བཞི་པ། ༽

བོད་ན་འགྲོ་དོན་མཛད་པའི་དུས་སོགས་བཤད་པ།

   པཎ་ཆེན་སྨྲྀ་ཏིས་བོད་མདོ་དབུས་ཁམས་གསུམ་ལ་ཞབས་ཟུང་གསེར་གྱི་འཁོར་ལོས་བསྒྱུར་ནས་གངས་ཅན་གྱི་ལྗོངས་སུ་བསྟན་པ་ཉིན་མོ་ལྟར་གསལ་བར་མཛད་ལ། གདུལ་བྱར་གྱུར་པའི་འགