རྒྱལ་ཀུན་མཁྱེན་རབ་ངོ་བོ་འཇམ་པའི་དབྱངས། །
དྲན་པས་འཁྲུལ་སྣང་མུན་པ་ཀུན་སེལ་བ། །
ཡིད་ཀྱི་དཔལ་གྱུར་ལྷག་པའི་ལྷ་མཆོག་ལ། །
དོན་དམ་རང་ངོ་ཤེས་པས་ཕྱག་བགྱིའོ། །
[鲜花][鲜花][鲜花] https://t.cn/RLGzcAO

“ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་གང་ཡིན་ཡང་ངོ་བོའི་སྟེང་ནས་ཤེས་བྱ་བརྒྱུད་སྤེལ་བྱེད་པ་དང་ཀུན་སྤྱོད་གསོ་སྐྱོང་བྱེད་པ་ཕུད། བྱིས་པའི་དབང་ཆར་བརྩི་སྲུང་བྱེད་པ་ཞིག་ཡིན་དགོས་པར་འདོད། དོན་འདི་མ་རྟོགས་ཕྱིན་ལུས་སེམས་ཅི་འདྲ་ངལ་བའི་སློབ་གསོའི་ལས་ཤིག་ཡིན་ཡང་ཕམ་ཁར་ངེས་སོང།”ཞེས་པའི་ལྟ་དགོངས་ལྟར་གཞིགས་ན། དེང་གི་ཁྱིམ་ཚང་སློབ་གསོར་མཚོན་ན། ཕ་མ་རེ་རེའི་ཉིན་མོའི་ཟས་བཅག མཚན་མོའི་གཉིད་བཅག་གིས་བྱིས་པར་སེམས་ཁུར་དང་དཀའ་ལས་རྒྱག་བཞིན་ཡོད་མོད། མཇུག་འབྲས་ནི་དེ་ལས་ལྡོག་པ་ཞིག་ཅིའི་ཕྱིར་ཡིན་སོང་བ་རེད་ཅེ་ན། ཐབས་མ་འགྲིག་པ་རེད། གང་ཞིག་གཙོ་བོར་འཛིན་དགོས་མ་ཤེས་པ་རེད། གང་ཞིག་ཕལ་བར་འཇོག་དགོས་མ་ཤེས་པ་རེད། གཙོ་ཕལ་གྱི་ཁྱད་པར་འབྱེད་མ་ཤེས་པས་ལས་ཆོད་ཀྱང་དེ་འདྲ་ཡིད་ཚིམས་པ་ཞིག་འབྱུང་དཀའ། ཁྱིམ་ཚང་སློབ་གསོ་ནི་སློབ་གྲྭའི་སློབ་གསོས་དབང་སྒྱུར་འོག མགོ་སྒུར ཉྭ་ཞུམ་འདུག་དྲགས་དུས་སློབ་གསོ་དེ་ནད་པ་ཞིག་ཡིན་ངེས། སློབ་གསོ་དེ་སྐྱོན་ཅན་ཞིག་ཡིན་ངེས། སློབ་གསོ་དེ་འཐུས་མ་ཚང་བ་ཞིག་ཡིན་ངེས།

སློབ་གྲྭའི་སློབ་གསོར་མཚོན་ན། དགེ་སློབ་གཉིས་ཀྱི་སེམས་ཀྱིས་ལྕོགས་ཀྱང་ལུས་ཀྱིས་མི་ལྕོགས་པའི་སྡུག་རུས། འབད་འབུངས། ཧུར་ཐག་བྱེད་ཀྱིན་ཡོད་པ་མཐོང་ཆོས་མངོན་གྱུར་རེད། འོན་ཀྱང་དེ་ལས་ལྡོག་སྟེ་བྱིས་པ་མང་ཤོས་སློབ་གྲྭ་ལ་མི་དགའ་བ་དང་། སློབ་སྦྱོང་ལ་མི་དགའ་བ། དགེ་རྒན་ལ་མི་དགའ་བའི་སྣང་ཚུལ་ཞིག་གིས་ཁྱབ་འདུག་པ་དེའི་གནད་དོན་ལ་ཕྱིར་རྟོག་དང་ཞིབ་དཔྱོད་མཐིལ་ཕྱིན་བྱ་དགོས་པ་ལས། སྔར་བཞིན་སློབ་གྲྭ་ནི་བཙོན་ཁང་ལྟ་བུ། དགེ་རྒན་ནི་བཙོན་སྲུང་ལྟ་བུ། སློབ་མ་ནི་བཙོན་མ་ལྟ་བུའི་འདུ་ཤེས་ལས་མེད་དུས། དེ་འདྲའི་སློབ་གསོ་དེ་ད་ལྟ་དང་མ་འོངས་པ་གང་ལའང་ཕམ་ཞིག་ལས་རྒྱལ་ཁ་འཐོབ་མི་སྲིད་པ་ཐག་གིས་བཅད་ནས་བཤད་ཆོག

