༄། ཞེ་དཀར་གླུ་ཆུང་། 

ལོ་ཉི་མ་འགྲོ་རྒྱུ་ད་ཞིག་རེད། །
རྒས་ཟེར་བ་རླུང་གི་མགྱོགས་ཤིག་རེད། །
ཁ་འཁོར་ལོང་ཙམ་ཞིག་མ་བྱིན་གི །
ཁ་ཚེ་སྟོད་ཟད་ནས་ཚེ་སྨད་ཐུག །
དེ་ཐུག་རུང་བཀོད་པ་ཅི་ཙུག་གདའ། །
མྱི་རྒས་རུང་མྱི་གཤིས་རྒས་མི་ཉན། །
ཁྲེལ་ཕྱི་ཐག་ཡོད་དགོས་གངས་ཅན་པ། །

དགྲ་འཆི་བདག་ཐོན་རྒྱུ་ད་ཞིག་རེད། །
ཤི་ཟེར་བ་གློག་གི་མགྱོགས་ཤིག་རེད། །
མིག་ཀྲབ་དབང་ཙམ་ཞིག་མ་བྱིན་གི །
འདི་མར་མེ་རླུང་གིས་བཏབ་འདྲ་རེད།
དེ་ཡིན་རུང་བཀོད་པ་ཅི་ཙུག་གདའ། །
མྱི་ཤི་རུང་ལས་འབྲས་བསླུ་མེད་རེད།  
ལས་རྒྱུ་འབྲས་མ་སྣོག་གངས་ཅན་པ། །
༢༠༢༢/༠༤/༠༢

温度尔活佛赞
༄༅། །རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚུལ་དོན་གཉིས་ལྷུན་གྲུབ་ཞེས་བྱ་བ་བཞུགས་སོ། །་
༄༅༅། །ན་མོ་གུ་རུ་མཧཱ་ཀཱ་རུ་ཎི་ཀ་ཡ།
རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚུལ་དོན་གཉིས་ལྷུན་གྲུབ་ཞེས་བྱ་བ་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཞབས་ལ་དུས་ཐམས་ཅད་དུ་གུས་པས་ཕྱག་འཚལ་ལོ། །
དགེ་ལེགས་འདོད་དགུའི་འབྱུང་གནས་སྲིད་ཞིའི་མགོན། །རིགས་ཀུན་ཁྱབ་བདག་ཟླ་མེད་ཐུགས་རྗེ་ཅན། །རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་འཛིན། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །


བློ་ཆེན་བསྐལ་བཟང་སངས་རྒྱས་ཀུན་གྱི་དངོས། །ལུང་རྟོགས་བསྟན་པ་རིན་ཆེན་འབྱུང་བའི་གནས། །ཐེག་གསུམ་ངུར་སྨྲིག་རྒྱལ་མཚན་འཛིན་པའི་གཙོ། །སྐྱབས་གནས་ཀུན་འདུས་མཆོག་ལ་ཕྱག་འཚལ་ལོ། །


འཇམ་མགོན་བློ་བཟང་གྲགས་པའི་བསྟན་པ་མཆོག །རིས་མེད་འགྲོ་ལ་རྒྱལ་བའི་དགོངས་པ་བཞིན། །སྤེལ་མཛད་མཚན་མཆོག་དོན་དང་ལྡན་པའི་རྗེ། །ཛྙཱ་ན་བཛྲའི་ཞབས་ལ་ཕྱག་འཚལ་ལོ། །


དྲན་པ་ཙམ་གྱིས་ཉེར་འཚེ་ཀུན་ལས་སྐྱོབས། །ཐོས་པ་ཙམ་གྱིས་སྲིད་ཞིའི་གདུང་བ་སེལ། །མཐོང་བའི་མོད་ལ་གཏན་བདེར་འགོད་མཛད་པ། །བླ་མའི་སྐུ་གསུང་ཐུགས་ལ་ཕྱག་འཚལ་ལོ། །
ཚུལ་ཁྲིམས་གསེར་གྱི་ཡུ་བ་བརྟན་པོ་ལ། །རིན་ཆེན་ལྷག་བསམ་བཟང་པོའི་གོས་ཀྱིས་ཀླུབ། །ཟབ་ལམ་དབང་གི་རྒྱལ་པོའི་ཏོག་གི་མཛེས། །གསུམ་ལྡན་རྡོ་རྗེ་འཛིན་ལ་ཕྱག་འཚལ་ལོ། །
སྲིད་པར་ཉམ་ཐག་འགྲོ་ལ་བུ་གཅིག་ལྟར། །བརྩེ་བ་ཆེན་པོས་ཀུན་ལ་ཕན་བདེ་སྟེར། །སྤྱན་རས་གཟིགས་དབང་སྐྱོབ་པ་ཐམས་ཅད་ཀྱི། །ཐུགས་རྗེའི་བདག་ཉིད་ཁྱོད་ལ་གསོལ་བ་འདེབས། །


རབ་འབྱམས་ཤེས་བྱ་ཇི་བཞིན་ཐུགས་ཆུད་ནས། །དུས་ལས་མི་འདས་ལྷུན་གྲུབ་མཛད་པ་ཅན། །འཇམ་པའི་དབྱངས་དངོས་བདེ་གཤེགས་ཐམས་ཅད་ཀྱི། །མཁྱེན་རབ་དབང་ཕྱུག་ཞབས་ལ་གསོལ་བ་འདེབས། །
ཕྱི་ནང་བདུད་སྡེ་མཐའ་དག་དྲུང་ཕྱུང་སྟེ། །སངས་རྒྱས་ཀུན་གྱི་གསང་བའི་མཛོད་འཛིན་པ། །ཕྱག་ན་རྡོ་རྗེ་རྒྱལ་བ་ཐམས་ཅད་ཀྱི། །ནུས་མཐུས་མངའ་བདག་ཆེན་པོར་གསོལ་བ་འདེབས། །


མ་རུངས་མཐའ་འཁོབ་སྙིགས་མའི་ལྔ་བདོ་བའི། །གདུལ་དཀའ་བདག་ཅག་འགྲོ་རྣམས་ཐབས་མཁས་ཀྱིས། །སྨིན་གྲོལ་ལམ་བཟང་བཀྲི་བའི་སྨོན་ལམ་མཐུས། །ལེགས་གྲུབ་ས་མཁན་ཆེན་པོར་གསོལ་བ་འདེབས། །


གདོད་ནས་རྣམ་དག་བདེ་ཆེན་ཆོས་སྐུའི་ཀློང་། །དམིགས་མེད་ཐུགས་རྗེའི་དབང་གིས་སྲིད་མཐའི་བར། །བགྲང་ཡས་སྐུ་ཡི་རྣམ་རོལ་ཅིར་ཡང་སྟོན། །སྐུ་བཞིའི་བདག་ཉིད་ཁྱོད་ལ་གསོལ་བ་
དེ་ལྟར་རྩེ་གཅིག་དད་པས་གསོལ་འདེབས་ན། །ཐུགས་བསྐྱེད་བྱིན་རླབས་མཐུ་དཔུང་ཆེར་བསྐྱེད་དེ། །ཕན་བདེའི་གཞི་རྩའི་དྲི་མེད་བཤད་སྒྲུབ་ཀྱི། །བསྟན་པ་རིན་ཆེན་རྒྱས་པར་མཛད་དུ་གསོལ། །


བདག་སོགས་དེང་ནས་སྐྱེ་ཞིང་སྐྱེས་པ་རུ། །ལས་དང་ཉོན་མོངས་དུག་གསུམ་དེས་བསྐྱེད་པའི། །ནད་གདོན་སྡིག་གྲོགས་འཇིག་རྟེན་ཆོས་བརྒྱད་སོགས། །ཕྱི་ནང་འགལ་རྐྱེན་ཀུན་གྱིས་མི་བརྫི་ཞིང་། །


མཐུན་རྐྱེན་ཕན་ཚུན་ཡིད་མཐུན་ཆོས་བཞིན་སྤྱོད། །ཚེ་བསོད་ཤེས་རབ་དད་བརྩོན་སྟོབས་འབྱོར་འཕེལ། །ཁྱད་པར་དམ་པའི་བཤེས་ཀྱིས་རྗེས་བཟུང་ནས། །མཉེས་པ་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །


དལ་འབྱོར་རྟེན་བཟང་རྙེད་དཀའ་འཇིག་སླ་ཞིང་། །ལས་འབྲས་བསླུ་མེད་ཚུལ་ལ་ངེས་རྙེད་ནས། །ངན་སོང་དུཿཁས་འཇིགས་ནས་སྐྱབས་འགྲོ་དང་། །དགེ་སྡིག་བླང་དོར་ནུས་པར་བྱིན་གྱིས་རློབས། །


མི་བཟད་སྲིད་པའི་བཙོན་རར་ཞེན་ལོག་ཏེ། །མ་ལུས་ཡོན་ཏན་གཞིར་གྱུར་ཁས་བླངས་པའི། །ཚུལ་ཁྲིམས་རྣམ་དག་བསླབ་གསུམ་ཉམས་ལེན་གྱིས། །ཐར་ལམ་བཙན་ས་ཟིན་པར་བྱིན་གྱིས་རློབས། །


མཁའ་མཉམ་མ་རྣམས་སྒྲོལ་བའི་ཁུར་འཁྱེར་བའི། །རྒྱལ་སྲས་སྤྱོད་པས་ཕྱིན་དྲུག་བསྡུ་བཞི་སོགས། །མཐའ་བྲལ་དབུ་མའི་ལམ་དང་ཟུང་འབྲེལ་དུ། །འབད་པས་ཚོགས་གཉིས་རྫོགས་པར་བྱིན་གྱིས་རློབས། །


ཕྲ་ཞིབ་རིགས་པས་ཕར་ཕྱིན་ལམ་གྱི་གནད། །ཇི་བཞིན་ངེས་ནས་སྣོད་རུང་གྱུར་པ་ན། །ཟབ་ལམ་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས། །ཚེ་གཅིག་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས། །


བདག་གཞན་འཁོར་འདས་ལེགས་བྱས་བགྱིས་སོ་ཅོག །རྒྱལ་བ་སྲས་བཅས་མཛད་སྨོན་ཀུན་འགྲུབ་ཅིང་། །དཔལ་ལྡན་བླ་མའི་དགོངས་བཞེད་ཁྱད་པར་ཅན། །མ་ལུས་ཇི་བཞིན་འགྲུབ་པའི་རྒྱུ་རུ་བསྔོ། །


དེ་ཡི་མཐུ་ལས་མཁའ་མཉམ་མར་གྱུར་འགྲོ། །ཐེག་མཆོག་འཁོར་ལོ་བཞི་ལྡན་རྟེན་ཐོབ་ནས། །ལུང་རྟོགས་དམ་པའི་ཆོས་ཚུལ་ཀུན་བཟང་ཏེ། །བླ་མེད་རྫོགས་པའི་བྱང་ཆུབ་མྱུར་ཐོབ་ཤོག །


བླ་མ་མཆོག་གསུམ་བྱིན་རླབས་ཐུགས་རྗེ་དང་། །བདག་ཅག་ལྷག་བསམ་དད་མོས་ཆོས་དབྱིངས་མཐུ། །གཅིག་ཏུ་ཚོགས་པའི་རྟེན་འབྲེལ་བདེན་སྟོབས་ཀྱིས། །དོན་གཉིས་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་ཤོག །

