༄༅། །མ་མོ་འཁྲུགས་སྐོང་བསྡུས་པ་ནི།
《攝略媽姆念怒酬補文》

ཡེ་ཤེས་དབྱིངས་དང་འཇིགས་རྟེན་གྱི། །
益西央當久登幾

智慧法界與世間
སྣང་སྲིད་མ་མོ་འཁྲུགས་པའི་རྒྱུ། །
震者瑪母措布結

現有天母忿怒因
ཉམས་ཆགས་འགལ་འཁྲུལ་སྐོང་ཞིང་བཤགས། །
年卻趕次功勇學

失壞違越酬補懺
གསོལ་ལོ་མཆོད་དོ་དགྱེས་པར་མཛོད། །
所洛秋多吉巴作

祈禱供養願喜足

ལས་རབ་གླིང་པས་སོ།
列繞郎巴大師造。

༄༅། །ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ལ་མོ་ཡོངས་འཛིན་མཁས་གྲུབ་རྒྱ་མཚོའི་ཞལ་ནས།

སྟོན་པ་དང་བླ་མའི་སྤྱན་སྔར་ཁས་བླངས་པའི་ཉེས་པ་ལ་ཉེས་པར་མཐོང་ངམ། ཞེས་ངས་ཉེས་པ་ཤེས་སོང་ཟེར་བ་དང་། ཕྱིན་ཆད་ལེགས་པར་སྡོམ་མམ། ཞེས་ཕྱིན་ཆད་སྲོག་ལ་བབས་ཀྱང་ལམ་དེ་ལ་མི་ཞུགས། ཞེས་ཟེར་ཀྱང་། དེའི་རྗེས་སུ་ཅུང་འགོར་ནས་བྱ་བ་ངན་པ་དེར་ཞུགས་པ་ཁྲེལ་མེད་ཡིན་པའི་རྟགས་ཡིན།


བསམ་བློ་བཏང་ན་བསྟན་དགྲ་དང་བསྟན་བཤིག་རང་ཉིད་ཡིན། སྤྱིར་མི་གཞན་གྱིས་མཚང་བྲུས་ན་ཁོང་ཁྲོ་ལངས་མོད། གདམས་ངག་མཚང་ལ་འབབ་པ་གདམས་ངག་གི་མཆོག་ཟེར། འཇིག་རྟེན་གྱི་གཏམ་དཔེ་ལ། མི་བཟང་བོ་བྱེད་ན་སྐྱོན་ལ་མཛུབ་མོ་ཚུགས་ཟེར། མི་བཟང་བོ་བྱེད་ན་ཁྱོད་ལ་སྐྱོན་ཆ་འདི་ཡོད། ཅེས་བཤད་ན་སྐྱོན་ངོས་ཟིན་ཏེ་མི་བཟང་བོ་ཞིག་ཏུ་འགྱུར་བ་རེད།


མི་གཞན་ཞིག་གིས་རང་ལ་མཚང་བྲུས་ཚེ་རང་ལ་སྐྱོན་ཡོད་ན་ངོས་ཟིན་རྒྱུ་དང་། མེད་ནའང་དེ་ལ་མཉམ་འཇོག་བྱ་དགོས། ཐོག་མཐའ་བར་ལས། བདག་ལ་བརྡེག་འཚོག་མཚང་འབྲུའི་སེམས་ཅན་རྣམས། །མཐོང་ངམ་ཐོས་སམ་ཡིད་ལ་དྲན་པའི་ཚེ། །ཁོང་ཁྲོ་བྲལ་ཞིང་སླར་ཡང་དེ་དག་གི །ཡོན་ཏན་བརྗོད་ཅིང་བཟོད་པ་སྒོམ་པར་ཤོག །ཅེས་པས་རང་ལ་བརྡེག་པ་དང་། རང་ལ་མཚང་འབྲུ་བ་སོགས་མིག་གིས་མཐོང་བ་དང་། རྣ་ཡིས་ཐོས་པ་སོགས་ཡིད་ལ་དྲན་པའི་ཚེ། ཁོང་ཁྲོ་མི་ལངས་པར་མི་དེ་དག་གི་ཡོན་ཏན་བརྗོད་ཅིང་བཟོད་པ་སྒོམ་པར་ཤོག་ཅེས་གསུངས།

དེའི་རྐྱེན་གྱིས་བཟོད་སེམས་བསྟེན་རྒྱུ་གལ་ཆེ། ངག་ནས་འདི་ལྟར་བསྒྲགས་ཀྱང་དོན་ལ་བསམ་བློ་གཏང་རྒྱུ་གལ་ཆེ་སྟེ། ང་ཚོས་ནེ་ཙོས་མ་ཎི་འདོན་བཞིན་འབུ་གསོད་པ་ལྟ་བུ་བྱེད་བཞིན་འདུག