ཕ་མ་ཡིན་ན་ཆོག དགེ་རྒན་ཡིན་ན་ཆོག རང་གིས་གང་ཞིག་འགྲིག་གི་མེད་དུས། ཕྱིར་རྟོག་དང་བརྟག་དཔྱད། མཉམ་ཞིབ་བགྱིས་ཏེ་གནད་དོན་འཚོལ་དགོས་པ་ལས་མུ་རུ་རང་གནས་སུ་སྡོད། རང་གནས་སུ་སྤོ་ལྟ་བུ་རྒྱུན་བསྐྱང་པ་ཡིན་ན། ཁྱིམ་ཚང་སློབ་གསོ་རང་གནས་སུ་སྡོད་རྒྱུ་ལས་མེད་ལ། ས་གནས་སློབ་གསོ་རང་གནས་སུ་འཁུམ་རྒྱུ་ལས་མེད་པ་རྟོགས་འོས།
ཕྱི་ལོ༢༠༢༢ལོའི་ཟླ༣པའི་ཚེས༣༠ཉིན་གསོན་པས་སྦྱར་བ་ཕན་པའི་རྒྱུ་རུ་གྱུར་ཅིག་གུ

༅། །རྗེ་བཙུན་འཇིགས་མེད་དཔལ་ལྡན་རྒྱ་མཚོའི་ཞལ་གདམས་

རྒྱ་མཚོའི་ཐིགས་པ་ཞེས་བྱ་བ་བཞུགས་སོ།

སྐྱིད་སྡུག་གི་སྐོར། 

  

   དེ་རིང་ནངས་ཀ་སྐྱིད་པོ་ཡིན།  སྐྱིད་པོ་ཡིན་དུས་མགོ་འཕང་མཐོ་མི་ཉན། སྐྱིད་དུས་མགོ་འཕང་མ་མཐོ། སྡུག་དུས་མགོ་འཕང་མ་དམའ་ཞེས་པ་འཇིག་རྟེན་པའི་ལམ་རིམ་རེད། 

    མི་ཉལ་འགོང་བོ།  ཁྱི་ཉལ་དབྱུག་པ།  དེང་སང་སྒྲིབ་སྦྱོང་མི་བྱེད་མོད། སྒྲིབ་སྦྱོང་བྱེད་པ་གལ་ཆེ། འཛིན་གྲྭ་འཛིན་གྲྭ་རྒན་པ་རེད།  སེམས་པ་ཁ་དོག་དཀར་དམར་རེད། སྐྱིད་པའི་མཐའ་ན་སྡུག་རེ་ཡོད་པས་མིག་གིས་མཐོང་། 

    ཆོས་ཀྱི་ངོ་བོ་དག་མ་དག་ཡོང་བའི་རྩ་བ་སེམས་ལ་ཐུགས་ཡོད། རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མ་སོགས་ཀྱང་དུག་ཡིན་པ་ལྟར་རོ། །

 

     མིག་གིས་མཐོང་རྒྱུ་མང་ན་ཡིད་ལ་དྲན་རྒྱུ་མང་བས་རང་གི་ཚོད་རང་གིས་ཟིན་དཀའ།  དུས་རྒྱུན་དུ་དྲན་པ་དང་ཤེས་པ་རང་ཀྱིས་སེམས་ལ་ཞ་ར་མ་བྱས་ན་སེམས་གླང་ཆེན་སྨྱོན་པར་ཐུལ་དཀའ།  རང་དེ་འདྲ་འགྲོ་གིན་ཡོད་མེད་ལ་རྟོག་དཔྱོད་བྱ་དགོས། 

    འདོད་ཆུང་ཆོག་ཤེས་བདེ་སྐྱིད་ཀྱི་རྩ་བ་ཡིན།  འདོད་ཆུང་ཆོག་ཤེས་མེད་པ་སྡུག་བསྔལ་གྱི་རྩ་བ་ཡིན། འཁོར་བ་བཟང་བར་བསམ་པའི་བློ་འདི་དག་མི་བཟང་བས་བསྒྱུར་དགོས།  ནམ་ཡིན་ཡང་རང་གིས་སེམས་ལ་འདང་བརྒྱག་རྒྱུ་གལ་ཆེ་སྟེ།  རང་གི་བཤད་པ་དང་སེམས་གཉིས་ཐོ་ཐུག་གིན་ཡོད་པ་འདང་བརྒྱག་རྒྱུ་གལ་ཆེ།  


