【 聞所成慧-新譯文摘錄分享 】敦珠林巴全集第01函-卓洛法類:1. X ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོའི་སྨན་རཀ་གཏོར་མཆོད་བཞུགས༔ 深密空行心髓·無上威猛藥血朵瑪供

ན་མོ་གུ་རུ་པདྨ་ཀ་ར་ཡེ༔

南無咕如貝瑪嘎惹耶!

ཨོ་ཨཱཿ ཧཱུྃ༔

嗡阿吽!

ཆོས་སྐུ་ཀུན་བཟང་ལོངས་སྐུ་རིགས་ལྔ་དང་༔

སྤྲུལ་སྐུ་དགའ་རབ་ཤྲཱི་སེང་པདྨ་འབྱུང་༔

སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔

མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔



法身普賢報身五部尊,化身嘎繞師森蓮花生,
藥血朵瑪歡喜供品奉,殊勝共同二種悉地賜!

སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔



薩爾瓦斑匝阿彌利達惹達巴林達喀嘿

མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས༔

སྤྲུལ་པའི་རྗེ་འབངས་གྲོགས་དང་བཅས་པ་ལ༔

སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔ མཆོག་དང་ཐུན་མོང་གཉིས་ཀྱི་དངོས་ཀྱི་དངོས་གྲུབ་སྩོས༔



一母空行耶謝措嘉等,化身廿五君臣眷屬眾,
藥血朵瑪歡喜供品奉,殊勝共同二種悉地賜!

............(中略)............

གཞན་ཡང་སྒྲུབ་སྡེའི་དཀྱིལ་འཁོར་འདིར་འཁོད་པའི༔

རྩ་གསུམ་སྲུང་མ་དམ་ཅན་རྒྱ་མཚོ་ལ༔

སྨན་དང་གཏོར་མ་རཀྟའི་མཉེས་མཆོད་འབུལ༔

མཆོག་དང་ཐུན་མོང་གཉིས་ཀྱི་དངོས་གྲུབ་སྩོལ༔



複次修部壇城此所住,三根本尊護法大海眾,
藥血朵瑪歡喜供品奉,殊勝共同二種悉地賜!

སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁཱ་ཧི༔



薩爾瓦斑匝阿彌利達惹達巴林達喀嘿

ས་མ་ཡ༔

རྒྱ་རྒྱ་རྒྱ༔

བརྡ་ཐིམ༔



三昧耶!印印印!融入標識。

ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའོ།

དགེའོ༎



此由刹通敦珠多傑依智慧空行之標記而著。善哉!

2. xxx༔ ཆེ་མཆོག་རྡོ་རྗེ་ཁྲོ་ལོད་ཀྱི༔ རྡོ་རྗེ་འཁོར་ལོའི་སྙིང་པོ་འདི༔ གང་གིས་ཟོས་པའི་སྒོ་གསུམ་ལ༔ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཚོགས༔ བྱད་ཕུར་རྦོད་གཏོང་གདོན་རྣམས་དང༔ ནད་དང་སྡུག་བསྔལ་སྡིག་སྒྲིབ་གྲིབ༔ རྐྱེན་དང་འཇིགས་པས་མི་ཚུགས་ཤིང༔ ཀུན་བྲལ་ཀུན་ཐུབ་ཀུན་འཇོམས་འགྱུར༔

最勝多傑綽洛尊,金剛輪之此心要,
何者享用其三門,萬有八部鬼神眾,
咒鐝放咒邪魔眾,疾病痛苦罪晦障,
違緣怖畏不能害,遍離遍伏遍催毀!

བསོད་ནམས་ཚེ་དབང་ལོངས་སྤྱོད་སྲིད༔ ཤེས་རབ་འཕེལ་སོགས་གང་གི་ཕྱིར༔ དམིགས་ནས་ཟོས་པས་དེ་དོན་འགྲུབ༔ མཁའ་འགྲོ་འབུམ་གྱི་སྙིང་ཁྲག་ཡིན༔ གཞན་ཡང་གང་ཕྱིར་དམིགས་དོན་སྤོ༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔

為令福德壽自在,受用智慧增長等,
觀緣享用彼義成!十萬空行之心血!
複次改變所緣義,毀誓落入他人手,
薩杜毒之利刃護!