རང་རེ་རྣམས་སང་ཉིན་གསོད་ངེས་ཤིང་དག་པ་ཞིག་དེ་རིང་ཟ་མ་ཟོས་ནས་སྐྱིད་པོ་བྱེད་པ་དང་ཁྱད་པར་མེད། རང་ཉིད་དེ་རིང་མ་ཤི་གོང་དུ་ཆོས་མ་བྱས་ན་འཆི་བ་ནམ་ཞིག་རང་གི་སྟེང་ལ་འོང་བ་མི་ཤེས་པས་འཆི་བའི་ཚེ་ལས་ཀྱི་དབང་དུ་འགྲོ་དགོས་ཏེ། གུང་ཐང་བསྟན་པའི་སྒྲོན་མེའི་ཞལ་ནས། འུ་ཅག་འདོད་དང་མི་འདོད་ཁ་ན་མེད། །ཡ་མཚན་བཀོད་པ་ལས་ཀྱིས་བཞག་སྟེ་འོང་། །ཞེས་གསུངས་པ་ལྟར་ང་རང་ཚོས་འདོད་མི་འདོད་ཀྱི་ལག་ན་མེད་པར་སྐྱེ་བ་སྔོན་མའི་ལས་ཀྱི་ལག་ན་ཡོད། ཆོས་པ་རབ་འཆི་བ་ལ་བྲོད་པ་དང་། །འབྲིང་མི་སྐྲག་པ་ཞེས་པ་ནི་དཔེ་ཆ་ལ་ཡག་པོ་བལྟས་ནས་དེ་ལ་ཉམས་ལེན་ཡག་པོ་ཞིག་བྱེད་ཐུབ་ན་འཆི་བ་ལ་དགའ་བ་རེད། དཔེར་ན་བུ་ཞིག་ས་ཆ་གང་སར་སོང་ནས་ཕྱིར་རང་གི་ཡུལ་ལ་ཐོན་པའི་སྐབས་སུ་བུ་དེའི་སེམས་ནས་ང་རང་ཡུལ་ལ་ཐོན་སོང་བསམ་པའི་དགའ་སྤྲོ་སྐྱེས་པ་ལྟར། ཆོས་པ་རབ་ཅིག་བུ་ཕ་ཁྱིམ་ལ་འགྲོ་བ་ལྟར་འཆི་བ་ལ་དགའ་སྤྲོ་དེ་ལྟ་བུ་ཞིག་སྐྱེས་པ་རེད།


སྐྱེ་བ་འདིར་མི་ལུས་ཤིག་ཐོབ་པས་བླ་མ་དཀོན་མཆོག་གི་བཀའ་དྲིན་ལ་བརྟེན་ནས་དཔེ་ཆར་ཅུང་ཙམ་ཞིག་བལྟས་པ་དང་། གཞུང་ལུགས་ལ་དཔྱད་པ་ཅུང་ཙམ་ཞིག་བྱས་ཤིང་། དེའི་དོན་ཡང་ཅུང་ཙམ་གོ

དེ་ལ་བརྟེན་ནས་ལས་རྒྱུ་འབྲས་ཀྱང་ཅུང་ཙམ་ཞིག་བརྩིས། ད་དུང་ཁ་བཏོན་དགེ་སྦྱོར་གཟུངས་སྔགས་ཟབ་མོ་སོགས་ཀྱང་བྱས་ཡོད་པས་ད་ཤི་ཡང་བླ་མ་དཀོན་མཆོག་གི་ཐུགས་རྗེའི་སྟོབས་ཀྱིས་ངན་སོང་ནས་མི་སྐྱེས་སྙམ་པའི་གདེངས་ཡོད་ན་འཆི་བ་ལ་མི་སྐྲག་པ་རེད། ང་ཚོ་ལྟ་བུས་ཤི་ཁར་སྐྲག་སྣང་བྱུང་ནས་ཨ་ལགས་ཤིག་ལ་སྐྱབས་འཇུག་ཞུ་དགོས། ངས་ཚེ་འདིར་ཆོས་ཤིག་བསྒྲུབས་མ་ཐུབ། ཅེས་ཤི་ཁར་འགྱོད་པ་གཏིང་ནས་སྐྱེས་དུས་ཚར་སོང་བ་རེད།