发布     👍 0 举报 写留言 🖊   
✋热门推荐
  • 3、浴室柜若是墙排式的,要选好样式,及规格,预先告诉水电工人,或者将浴室柜图纸与水电工或者施工队负责人沟通好。4、现在不少家庭都直接定制整体浴室,包括卫浴柜、淋
  • 看了节目后,就发现这种担心是多余的,谢霆锋在节目中的风格完全就是一个暖男形象。在这次的节目中,伊能静风格变了,在4位观察员当中,伊能静是理性感性都具备的观察员,
  • 【深圳】OA机械销售总监(142468)年终奖 「魅力」7%有额外的商业保险,通信补贴,出差补贴,高温补贴,工会福利:节日购物卡生日会,每年旅游一次,年终奖:每
  • 因为这种福德是在有为法中修的,而不是无为法的“福德性”所以如来说得福德多,这个“多”犹在三千大千世界的计算范围内,不是无限多,只有得了福德性才是无限多。所以须菩
  • 2000年,奔驰推出了新C级,齿条式转向机等装备似乎在告诉人们他要挑战3系的宝座,但事实并没奔驰想象的那么好。B级车的特点就是能提供比A级更加出色的空间和行驶表
  • #520表白日#打开微博看见饭……我饿了,我晚上吃的啥……想不起来了……吃了吗,没有吃吧……还能吃吗,不能吃了吧……太晚了吧,可以吃点吧……没有东西吃呀,那睡觉
  • 喜欢你的人就会勇敢,若他支支吾吾/无棱两可/暧昧超过三个月,就是不够喜欢你。有些事,必须由男人来做,你不要太上赶着:1、表白。
  • 看着就好吃!还有我超爱的王饺子!
  • 富林苑中区外侧绿地位于莘庄镇中春路东侧,面积1793.19平方米,景观设计整体以“灵动之城”为主题,整体采用折线形式,折线形景观流线配合场地的节奏性停留节点,穿
  • [心][心][心]请止步二次元,不要干涉三次元的生活了,难道这就是你们爱他们的表现?#阳光信用[超话]#[微风]#生而阅读##阳光信用# 【指 不吞必hui ❌
  • [太开心]#新星v计划#我觉得这个世界真的很神奇,都是累积财富,都是为了活的更好……有些人用勤奋和头脑,有些人全凭一张嘴巴,而有些人就是靠一身气力,靠双手一点点
  • ”中央农办有关负责人表示,乡村建设行动的重点任务概括起来就是“183”行动:“1”就是制定一个规划,确保一张蓝图绘到底;“8”就是实施八大工程,加强道路、供水、
  •   朋友,或许不能朝朝暮暮,或许没有甜言蜜语,但一定要真心、真情、真爱。  人心都是相对的,以真换真;感情都是相互的,用心暖心 !  有多少人半路就离去,有多少
  • 没过多久,实在看不下去,虽然父亲会打扫,但也只是拖地,很多地方的灰尘都没有清扫,吃完饭开始打扫卫生,走近床头一看,他们床头柜上面的灰已经很厚一层,瞬间我就知道那
  • #成都自驾游车队[超话]#自驾大西部第31天☞前方探路探路丙察察丙察察之著名的大流沙、老虎嘴、仙境丙中洛……想走丙察察进藏的朋友快来报名了[耶][耶]8月16号
  • 被进步青年奉为精神导师的鲁迅作品,在这里并没有得到重视,以至于传出梁实秋将鲁迅作品从图书馆中清除的传言,所谓的“逐书事件”便爆发了。’我对鲁迅亦复如是……我曾经
  • 时间过得真的好快啊,一转眼那个160的限定小刘已经不知不觉的长到了180+了,也正式从初中生成为了一个高中生啦。最后,祝许的愿望都实现。
  • 而有这样恶劣行径的人根本不在少数翻开类似的网帖里面的内容更令人咋舌他们共同在群内讨论传染给别人的心得还互相攀比炫耀看得人真是瑟瑟发抖这哪是什么群聊简直就是大型直
  • 今天是个特殊的日子,我们家兜兜两周岁啦。[哈哈][哈哈][哈哈]这下爸爸会在家陪我们一整天了[允悲][允悲][允悲]叮咚~按时长大ʚɞ日期:2021年8月4日☀
  • PDD好物哦~约会小心机~[哈哈][哈哈]参半 益生菌漱口水250ml ¥16.06 [虎爪比心]拍前二个选项哦~~有葡萄、西瓜和薄荷3个味道可以选,不怎么辣口