ས་མ་ཡ༔ རྒྱ་རྒྱ་རྒྱ༔

三昧耶!印印印!

ཅེས་པའང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སོ།།

敦珠多傑卓洛擇著。

............(後略)............

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震, 一切劣見獸眾皆驚恐,
勝乘獅子吼音遍三地, 蓮師大寶教法願興盛!
聖教圓滿殊勝妙旗頂, 光明金剛藏要寶珠嚴,
勝伏一切法幢高聳立, 蓮師大寶教法願興盛!

- 彌龐蔣揚南傑嘉措(不敗文殊尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

敦珠林巴全集 第 01 函【 X ཟབ༌གསང༌མཁའ༌གྲོའི༌སྙིང༌ཐིག༌ལས༔ ཆེ༌མཆོག༌རྡོ༌རྗེའི༌གྲོ༌ལོད༌ཀྱི༔ ཧཱུྃ༌སྒྲུབ༌རྡོ༌རྗེའི༌སྒྲ༌དབྱངས༌བཞུགས༔ XXXXXX 深密空行心髓·最勝金剛忿怒吽字成就法·金剛妙音 】

ན༌མོ༌གུ༌རུ༌པདྨ༌ཀ༌ར༌ཡེ༔

南無咕如貝瑪嘎惹耶!

སྒོ༌གསུམ༌རྡོ༌རྗེ༌གསུམ༌གྱི༌རོལ༌པ༌རུ༔ བྱིན༌གྱིས༌བརླབ༌ཕྱིར༌བློ༌སྙིང༌ལྷ༌ལ༌གཏད༔ ལུས༌ཡང༌ལྷར༌གསལ༌ངག༌ནས༌ཧཱུྃ༌གླུ༌ལེན༔ གདན༌གསུམ༌དཀྱིལ༌འཁོར༌རིག་པའི༌ངང༌ནས༌ནི༔

三門三金剛之遊舞中,為令加持心緣於本尊,
身觀本尊語亦誦吽字,三位壇城覺性本體中:

ཨོྃ༌ཨཱ༌ཧཱུྃ༔

嗡阿吽!

ཀ༌དག༌ཆོས༌སྐུའི༌སྟོན༌པ༌ཀུན༌ཏུ༌བཟང༌༔ འགགས༌མེད༌ལོངས༌སྐུ༌རིགས༌ལྔ༌གངས༌ཅན༌མཚོ༔ ཕྱོགས༌མེད༌སྤྲུལ༌སྐུ༌ཕྱག༌ན༌རྡོ༌རྗེ༌ལ༔ གསོལ༌བ༌འདེབས༌སོ༌ཐུགས༌རྗེའི༌རྒྱུད༌སྐུལ་ལོ༔
དགོངས༌རྒྱུད༌ཀློང༌ཆེན༌བདག༌གི༌རྒྱུད༌ལ༌སྤོར༔ རྡོ༌རྗེ༌གྲོ༌བོ༌ལོད༌དུ༌བྱིན༌གྱིས༌རློབས༔
ཧཱུྃ༌ཧཱུྃ༌ཧཱུྃ༔ ཧཱུྃ༌ཧཱུྃ༌ཧཱུྃ༔ ཧཱུྃ༌ཧཱུྃ༌ཧཱུྃ༌ཧཱུྃ༔

本淨法身大師普賢王,無礙報身五部雪海佛,
無偏化身密主金剛手,祈禱策動大悲心相續,
廣大密意遷入我心中,多傑卓沃洛尊祈加持!
吽吽吽!吽吽吽!吽吽吽吽!

སྤྲུལ༌པའི༌སྐུ༌མཆོག༌དགའ༌རབ༌ཤྲཱི༌སེང༌༔ པདྨ༌འབྱུང༌གནས༌རིག༌འཛིན༌ཧཱུྃ༌ཀཱ༌ར༔ འཇམ༌དཔལ༌བཤེས༌གཉེན༌ཀླུ༌སྒྲུབ༌པྲ༌བྷ༌ཧར༔ གསོལ༌བ༌འདེབས༌སོ༌ཐུགས༌དམ༌རྒྱུད༌བསྐུལ༌ལོ༔
དགོངས༌རྒྱུད༌ཀློང༌ཆེན༌བདག༌གི༌རྒྱུད༌ལ་སྤོར༔ རྡོ༌རྗེ༌གྲོ༌བོ་ལོད༌དུ༌བྱིན༌གྱིས༌རློབས༔
ཧཱུྃ༌ཧཱུྃ༌ཧཱུྃ༔ ཧཱུྃ༌ཧཱུྃ༌ཧཱུྃ༔ ཧཱུྃ༌ཧཱུྃ༌ཧཱུྃ༌ཧཱུྃ༔