ཆོས་པ་རབ་ཅིག་འཆི་བ་ལ་དགའ་བ་རེད། ཆོས་པ་འབྲིང་ཞིག་གིས་ངས་རང་གི་ནུས་ཚོད་ཀྱིས་ཆོས་ཤིག་བསྒྲུབས་པས་ངན་སོང་ལ་མི་སྐྱེས་སྙམ་དུ་འཆི་བ་ལ་མི་སྐྲག་པ་རེད། ང་ཚོ་ལྟ་བུ་ཚེ་འདིར་དོན་མེད་བསྡད་པས་སང་ཉིན་ཁྱོད་འཆི་རྒྱུ་རེད་ཟེར་རྒྱུ་ན་ཧ་ཅང་སྐྲག་སྣང་སྐྱེས་ཤིང་འགྱོད་པ་སྐྱེས་ནའང་སྐབས་དེར་ཚར་ཟིན་པ་རེད། སྐྱེས་པའི་མཐའ་མ་འཆི་དགོས་པས་ལས་ཉོན་གྱི་དབང་གིས་སྐྱེས་ན་ལས་ཉོན་གྱི་དབང་གིས་འཆི་དགོས། དེའི་རྐྱེན་གྱིས་འཆི་ཁར་རང་ཉིད་འགྱོད་པ་མེད་པ་ཞིག་བྱེད་ཐུབ་ན་ཧ་ཅང་བཟང་། བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། ལས་རྒྱུ་འབྲས་བརྩིས། རང་གི་ནུས་ཚོད་ཀྱིས་ཆོས་ཤིག་བསྒྲུབ་ན་བཟང་། དེ་ལྟར་མ་བསྒྲུབས་ཚེ་འཆི་ཁར་གན་ལ་སྐྱབས་འཇུག་ཞུས། འདི་ལ་སྐྱབས་འཇུག་ཞུས་ཟེར་དུས་ཚར་ཟིན་པ་རེད།


རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་རྣམ་མགུར་ལས། སྐྱེས་ནས་སྐད་ཅིག་ཙམ་ཡང་བསྡོད་དབང་རང་མེད་པར། །འཆི་བདག་གཤིན་རྗེའི་དྲུང་དུ་བང་རྩལ་གྱིས་བརྒྱུག་དགོས། །གསོན་པོ་ཟེར་ཡང་འཆི་བའི་ལམ་ཆེན་ལ་ཆས་འདུག །ཉེས་ཅན་གསོད་སར་འཁྲིད་པའི་སྣང་ཚུལ་འདི་སྐྱོ་བ། །ཞེས་གསུངས་པ་ལྟར་ཨ་མའི་མངལ་ནས་སྐྱེས་པའི་དུས་སུ་དབུགས་ཚུར་ལེན་དགོས་པ་དང་། འཆི་བའི་དུས་སུ་དབུགས་ཕར་ལ་འཕེན་དགོས་པ་རེད། སྐྱེས་ནས་སྐད་ཅིག་མ་གཅིག་གི་ཡུན་ལ་མི་འདུག་པར་སྐྱེས་པའི་སྐད་ཅིག་གཉིས་པ་ནས་འཆི་བདག་གི་ཕྱོགས་སུ་བང་རྩལ་གྱིས་རྒྱུག་པ་ལྟར་འགྲོ་དགོས་པ་རེད།


ཕ་མ་ཚོས་ངའི་བྱིས་པ་འདི་མྱུར་དུ་ནར་སོན་རྒྱུ་ན་ཅི་མ་རུང་ཟེར། བྱིས་པ་དེའི་ཚེ་ཚད་རིང་ན་ནར་སོན་པ་རེད་མོད། འོན་ཀྱང་། དེས་དབུགས་གཅིག་ལེན་པའི་སྐབས་སུ་འཆི་བདག་གི་ཕྱོགས་སུ་ཉེ་རུ་འགྲོ་བ་ཡིན། ང་ཚོ་ལ་གསོན་པོ་ཟེར་ཡང་སྐྱེས་པའི་སྐད་ཅིག་གཉིས་པ་ནས་བཟུང་འཆི་བའི་ལམ་ཆེན་ལ་རྒྱུག་བཞིན་ཡོད། མི་ཉེས་པ་ཅན་ཞིག་གསོད་སར་འཁྲིད་པའི་སྣང་ཚུལ་དང་འདྲ་བ་ཡིན། རྣམ་མགུར་གྱི་གསུང་ཚིག་འདི་ཡ་མཚན་པའི་ཚིག་ནུས་པ་ཅན་ཞིག་ཡིན།

(༄༅། །ཀུན་མཁྱེན་འཇམ་དཔལ་ཞལ་ལུང་གི་ཁྲིད་ཀྱི་ཟིན་བྲིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་ལས་བཤུས། )

༄༅། །ཚད་མེད་བཞི་ནི།
四无量心
སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ ལྡན་པར་གྱུར་ཅིག །
愿诸众生永具安乐及安乐因
སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་ གྱུར་ཅིག །
愿诸众生永离众苦及众苦因
སྡུག་བསྔལ་མེད་པའི་བདེ་བ་དམ་པ་དང་མི་འབྲལ་བར་གྱུར་ཅིག །
愿诸众生永具无苦之乐 我心喜悦
ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའ་ིབཏང་སྙོམས་ལ་གནས་པར་གྱུར་ཅིག།
愿诸众生远离贪嗔之心 住平等舍



