་ཕྱིར་མ་འབྲེང་མཛོད༔ ཐུགས་དང་འགལ་བ་བསྐོངས་གྱུར་ནས༔ བུ་སྡུག་ཚ་བོ་བཞིན་དུ་སྐྱོངས༔

༈ཧྲཱི། པདྨ་དབང་གི་བཀའ་ཉན་མཐུ་བོ་ཆེ།།
ཆེ་བཙན་དྲེགས་པའི་རྒྱལ་པོ་ཡང་ལེ་ཝེར།།
ཙིའུ་དམར་པོ་བཀའ་འཁོར་སྤྲུལ་པ་བཅས།།
གསོལ་ལོ་མཆོད་དོ་བཅོལ་བའི་འཕྲིན་ལས་མཛོད།།

࿑ རྗེ་བཙུན་མི་ལ་རས་པའི་མགུར་ལས།

ཐབས་ཤེས་གཉིས་ཀྱི་སྒ་སྲབ་སྤྲད།།
འགྱུར་མེད་བརྟན་པའི་གོང་རྨེད་བཅུག།
སྲོག་རྩོལ་རླུང་གི་མཐུར་མདའ་བརྒྱུས།།
དེ་ལ་རིག་པའི་ཁྱེའུ་ཆུང་ཞོན།།

ཐེག་ཆེན་སེམས་བསྐྱེད་རྒྱ་རྨོག་གྱོན།།
ཐོས་བསམ་སྒོམ་པའི་འཇོལ་ཁྲབ་གྱོན།།
བཟོད་པའི་ཕུབ་ཆུང་རྒྱབ་ཏུ་ཁུར།།
ལྟ་བའི་མདུང་རིང་ལག་ཏུ་ཐོགས།།

ཤེས་རབ་ཀྱི་རལ་གྲི་གློ་ལ་བཏགས།།
ཀུན་གཞི་འཇམ་པོའི་སྨྱུག་མ་ལ།།
ཁོང་ཁྲོ་མེད་པའི་འཁྱོག་ཅིག་བསྲང་།།
ཚད་མེད་བཞི་ཡི་སྒྲོ་ཞིག་བསྐྱོན།།

ཤེས་རབ་རྣོན་པོའི་མདེའུ་བཙུགས།།
སྟོང་པ་ཉིད་ཀྱི་གཞུ་མོ་ལ།།
ཐབས་ལམ་ཟབ་མོས་ལྟོང་སྦྱར་ནས།།
ཟུང་འཇུག་ཡངས་པའི་འདོམ་ལ་འཇལ།།

མདའ་འཕེན་པ་རྒྱལ་ཁམས་ཡོངས་ལ་འཕེན།།
ཕོག་པ་དད་པ་ཅན་ལ་ཕོག།
ཤི་བ་ངར་འཛིན་གྱི་འགོང་བོ་ཤི།།
དེ་ཕྱིར་དགྲ་ནི་ཉོན་མོངས་འདུལ།།