། །


དེ་ལྟར་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་བདག་ཉིད་བདག་ཅག་རྣམས་ལ་བཀའ་དྲིན་འཁོར་མཐའ་མ་མཆིས་པ་ཁྱབ་བདག་འཁོར་ལོའི་མགོན་པོ ༧ རྗེ་བཙུན་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚུལ་འདི་ཡང་གོང་གི་རྣམ་ཐར་ལ་མི་ཕྱེད་པའི་དད་པས་ཀུན་ནས་སླང་སྟེ། རང་ཉིད་སྐྱེས་སྦྱངས་ཡོན་ཏན་གྱིས་དབེན་ཀྱང་དམ་པའི་མཚན་གྱིས་བྱིན་གྱིས་རླབས་པ་རྒྱུ་མཚན་དུ་བྱས་ནས། མགྲིན་བཟང་གཟིག་ལྦགས་གྱོན་པའི་ངང་ཚུལ་ཅན་ཤཱཀྱའི་རྗེས་འཇུག ༧ བློ་བཟང་ཐུབ་བསྟན་དབང་ཕྱུག་འཇིགས་མེད་རྒྱ་མཚོས་དུས་ཀྱི་ཕོ་ཉ་ཞེས་པ་ས་ཕོ་རྟའི་ལོར་དད་རྟེན་དུ་རྗེ་བཙུན་བླ་མ་དམ་པ་དེ་ཉིད་ཀྱི་སྐུ་བརྙན་བཞེངས་སྐབས་སྣྲོན་ཟླ་བའི་ཚེས་བཅུ་དགུའི་ཉིན་སུག་བྲིས་སུ་བགྱིས་པ་འདིས་ཀྱང་འགྲོ་ཀུན་ཐེག་པ་མཆོག་གི་དགེ་བའི་གཤེས་གཉེན་གྱིས་རྗེས་སུ་འཛིན་པར་གྱུར་ཅིག།

།།

༄།།པར་འདི་ནི་རྒྱ་གར་ཧིན་རྡུའི་བླ་མ་ཤཱི་ཝ་ན་དཱ། དགུང་ལོ་125- རེད་འདུག ཕྱི་ལོ་1896- ལོར་བྷང་ལ་དྷི་ཤི་ལ་འཁྲུངས། ཁོང་ལ་ད་ལོ་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་སོགས་ཀྱིས་མཇལ་འཕྲད་དང་། གཟེངས་རྟགས་མཐོ་ཤོས་པཱ་ཏི་མ་ཤྲཱིའི་གཟེངས་རྟགས་གནང་འདུག ཁོང་ཚེ་རིང་པོ་དང་གཟུགས་པོ་ཧ་ཅང་ཐང་པོ་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ནི། གཙོ་བོ་ཡོ་ག་ལ་ཉམས་ལེན་བྱས་པ་དང་། ལོ་ལྔ་བཅུ་སྔོན་ནས་སྣུམ་རིགས་མི་ཟ་བ། མ་སཱ་ལིའམ་ཤ་སྨན་རིགས་མི་ཟ་བ་བཅས་ཡིན་ཟེར། གཤོག་སྒྲས་བྲིས། 2022-3-23- https://t.cn/Ryh6x8y