发布     👍 0 举报 写留言 🖊   
✋热门推荐
  • 2024北京车展上,极越07迎来了首发亮相,作为极越01的车主,自然也是相当关注,并且有幸采访到了极越的设计负责人Frank Wu,他给大家分享了极越01和被誉
  • #刘耀文后援会# 我们小孩也想要工作啊希望团粉、团偏、cpf、甜唯包括不混圈但关心刘耀文的所有人都有自己独立的思考和判断能力,比起与资本家共情,粉丝永远站在保护
  • #本命蛋白粉怎么找##蛋白粉[超话]#嘿,宝子们!今天来聊聊蛋白粉那些事儿呀! 还记得我的第一罐蛋白粉是什么吗?哈哈,那可是有着特别回忆的存在呢!当时选择
  • 《今天是第几周的周几》 听着她复述她妈妈对她说的话,我好像看到了我成为妈妈的样子,我希望,我能是这样子。 她说:“我妈说你已经长大了,这是你自己的人生,
  • #阳光信用# [鲜花]#每日一善# 爱国、敬业、诚信、友善。 善不可不弘,恶不可不去。 善心人人有,快乐你我他。 善念养善心,善心生善念。 德不积不厚,
  • #陆 大好きなディズニーさんからの招待で 『猿の惑星/キングダム』をひと足先に鑑賞させて頂きました! この物語のお話だけ見てももちろん素敵だったのですが、
  • 6种心脏部位的疼痛,可以排除心绞痛。 1、针刺样疼痛 这种疼痛就像拿针刺心脏,疼痛一般就持续几秒钟。 其实这种针刺样的疼痛,一般不是心绞痛,大多数是神经性的疼痛
  • 四月碎片存档 渐入佳境的养娃日记 养娃变得越来越有趣了或者说是惊奇 十万个为什么的答案逐渐变得不那么重要了 他每一步探索世界的过程 都是我又一次的反思与感悟
  • [打call]2024#第二十届中国国际动漫节# [打call]#国漫自由行#报名通道正式开启 [送花花]好消息: 1、连续五年入围自由行以及今年获得直通卡小
  • 我实测的是紫色这款G1-PRO,还有另外一款粉色G1(图5)两个功能是完全一致的,粉色性能上偏新手一些,另外就是默认搭配的棒子不同,粉色标配基础款,紫色标配浪涛
  • 【新乡获嘉:让“县域文旅热”成为旅游新常态】(来源:经济日报新闻客户端) 刚刚过去的“五一”假期,河南省新乡市获嘉县紧扣“行走千年古县、读懂封神文化、踏青赏
  • #鞠婧祎[超话]#我的宝宝我最爱! “玫瑰赠予你,心动随之而去,爱意不止” , "把玫瑰藏于盛夏 把海棠藏于深秋" " "
  • 清清塔罗占卜馆5月10日塔罗运势是【命运之轮】 表示命运的转折点。命运之轮已经开始运转了,一直停滞不前的事情,又开始有运作的迹象了。机会已经来到你眼前。抓不抓住
  • 想问大家,娃的荨麻疹的问题都咋解决的? 广西南宁廖女士现在觉着,萱宝的问题好多啊。 脾胃不好擦,又有荨麻疹。对她来说。比积食更闹心。 也是大概不到二岁,有一天
  • 4.简洁顺滑的ui……但是,这半年来,具体到活动质量、推广、制作组态度、文案质量等都感觉有下滑(文案主要针对荣光加冕)我在玩异乡行歌活动的时候有种说不上来的难受
  • 打小就喜欢什么事都憋着后来被教育要学会去表达自己的喜怒哀乐,藏着掖着旁人可能会不懂,就会有许多不必要的矛盾或遗憾可是慢慢尝试后发现大部分情况收到的是“你怎么这么
  • #读书##V+优质创作者#关于日落黄昏的温柔治愈文案 1.天空喝了屋顶的酒,红了脸颊,成了晚霞,偷看着这世间的风情万种。#读书##V+优质创作者#关于日落黄昏
  • 因为他们怕预测错了砸了自己的招牌本人问过有很多加杜宁标妻子微信去预测结果一个都不对她也花了几百请当地的八字大师算过说他在西南方位找找大家可以网上去搜,微博去搜看
  • ——题记六月,夏日,浅浅淡淡之间,又是一季炙热,闲暇,于树荫下纳凉,微云缓动,树影斑驳,婆娑的世界,有起舞的蝴蝶,阴阴夏木,啾啾鸟鸣,一时间,光阴在夏木的缝隙中
  • 心态差的看以前,心态好的看未来;过去所有的无奈就让它过去,有时遗憾也许是人生的另一种美。学会放下怨念,以积极的心态面对生活中的不如意,便会发现,世界并没有那么糟