ངོར་ཆེན་རྒྱལ་བའི་གདུང་འཚོབ་ངོར་པའི་ཁྲི་རབས་དོན་བདུན་པ་ཐར་རྩེ་མཁན་ཆེན་རྡོ་རྗེ་འཆང་ངག་དབང་བསོད་ནམས་མཆོག་ལྡན་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་བཀའ་སློབ།

ང་རང་ཚོ་མིའི་སེམས་འདི་གསེར་བཟང་པོ་དང་འདྲ་བ་བཟང་ངན་གང་དུ་ཡང་བསྒྱུར་རྒྱུ་ཡོད་པ་དང་བསྒྱུར་ཐུབ་པ་ཞིག་རེད། དེ་འདྲ་ཡིན་དུས་ནང་ཆོས་ལ་ཐོས་བསམ་བསྒོམ་གསུམ་བྱས་ན། སེམས་ངན་པ་དེ་སེམས་བཟང་པོ་ཞིག་ཏུ་བསྒྱུར་ཐུབ་པ་རེད། རང་སེམས་འདུལ་བ་ཏེ་སེམས་བཟང་པོར་བསྒྱུར་བའི་ཐབས་ཡག་ཤོས་དེ་ནང་ཆོས་ལ་ཐོས་བསམ་བསྒོམ་གསུམ་བྱེད་པ་ལས་ལྷག་ཐབས་གཞན་འཛམ་བུ་གླིང་གང་དུ་ཡང་ཡོད་མ་རེད།

དཔེར་ན་དེང་སང་འཛམ་གླིང་ག་ས་ག་ལ་སློབ་སྦྱོང་བྱེད་སའི་གཏི་གནས་སློབ་གྲྭ་ཆེན་པོ་ཁག་མང་པོ་ཡོད་རེད། དེ་ཐམས་ཅད་ཀྱི་གཙོ་བོ་ཕྱིའི་དངོས་པོ་ཡར་རྒྱས་གཏང་བའི་ཆེད་དུ་སློབ་སྦྱོང་སྤྲོད་ཀྱི་ཡོད་རེད། དེ་འདྲ་ཡིན་ཙང་། ཕྱིའི་དངོས་པོ་ཡར་རྒྱས་འགྲོ་བ་དང་མཉམ་དུ་རང་རང་གི་སེམས་ལ་ཡོད་པའི་ཉོན་མོངས་པ་འདོད་ཆགས། ཞེ་སྡང་། ང་རྒྱལ། ཕྲག་དོགས་ལ་སོགས་པ་ཐམས་ཅད་ཀྱང་ཤུགས་ཆེ་རུ་ཆེ་རུ་འགྲོ་གི་ཡོད་པ་རེད།

བཅོམ་ལྡན་འདས་ཀྱིས་གསུང་པའི་ཐེག་པ་ཆེ་ཆུང་གི་ཆོས་རྣམས་སུ་ཉོན་མོངས་པ་མེད་པ་བཟོ་བའི་ཐབས་གསུང་པ་མ་གཏོགས། ཉོན་མོངས་པ་འཕེལ་བའི་གསུང་གཅིག་ཀྱང་ཡོད་མ་རེད། དེ་འདྲ་ཡིན་དུས་ནང་ཆོས་ལ་དངོས་གནས་ཀྱི་ཐོག་ཐོས་བསམ་བསྒོམ་གསུམ་བྱེད་མཁན་ཞིག་ཡིན་ན། ཐ་ནའང་རང་ཉིད་སེམས་ལ་ཞི་བདེ་ཐོབ་ནས་མི་གཞན་ལ་གནོད་པ་མི་བྱེད་པ་ཞིག་ངེས་པར་དུ་ཡོང་གི་ཡོད་རེད།

དེ་འདྲ་པོ་ནང་ཆོས་ལ་ཉམས་ལེན་བྱེད་མཁན་མི་གཅིག་ཡོད་ན་མི་གཅིག་ཞི་བདེ་ཐོབ་ཐུབ་པ་དང་། མི་བརྒྱ་དང་སྟོང་ཡོད་ན། མི་བརྒྱ་དང་སྟོང་ཞི་བདེ་ཐོབ་ཐུབ་པ་ཡིན། རྒྱལ་ཁབ་གཅིག་ལ་ཁྱབ་ཐུབ་ན་རྒྱལ་ཁབ་གཅིག་ཞི་བདེ་ཐོབ་ཐུབ་པ་དང་། འཛམ་བུ་གླིང་ཡོངས་ལ་ཁྱབ་ཐུབ་ན་འཛམ་བུ་གླིང་ཡོངས་ཞི་བདེ་ཐོབ་ཐུབ་པ་སོགས་ཚེ་འདི་གཅིག་པུ་ལ་བསམ་ནའང་ཕན་ཐོག་ཆེན་པོ་ཡོད་པ་འདི་འདྲ་རེད། དེ་ཡིན་དུས་ནང་པ་སངས་རྒྱས་པའི་ཆོས་ཟེར་བ་དེ་སེམས་ལ་ཡོད་པའི་ཉོན་མོངས་པ་རྣམས་འདུལ་བའི་ཐབས་ཤེས་ཞིག་ཡིན་པ་ཡིན་དུས་སེམས་ཀྱིས་འཛིན་དགོས་པ་ཡིན་གསུངས།། །།#运动员闪耀计划##我的绿色生活##萨迦法王#

རྩ་བའི་བླ་མའི་འདས་མཆོད་དུས་དྲན།

ཨེ་མ་ཧོ།

欸麻哄
རྒྱ་ཆེན་བཤད་སྒྲུབ་ནམ་མཁའི་མཛོད་ཀྱི་བདག།
嘉切学智辣卡座且达。
བསླབ་གསུམ་ཚུལ་ཁྲིམས་སྡེ་སྣོད་འཛིན་པའི་གཤེན།།
喇松慈成登诺子比辛。
གངས་ཅན་སྨྲ་བའི་དབང་པོ་རྗེ་བཙུན་པ།།
刚杰嘛位翁波吉孜巴,
ངེས་དོན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས།།
恩多西念切波索王得。

༄༅།།པཎ་ཆེན་ཡེ་ཤེས་རྩེ་མོར་༧རྗེ་དགེ་འདུན་གྲུབ་པས་དང་པོ་ཁོ་བོ་དཔེ་ཆ་མང་པོ་ཟིན་པ་གཅིག་ཡོད་དེ། ད་ཚིག་རེ་རེ་ལའང་དཀའ་ལས་ཆེ་བར་འདུག དོན་ལ་འཆི་བ་ཁོ་འོང་བར་འདུག།ཤི་ནས་གར་འགྲོ་ནི་ཆ་མེད་གསུངས། དེ་ལ་པཎ་ཆེན་ཡེ་ཤེས་རྩེ་མོས། ༧རྗེ་རིན་པོ་ཆེ་ནི། ཕྱི་མ་ལ་སྔར་བདེ་བ་ཅན་དུ་འབྱོན་བཞེད་ཡོད་ནའང་། ཕྱིས་དགའ་ལྡན་དུ་འབྱོན་བཞེད་ཡོད་པ་ཡིན་ཞེས་མི་ཀུན་གླེང་བར་འདུག་ལགས་ཞུས་པས་༧རྗེའི་ཞལ་ནས། ཁོ་བོ་ལ་དེ་ལྟ་བུའི་འདོད་པ་ཕུར་ཚུགས་པ་མེད། རྗེ་བཙུན་གྱི་སྐུ་བཞེངས་པ་འདི་ཡང་སེམས་ཅན་ཐམས་ཅད་རྗེ་བཙུན་གྱི་འཁོར་དུ་སྐྱེས་ཏེ་ཐེག་ཆེན་གྱི་ཆོས་ལ་ལོངས་སྤྱོད་པའི་རྟེན་འབྲེལ་དུ་བསམས་ཏེ་བྱས་ཤིང་། བདེ་བ་ཅན་ལ་སོགས་ན་གདུལ་བྱ་ཡང་དག་པ་འབའ་ཞིག་ཡོད། དེ་བས་མ་དག་པའི་གདུལ་བྱ་རྣམས་གདུལ་བའི་ཕྱིར་དུ་རེ་ཞིག་ལ་མ་དག་པའི་ཞིང་འདིར་ཀ་སྡོད་འདོད་ཡོད་པ་ཡིན། ཞེས་གསུངས།།