གཉེན་ནི་འགྲོ་དྲུག་སེམས་ཅན་སྐྱོང་།།
རྟ་རྒྱུག་ནི་བདེ་ཆེན་ཐང་ལ་རྒྱུག།


ཅེས་གསུངས་སོ།།


发布     👍 0 举报 写留言 🖊   
✋热门推荐
  • ”嘻嘻,听后喜不自禁,深感这次偶遇是一种幸运。”“哦,不,我们巧遇活动。
  • 第二乐章,开头后不久的左手太温柔了好喜欢,第二乐章是不一样的天地,灵魂的救赎和共鸣,到最后两分钟的时候给我一种第一乐章不安感的延续,随后又回归有点无奈感伤的温柔
  • 每览昔人兴感之由,若合一契,未尝不临文嗟悼,不能喻之于怀。每览昔人兴感之由,若合一契,未尝不临文嗟悼,不能喻之于怀。
  • 我们生活中的每一天都会产生不少的垃圾,随着互联网的发展,人们购物基本都是网购,每个家庭的纸壳都多了起来,我们千万不要随地乱丢,我们把它整理好,送到回收点换钱,一
  • 朋友圈文案 ▪  ◡̈ᑋᵉᑊᑊᵒ ᵕ̈ ᑋᵉᑊᑊᵒ 早安 ▪  天空很美 风也温柔 ▪  今日限定ఌ ▪  淺发一下叭 ▪  » ◍ ◍   ▪  ., 素心
  • 布袋戏基本淡坑,本命人形师,阴阳师和魔王子时常掉落给给老婆/亲友的产出(老婆:绝世美鸽徽徽子 @不醒梦自渡 —3— )所以说国产乙女的游玩模式真的不适合我[伤
  • 如果你对自己的事业感到迷茫钱可以来找我从叭字角度 解答事业困惑#郑钦文战胜大坂直美# 战胜大阪直美之后,郑钦文#郑钦文[超话]# 保住了去年罗马1000赛8强分
  • ” “可惜.….” 部分关键证据,凶手,时间线,复盘解析,推理逻辑 孽子作为一个情感恐怖本,可以说这个平衡设置的不好,会给玩家带来巨大的不适感,因为很多恐怖本有
  • 想休息一段时间了,不过还是不了,还要挣钱[泪]在朋友的介绍下,又多了一份工作“陪玩”可是技术不太行,只能选择娱乐陪玩了。某人觉得我的生活太过枯燥,给我买了一个花
  • 【两性交往的“潜规则”:二八定律】 每一天。 都会上演,无数次的遇见。 但不是每次的相遇,都能让有缘人牵手。 这是为何呢? 从恋爱心理学上来看: 男女相处的过
  • ”苏音挑了挑眉,心道:我的坏,你一无所知。“我求你”傅彧抿了下唇,“给我喝一口吧。
  • 第868章   “不必了,我们本来就不熟,有什么事直接电话里谈吧。 第868章   “不必了,我们本来就不熟,有什么事直接电话里谈吧。
  • 天啊昨天z在液断结果晚上我们下了班 她带我去买了拌面和烧饼我说只要烧饼就好了不吃拌面结果她都买了[微笑]我现在看明白了这个小鬼 其实是她想吃吧 hhhh又被潜行
  • #胡言乱宇cp[超话]#已知:前两天重刷《向/往的生/活》小胡去的那期,那一季正好是他们在西双版纳,前一天是泼水节但是胡胡仔是第二天去的正好没赶上,听说前一天是
  • 梁漱溟先生说,“《金刚经》随说随扫,说了等于没有说,经中往往言语道断,不可思议,你认真读,读一遍即有一遍的功验,一旦豁然顿悟,自有如人饮水,冷暖自知的境界。省 
  • 这使得蒙迪欧的笼形车身具有很强的承压力,保障了车上人员的安全。蒙迪欧采用了新一代同级最强笼形车身,在制作材料及工艺上也进行了升级,可以承受 8.3 吨的重量以及
  • 以现市场流行的形态呈现胸包模式,简单时尚大气,手感柔软,贴心设计耳机孔,爆款模式绝不落空,尺寸:29×20×5,型号 菲拉格慕男士腰带宽度3.5意大利原厂荔枝皮
  • ​​​一口气看完36集好过瘾,幸福来的太突然!​ ​​​好看啊 [心][心]最后一集也太奈斯了吧看到最后30集我准备二刷再来一遍,[doge][doge] 好帅
  • 重要的事情说三遍2 年龄到了就是爱拍点花花草草3 ⚱️从蜀背回来的就剩一盒啦 好喝爱喝4-5平平无奇但是很喜欢的夜晚6-7 永远爱大哥的金风玉露 好听鼠了 速速
  • 全友现代简约岩板餐桌椅可伸缩台面实木架餐桌组合DW1028唯品会特卖【1006】元起,限时好价等你来抢!QuanU 全友 106302B 现代简约板式单床 1.