殊勝化身嘎繞師利森,貝瑪瓊乃持明吽嘎惹,
蔣貝謝寧龍樹紮帕哈,至誠祈禱策動心相續,
廣大密意遷入我心中,多傑卓沃洛尊祈加持!
吽吽吽!吽吽吽!吽吽吽吽!

དྷ༌ན༌སཾ་སྐྲྀ༌བི༌མ༌མི༌ཏྲ༌དང༌༔ རམྦུ༌གུ༌ཧྱ༌ཤཱནྟིཾ༌གརྦྷ༌ལ༔ གསོལ༌བ༌འདེབས༌སོ༌ཐུགས༌དམ༌རྒྱུད༌བསྐུལ༌ལོ༔
དགོངས༌རྒྱུད༌ཀློང༌ཆེན༌བདག༌གི༌རྒྱུད་ལ༌སྤོར༔ རྡོ༌རྗེ༌གྲོ༌བོ༌ལོད༌དུ༌བྱིན༌གྱིས༌རློབས༔
ཧཱུྃ༌ཧཱུྃ༌སོགས༌འགྲེས༌སོ༔

達那桑哲毗瑪彌德惹,讓部古哈辛迪嘎爾帕,
至誠祈禱策動心相續,廣大密意遷入我相續,
多傑卓沃洛尊祈加持!吽吽……如前。

ཆོས༌རྒྱལ༌ཁྲི༌སྲོང༌བཻ༌རོ༌ཁྱེ༌འུ༌ཆུང༌༔ མཁའ༌འགྲོའི༌གཙོ༌མོ༌ཡེ༌ཤེས༌མཚོ༌རྒྱལ༌ལ༔ གསོལ༌བ༌འདེབས༌སོ༌སོགས༔

法王赤松貝若伽烏穹,空行尊母耶謝措嘉母,
至誠祈禱……

ཕ་གཅིག་དྲིན་ཆེན་རྩ་བའི་བླ་མ་དང་༔ རིགས་ཀྱི་བདག་པོ་སྣང་སྲིད་ཟིལ་གནོན་ལ༔ གསོལ་བ་འདེབས་སོ་སོགས༔

一父大恩根本上師尊,懾伏一切萬有勝部主,
至誠祈禱……

............(中略)............

གཟུང་དང་འཛིན་པ་རང་གྲོལ་ནས༔

འཁོར་འདས་དག་མཉམ་ཆེན་པོའི་ངང་༔

རིག་པ་རང་གྲོལ་རྫོགས་པ་ཆེ༔

ངང་ལས་མི་འདའ་དམ་བཅའ་འོ༔

ཧཱུྃ་ཧཱུྃ་ཧཱུྃ༔

ཧཱུྃ་ཧཱུྃ་ཧཱུྃ༔

ཧཱུྃ་ཧཱུྃ་ཧཱུྃ༔

ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔



所取能取自解脫,輪涅清淨大平等,
覺性自解大圓滿,誓不違越於妙體。
吽吽吽!吽吽吽!吽吽吽!吽吽吽吽!

ཞེས་པས་བརྒྱ་སྟོང་ལ་སོགས་སྐབས་དང་བསྟུན༔

མ་འོངས་ལས་ཅན་སྐལ་ལྡན་རྣམས༔

སྒོ་གསུམ་རྡོ་རྗེ་གསུམ་གསལ་ངང་༔

སྣང་སྲིད་ཧཱུྃ་གི་རང་བཞིན་དུ༔

གསལ་ཞིང་རྒྱས་གདབ་གདིང་བསྐྱེད་བརྗོད༔

སྲོག་གི་སྒྲུབ་པ་ཟབ་རྒྱའི་བཅུད༔

ཉམས་སུ་བླངས་པས་ངེས་གྲོལ་འགྱུར༔

བུད་མེད་ཡེ་ཤེས་མཚོ་རྒྱལ་མ༔

པདྨའི་སྙིང་ཐིག་ཡི་གེར་ཐོབས༔

ཁམས་ཀྱི་སྟག་རྗོང་བྲག་ལ་སྦོས༔

བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔

བཀའ་དང་ཐ་ཚིག་གཉན་པོའི་རྒྱ༔

ས་མ་ཡ༔

རྒྱ་རྒྱ་རྒྱ༔

གཏེར་རྒྱ༔

སྦས་རྒྱ༔

གཏད་རྒྱ༔

ཟབ་རྒྱ༔

གསང་རྒྱ༔

བརྡ་ཐིམ༔

ཞེས་པ་འདི་ཡང་ཤིན་ཏུ་སྦས་པའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་སློབ་མའི་མཆོག་གྱུར་ཕུན་ཚོགས་བཀྲ་ཤིས་སོ།

དགེའོ།

།བཀྲ་ཤིས༎



隨應百千等諸劫,未來具足善緣眾,
三門顯為三金剛,萬有吽字自性中,
明了印持得定信。命修深廣之精華,
精進修持定解脫。尊母耶謝措嘉母,
貝瑪寧提作文字,藏於康地達宗岩,
章松護法嚴守護,嚴令嚴厲誓句印!
三昧耶!印印印!伏藏印!埋藏印!囑託印!甚深印!秘密印!融入標識!

此由最極隱密瑜伽士察通敦珠多傑卓洛掘出伏藏,由殊勝弟子彭措紮西抄為文字。善哉!吉祥!

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震, 一切劣見獸眾皆驚恐,
勝乘獅子吼音遍三地, 蓮師大寶教法願興盛!
聖教圓滿殊勝妙旗頂, 光明金剛藏要寶珠嚴,
勝伏一切法幢高聳立, 蓮師大寶教法願興盛!

- 彌龐蔣揚南傑嘉措(不敗文殊尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།

【 聞思成慧-新譯文摘錄分享 】仁增尼瑪伏藏全集 第 11 函 1. ༄༅༎ ནོར་སྒྲུབ་འདོད་དགུ་ཀུན་འབྱུང་བཞུགས་སོ༔

財神修法·妙欲遍生

ན་མོ༔

སྐྱབས་ཀྱི་མཆོག་གྱུར་བླ་མ་རྩ་གསུམ་ལྷར༔

སྒོ་གསུམ་གུས་པའི་བདག་སོགས་སྐྱབས་སུ་མཆི༔ མ་རིག་འཁྲུལ་བའི་གནས་ལུགས་དོན་མ་རྟོགས༔ རང་ངོ་རང་སངས་གྲོལ་བར་སེམས་བསྐྱེད་དོ༔



南無!
最勝依處上師三根本,我等三門恭敬誠皈依!
無明錯亂未悟實相義,自覺自面解脫而發心!

ཨ༔

བདག་མདུན་ནམ་མཁར་སེང་ཁྲི་པད་ཟླའི་སྟེང་༔

ཨོ་རྒྱན་ནོར་ལྷ་སྐུ་མདོག་གསེར་ལྟ་བུའི༔

འོད་ཀྱི་དཀྱིལ་འཁོར་ཡོངས་རྫོགས་ལྷམ་མེར་གསལ༔

གཡས་པས་ལྕགས་ཀྱུ་གཡོན་པས་ནོར་བུ་འཛིན༔

阿!
面前虛空獅座蓮月上,鄔金財神身色如純金,
光明輪圍圓滿朗然觀,右手鐵鉤左手持寶珠,

སྐུ་ལས་བ་སྤུའི་གོང་བུ་རེ་རེར་ཡང་༔

རྩ་གསུམ་སྲུང་མ་ནོར་ལྷ་སྤྲིན་ལྟར་གཏིབས༔ གཡས་སུ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ རྒྱན་དང་ཆ་ལུགས་མ་འདྲེས་ཡོངས་རྫོགས་པའི༔