发布     👍 0 举报 写留言 🖊   
✋热门推荐
  • 笑死了家人 我今天进电梯里面 两个小姑娘跟我进来着 然后问我是不是cyx的姐姐 我说是 然后问她怎么了 她说什么钥匙扣掉了想问我弟捡没捡着 然后我寻思那我得好好
  • 泰康人寿健康险事业部总经理万莉慧详解泰康绿通十年升级✌️更有网友互动环节等您参与~泰康绿通健康大讲堂,每周2️⃣晚7️⃣点见Doriscon 千叶灰❤️dcgi
  • 因为有的草药没有有的刚泡上有的我又给舍弃了,我又想有所拓展——就是让它不单单只治肩周炎,所以最终外用方为:当归,草红花,两面针,骨碎补,白芥子,桂皮,樗白皮,水
  • 而我没忘,也不会忘,守护T-ARA的高地水晶有我一份。因为TTL入坑,是容易发脾气,容易见异思迁的花心的白羊座,但是因为你们学会了很多很多,这些品质更是以后走下
  • 你几月出生,就是什么水,太准了! 人生当如水,有时像大河,有着惊涛骇浪般的精彩;有时像小溪,有着风平浪静的恬适。 其实,水不仅仅是美好的代表,不同类型的水,
  • 大概是女孩子长大后 碰见过太多油腻的男子 履历过太多的装腔作势 目前只想跟一个清洁的男生在一路 清洁的男生头脑都很纯真 他们没有那末多昏暗害计别有效心的去靠近你
  • 美学设计:舒适是当今世界的重要特征舒适是当今世界的一个重要特征,这两款以抽象表达展现极简形态的设计概念,进一步剥离任何装饰性;我们希望摆脱不必要的外在元素,最终
  • 买西瓜的时候不要敲敲打打,会惊动里面的夏天善良不是软弱更不是退让,而是从不主动伤害别人,不会纠缠不休,懂得适可而止。以诚恳善良的心去面对所有的人慢慢的长大了,却
  • 今天已经4号了[泪]超级无敌焦虑的状态 反而认真学起来时间就过得特别快 快到没办法掌握的地步 急于求成是不好的心态 但是卡在同一个地方三天让自己很没有成就感[泪
  • ❌原耽作者粉,不管是光母或者P还是谁都NON,大部分情况只是单纯看个作品(我对作品会投雷买正版但绝对反感原耽作者的小粉丝)。可怜的文哥,她只是想做饭她有什么错,
  • (7月27日,满洲里-丹东)[微风]看点:呼伦贝尔大草原、草原风光......白岩松曾说过这么一段话:“对于生活在钢筋水泥森林里的人们来说,草原似乎就是药,来到
  • #虞书欣王鹤棣换身让秦岚混乱了#《苍兰诀》最戳我的一点之一就是,小兰花的情绪骗不了大强,东方青苍说的话看起来像情话,但是他都不知道,因为他说的都是实话,小兰花就
  • 而拍摄这幅画面的相机实拍效果实际如下方的左图,由于太阳高度角较低,只能照到高处的布宫,低处的转经筒和人都在阴影中,故而光比极大。在日出场景方面,我使用间隔拍摄功
  • 仿佛那些时光全在这段隧道里,只剩下快速的,模糊的残影,再抬头已是茫然的现世,等待下一次进入隧道。这段自家去往南京的路途已看过无数遍,无人的旷野,高耸的电塔,零星
  • 带回派出所后,民警耐心与该男子交谈,该男子只能描述其姓涂,家住旺草,不能提供更多信息及家人的联系方式,离家出走后迷路无法回家。还有喜欢展示朋友,家人,同学,邻
  • 很多時候你以為你已經了解他了,但他其實還有許多面。飾演傑克船長,你可以隨心所欲地說鬼話,還可以逗大家笑,他的玩世不恭和愛德華的純潔,同樣都帶給我很真實的安全感,
  • ”森罗这个名字听起来给人一种国际范,非常好听,但其实在诗中是形容战舰的意思,所以也可引申寓指男孩子不凡的气质。“锋”字内涵也比较丰富,可指带头在前列的人,也可比
  • 3.不要嫌麻烦,期初我们画的线条准确度不高,可以多画一些线条,稍微注意一下轻重之分,确定了再画一条最重的线条,尽量一笔到位,画错了也没关系,再画就是了,特别是模
  • 2、对自己掌控范围之外的事,少期待少要求少抱怨;同样,对掌控范围之内的事,尽量解决妥当很多姑娘在恋爱中难过的一大根源就是:她们对自己无法掌控的事,永远抱有极高的
  • #白鹿[超话]##向全世界安利白鹿# Day4最喜欢她的哪幅手写字图 如果要说我最喜欢的一个手写字幅那就是来自《一生一世》里的电视剧台词:“世人大多眼孔浅显,只