发布     👍 0 举报 写留言 🖊   
✋热门推荐
  • 压舱石:银行补充下电力:这个板块最近洗的太狠,但核心个股其实没跌,继续观察,等风来。 【指数层面】1、大盘昨天讲过,日线率先突破趋势转多,信号给了必须要信,就像
  • 把健康的责任落实到每个人,把健身的任务落实到每一天,让健身成为一种生活方式,坚持不懈、持之以恒,我们必能拥有更加强健的体魄、更加饱满的精神,健康中国建设就有了更
  • 坐火车从里斯本到小镇要1小时,从小镇坐公交40分钟就到达了,全球最值得去的50个景点的地方,欧洲大陆的最西端的罗卡角~古人一度以为这边就是世界的尽头,路止于此、
  • 良驹电梯-小程序服务已经上线欢迎大家扫码了解良驹电梯小程序。北京良驹科技有限公司自成立以来,始终坚持以客户为中心,秉着“想客户之所想、急客户之所需”的经营理念,
  • 要比惨,顾千帆真的要比宋引章惨太多了,更让人心疼的是,顾千帆的遭遇全都是外界强加给他的,他没有做错任何事,但却一出生就走上了注定悲剧的人生。 他打打杀杀,终于
  • 这种顺利可能并不是某些事情不会发生,而是,就算你已经知道它会发生,会以一个正向的态度去面对它,心中不会有抱怨更不会有恐惧,心顺一切皆顺的状态[太阳]多了,烦了,
  • 20句让你一眼惊鸿的句子 1.且熬过三冬四夏,暂受些痛苦,雪尽后再来看梅花。 2.趁醉入扁舟,春江都是酒。 3.今生如果美好,我又何求来世。 4.能遇见
  • 如果你想创业拼店联盟真的是首选,现在我掌管这20家店铺,平均每天每个店铺都有一笔丰厚利润#宝宝的少女心# 可遗忘的本领,下了班,坐一个半小时的北京地铁,让我感受
  • 当看到破碎的琴时,他是否会放弃自己的梦想,是否会不在追求,当被霸凌时,他是否会学会反抗,还是默默忍受……“天会亮的 你有我呢”他或许觉得自己很倒霉,但他不知道
  • 奉献您的爱心,延续爱的希望。奉献您的爱心,延续爱的希望!
  • [鼓掌]《底特律:化身为人》的游戏总监David Cage近日在DICE峰会上谈及了为何这款游戏花费了如此长的制作周期。《极限特工3》讲述了迪塞尔扮演的Xand
  • #夏日美食大作战# #城市巡游记# 【薇娅直播推荐】日本进口艾杜纱,轻松刷出浓密卷翘的长睫毛~防水防汗,持久不晕染,根根分明超自然,打造纤长睫毛,一刷浓密,
  •   但在这十年中,有三个问题一直盘旋在所有医疗从业者和投资者心中,如鲠在喉,难以释怀:医疗投资是红海抑或蓝海?唯有破除心灵的藩篱,一步步走出自我的小天地,去开拓
  • 晚上(强烈推荐:看又见敦煌)day6️⃣敦煌—瓜州—天下第一雄关嘉峪关—张掖七彩丹霞国家地质公园—张掖丹霞住宿 day7️⃣张掖—扁都口—祁连大草原—俄博丝绸古
  • 更没想到的是,包文倩在直播时对此事还做出回应,称自己很爱老公,觉得包贝尔非常优秀,直言:“我也很纳闷,爱一个人有问题?问他怎么还不回,他大声嚷嚷:我在给你满大街
  • day2:睡到自然醒吃货三人组直奔土鸡米线,3人点了4碗,恨不得每种都尝尝,太好吃了,攻略没白做[666]吃完土鸡米线,又去买昨天没吃到的杨记饵块,果然早上不排
  • ”#王一博出道六周年快乐# wyb#王一博平安喜乐# 在2020年的9月15日我们迎来了小啵出道的第六个周年,这个可爱的小笨猪干净而温柔,是上帝赐给我的一束
  • [月亮]春天买了一本书信誓旦旦地要寄出去可终究被理智说服一年快过去了今天把它拿出来发现上面已落了一层尘埃轻轻把灰尘掸去还觉有点呛眼[佩奇]四年级的阅读越来越有深
  • 我真的是一个无辣不欢的人 打疫苗别人的顾及是不能洗澡 我当然也有一点 但我最大的就是我几天不能吃辣 目前为止吃过最辣的食物应该是小辣椒绿的(朝天椒还是什么不
  • 有动手做的喻黄和索夜陪我度过三年光阴还有ever after作为高三一整年的解压法宝所以我来了,中大临八感谢我一直爱着的喻黄也祝福被喻黄爱着的我和你【世界500