身體所有一一毛孔中,三本護法財神如雲聚,
右邊大天王尊多聞子,種種嚴飾無雜而圓滿,

ཕྱག་གཡས་རྒྱལ་མཚན་གཡོན་པས་ནེའུ་ལེ་བཙུར༔

ནོར་བུ་སྐྱུག་པའི་གནས་འདིར་གང་བར་བསམ༔

འཁོར་དཔུང་ནོར་ལྷ་བྱེ་བ་འབུམ་གྱིས་བསྐོར༔

གཡོན་ཏུ་ལྷ་མོ་ཆེན་མོ་དཔལ་ཆེན་མོ༔



右手勝幢左手吐寶鼠,口吐寶珠遍滿於此處,
萬億眷屬財神共圍繞。左邊吉祥天母大天母,

སྐུ་མདོག་སེར་པོ་གསེར་ལས་ཆར་འབེབས་ཤིང་༔

ཕྱག་གཉིས་གསེར་བུམ་མདའ་དར་འཛིན་པ་ལ༔

གནོད་སྦྱིན་ནོར་ལྷ་འབུམ་དང་བརྟན་མའི་ཚོགས༔

སྨན་བཙུན་ཚེ་རིང་མཆེད་ལྔ་དང་བཅས་གསལ༔



身色金黃猶如降金雨,雙手執持金瓶彩綢箭,
十萬藥叉財神地母眾,藥女以及長壽五姊妹。

མདུན་དུ་ས་ཡི་སྙིང་པོ་ལ་སོགས་པའི༔

བྱང་ཆུབ་སེམས་དཔའ་ཉེ་སྲས་ཚོགས་ཀྱིས་བསྐོར༔ རྒྱབ་ཏུ་རྣམ་སྲས་སྐྱ་བརྒྱད་ནོར་ལྷ་མོ༔

རྟ་ལྷ་སྡེ་ལྔའི་ཚོགས་དང་བཅས་པ་གསལ༔

འཁོར་དུ་ལྷ་ཀླུ་གནོད་སྦྱིན་དྲང་སྲོང་ཚོགས༔

ནོར་ལྷ་བྱེ་བས་ཁམས་གསུམ་ནོར་གྱི་ཆར༔ སྤྲིན་བཞིན་འདུས་ལ་དངོས་གྲུབ་སྩོལ་བར་བསམ༔

面前則為地藏菩薩等,近佛大菩薩眾所圍繞,
背後多聞八大財神女,以及五部駿馬財神眾,
眷屬天龍藥叉大仙眾,俱胝財神三界降寶雨,
如雲集聚恩賜諸悉地!

............(中略)............

མདུན་གྱི་ལྷ་ཚོགས་འོད་ཞུ་རང་ལ་ཐིམ༔

རང་ཡང་མི་དམིགས་བློ་འདས་ངང་དུ་ཨ༔

དགེ་བ་འདི་ཡི་བདག་དང་འགྲོ་བ་ཀུན༔

སྐྱེ་བ་ཀུན་ཏུ་དབུལ་ཕོང་རྒུད་པ་སེལ༔

ཚོགས་གཉིས་རྒྱ་མཚོའི་དཔལ་ལ་དབང་འབྱོར་ནས༔

དོན་གཉིས་འགྲུབ་པའི་དགེ་མཚན་འབར་གྱུར་ཅིག༔

面前尊眾化光融自身,自亦無得離思體中ཨ「阿」!
以此善根願我及眾生,生生世世遣除貧衰損!
二資大海吉祥廣聚集,二利成就祥瑞願熾燃!

ཅེས་པ་འདིའང་དགོས་མཁོས་ཕྱིར་སུརྱའི་མིང་གིས་སོ༔

此亦因需要故,名為蘇爾雅者著。

2. ༄༅༎ ནོར་སྒྲུབ་འདོད་དགུ་ཀུན་འབྱུང་ལས༔ གཏོར་སྐྱེམས་འབུལ་བ་བཞུགས༔
財神修法妙欲遍生·獻朵瑪金飲

དཀར་གསུམ་མངར་དང་ཟས་སྣ་འོ་སྐྱེམས་བཤམས་ལ༔

陳設三白、三甜、食物、牛奶飲料:

རྃ་ཡྃ་ཁྃཿ

ༀ་ཨྰཿཧྰུྃ༔

讓陽康 嗡阿吽

ཧྰུྃ༔ ལྷ་ཀླུ་མི་ཡི་མཆོད་པའི་སྤྲིན་ཕུང་ཆེ༔

བདག་གི་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས༔

གླིང་བཞི་རི་རབ་སྟོང་གསུམ་སྣོད་ཀྱི་ནང་༔

འདོད་ཡོན་རྒྱ་མཚོ་ཕྱི་ནང་གསང་གསུམ་གྱི༔ མཆོད་སྤྲིན་ནམ་མཁའི་ཁམས་ཀུན་ཡོངས་གང་ནས༔

ཟག་མེད་ནོར་ལྷ་རྒྱ་མཚོར་དགྱེས་མཆོད་འབུལ༔

吽!
天龍及人供養大雲聚,我之身體受用諸善根,
四洲須彌大千世間內,妙欲大海內外密供雲,
所有虛空界中遍充滿,無漏財神大海歡喜供!

............(中略)............

དེ་ལྟར་མཆོད་པས་ཚོགས་རྫོགས་ཤིང་ཆར་ཆུ་དུས་སུ་འབེབས་པར་འགྱུར་རོ༔



以如是供養圓滿資糧,願雨水應時而降!

སུརྱའི་མིང་གིས་སོ༔



名為蘇爾雅者著。

ཚོགས་བསོགས་ཚེཿ

ཤ་ཆང་སོགས་འབྱོར་བའི་དངོས་པོ་བཤམས་ལ༔

積聚資糧時,盡力陳設肉酒等物。


རྃ་ཡྃ་ཁྃཿ

ༀ་ཨྰཿཧྰུྃ༔

讓陽康! 嗡阿吽!

ཧྰུྃ༔

ལྷ་ཀླུ་མི་ཡི་མཆོད་པའི་སྤྲིན་ཕུང་ཆེ༔

བདག་གིས་ལུས་དང་ལོངས་སྤྱོད་དགེ་བའི་ཚོགས༔

གླིང་བཞི་རི་རབ་སྟོང་གསུམ་སྣོད་ཀྱི་ནང་༔

འདོད་ཡོན་རྒྱ་མཚོ་ཕྱི་ནང་གསང་གསུམ་གྱི༔ མཆོད་སྤྲིན་ནམ་མཁའི་ཁམས་ཀུན་ཡོངས་གང་ནས༔

ཟག་མེད་ནོར་ལྷ་རྒྱ་མཚོར་དགྱེས་མཆོད་འབུལ༔



吽!
天龍及人供養大雲聚,我之身體受用諸善根,
四洲須彌大千世間內,妙欲大海內外密供雲,
所有虛空界中遍充滿,無漏財神大海歡喜供!

ག་ཎ་ཙཀྲ་པྰུཙྪ་ཁཱ་ཧི༔

嘎納甲紮布恰喀嘿

དེ་ལྟར་ཚོགས་མཆོད་དགྱེས་པ་བསྐངས༔

དམ་ཚིག་ཉམས་ཆགས་ཀུན་བསྐངས་ནས༔

དམ་ལ་གནས་པའི་ཡོན་མཆོད་ལ༔ བར་ཆད་རྐྱེན་དང་འཚུབས་མ་ཞི༔

ནོར་གྱི་དངོས་གྲུབ་ཆར་ལྟར་འབེབས༔

ཕྱི་མ་པདྨ་འོད་དུ་འགྲོ༔

ཐེ་ཚོམ་སྤངས་ན་གདོན་མི་ཟ༔

༼ཨྠ༽

སུརྱའི་སོ༔

དགེའོ༔

如是薈供歡喜酬,毀犯誓言遍酬補,
住誓施主福德田,障難違緣錯亂息!
財寶悉地降如雨!後世往生蓮花光,
疑慮盡消決定信!蘇爾雅著。善哉!

3. ༄༅༎ ནོར་སྒྲུབ་འདོད་དགུ་ཀུན་འབྱུང་ལས༔

བུམ་གཏེར་སྒྲུབ་ཐབས་ནི༔

財神修法·遍生妙欲之寶藏瓶修法

སྣོད་གང་འབྱོར་གྱི་ནང་དུ་རྫས་འབྲུ་སྣར་ལྔ་དར་ལྔ་རིན་པོ་ཆེ་ལྔ་བཟང་བོ་དྲུག༔

འབྲས་བུ་གསུམ་དཀར་གསུམ་མངར་གསུམ༔ ཛཾ་ལྷའི་སྔགས་ཀྱིས་ཟུང་འཇུག༔

དམ་རྫས་བྱིན་ལྡན་སོགས་གཙང་སྦྲ་བྱས་ཏེ་ཚགས་སུ་ཚུད་པར་བྱས་ལ༔

ཚད་ལྡན་དུ་སྒྲུབ་ནས་ས་ཕྱོགས་ཉམས་དགའ་གནས་རི་སོགས་གང་རུང་དུ་ས་བརྐོས་ལ༔

རྡོ་གཡམ་སོགས་ཀྱིས་རྡུལ་སྐྱོན་མི་ཤོར་བར་བྱས་ཏེ་ས་ཡི་ལྷ་མོ་ལ་དཀར་གཏོར་དང་ཇ་ཕུད་མཆོད་དེ༔



於寶器中,裝入五穀、五色絲綢、五種大寶、六種妙藥、三種妙果、三白三甜、財神咒、誓言物加持等,悉令清淨。具量修持以後,於悅意之地或山間等處,掘地直至沒有石片等障礙,於地母供養白朵瑪及獻新茶。


བྷྲཱུྃཿ

ས་ཡི་ལྷ་མོའི་མཁའ་དབྱིངས་སུ༔ འབྲུ་སྣ་ལྔ་ཡིས་གཏེར་སྦེད་པས༔

འདོད་ཡོན་ལྔ་ཡིས་འཚོ་བར་ཤོག༔

仲!
地之天女虛空界,五種穀類埋寶藏,五種妙欲願滋養!

དར་སྣ་ལྔ་ཡིས་གཏེར་སྦེད་པས༔

དར་གོས་རྒྱན་ཆས་ཕུན་ཚོགས་ཤོག༔ རིན་ཆེན་ལྔ་ཡིས་གཏེར་སྦེད་པས༔

ས་བཅུད་གཏེར་གྱིས་འཚོ་བར་ཤོག༔

五色絲綢埋寶藏,綢衣妙飾願圓滿!
五種大寶埋寶藏,地力寶藏願維生!

བཟང་པོ་དྲུག་གི་གཏེར་སྦེད་པས༔

འབྱུང་བཞིའི་ནད་རྣམས་སེལ་བར་ཤོག༔ འབྲས་བུ་གསུམ་གྱིས་གཏེར་སྦེད་པས༔

ཐེགས་གསུམ་ཆོས་ཀྱིས་འཚོ་བར་ཤོག༔

དཀར་གསུམ་མངར་གསུམ་གཏེར་སྦེད་པས༔

དཔལ་འབྱོར་ས་གཞིས་ཁྱོན་དང་མཉམ༔

དགོས་འདོད་ཕུན་སུམ་ཚོགས་པར་ཤོག༔

六種妙藥埋寶藏,四大諸病願消除!
三種妙果埋寶藏,三乘妙藥願滋命!
三白三甜埋寶藏,福樂等同大地界,
一切所求願圓滿!

............(中略)............

དུས་ཀྱིས་རྒུད་པ་གསོ་བས་ཆར་རྐྱེན་དུ་ཝེར་མ་དཀར་པོས་སོ༔

為令修複濁時衰損,由眾緣故,維瑪嘎波著。

----------------------------------

༄༅། །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེངྒེའི་སྒྲ་དབྱངས་ས་གསུམ་ཁྱབ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག ། མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།

三種真實正量吼聲震, 一切劣見獸眾皆驚恐,勝乘獅子吼音遍三地, 蓮師大寶教法願興盛!聖教圓滿殊勝妙旗頂, 光明金剛藏要寶珠嚴, 勝伏一切法幢高聳立, 蓮師大寶教法願興盛! 彌龐蔣揚南傑嘉措(不敗文殊尊勝海)

寧瑪文殊 - 經典伏藏漢譯 NMKT ༄༅།།རྙིང་མ་འཇམ་དབྱངས། བཀའ་མ་གཏེར་ཆོས་རྒྱ་སྒྱུར།།


发布     👍 0 举报 写留言 🖊   
✋热门推荐
  • 但是,也要看命中日支十神星吉凶与配偶星的关系;比如:男命日支坐阳刃,女命日支坐伤官,都是配偶星的敌星,即使为喜用,可能暗藏婚姻危机。己卯大运,己卯流年,天干己土
  • 这种平民之剑,和斗鸡没有什么差别,一旦使用就断送生命。”/赵文王又问:“那平民之剑是什么样的呢?
  • #健康百科# #胖子的烦恼# #中国超一半成年居民超重或肥胖# 【“全国胖子分布地图”出炉!北京胖子“最多”天津有“啤酒肚”的成年人最多[doge]】#养生达摩
  • [加油]随着裁判一声令下,制造一二处主管友谊赛开始了,这是一场力量的较量,每位主管都涨红了脸,铆足了劲,体现出顽强拼搏的体育精神。[赞啊]【#北京市首届社区杯八
  • #CandyRoseCR[超话]# # 新品 # 「活动首发」CR菱格珍珠包 活动期间任购一款包即可换购+35RMB换购(奶油白/经典黑) 官方唯一查
  • 路上正走着,就有老友问:xia子,你给我修的遥控器呢?但确确实实,这些事提醒你,健忘症正走进你的生活,并将伴随你到老,你不得不引起重视。
  • 全新RPG主题《青空幻想》五大阵营,自由组合,集结你的队伍┴┤・ω・)ノ 你的目标是地下城的冒险!(ˊ˘ˋ*)♡无论你来自哪里,无论你是否是第一次参加,这里都会
  • 翻时光相册备份翻到它们盯着它们思绪飘到好远好远那些记忆其实已经不常想起了,这会儿仔细想想我居然都认识你八年了,好亏啊,你才认识我五年。其实那些场景我都记得,在
  • 对接会上,参会企业各自介绍了经营情况及资金需求,金融机构根据企业实际情况进行分析并匹配金融产品,参会部门就做好企业帮扶工作进行了发言。 对接会上,各大金融机构
  • 如果你不喜欢的人喜欢你,你很幸运,毕竟这世上有人牵挂你,但这不能成为爱情,因为一厢情愿终究不能长久;如果你喜欢的人并不喜欢你,这也不是爱情,也就是说你喜欢的未必
  • 事实上,结合当前爆料看,iPhone 12 Pro Max可能是苹果今年唯一一款支持毫米波的5G手机,据说要12月才能量产,前期主推Sub 6GHz频段的5.4
  • 这样她就可以帮忙女儿带外孙,这也是她喜欢女儿的原因。众所周知,张柏芝的前两个儿子是和前夫谢霆锋所生的,大儿子叫张振轩Lucas,一出生就受到万众瞩目,不仅遗传了
  • 如果没有这样的朋友还是买份保险,因为,保险关注风险胜过收益,你所担心的就是保险所关心的,让保险来帮您解决吧!基本没什么用[掩面][掩面]但是,如果你说:我想办信
  • 婚姻真的不能全靠委屈、包容、理解、磨合这种听上去就很难受的词,来相处经营,那样一天到晚累到趴下的婚姻,你要吗,要吗,要吗?!
  • 舒服的姿势大多对肌肉骨骼不好,好吃的食物多数不利健康,美丽的鞋子让人分分钟感受到截肢的苦楚参加团体合唱,要求穿黑色鞋子,我掏出了供奉已久但迟迟不敢触碰的那双黑色
  • 随园遵循了中国古典园林“虽由人作,宛自天开”的造园思想,袁枚的《随园记》云:“随其高为置江楼,随其下为置溪亭,随其夹涧为之桥,随其湍流为之舟;随其地之隆中而欹侧
  • 淨土法門,其大無外。一切法門,無不從此法界流。一切行門,無不還歸此法界。實諸佛圓滿菩提成始成終之道。亦眾生仗佛慈力即生了脫之法。其理甚深,其事甚易。故致人多未能
  • 能给我什么第一名? Rain前辈我认证的我的入粉视频是?
  • 是为一抹光芒劈开暮气沉沉之乱世,问鼎玉宇苍穹。是为一抹光芒劈开暮气沉沉之乱世,问鼎玉宇苍穹。
  • 把暗恋归于理性的人,大概是极为理解人,或理解自己的人吧。暗恋朦胧,如果喜欢上的是一个值得骄傲的人,各种原因选择暗恋,不让人困扰,到最后离开时告诉那人,满足了自己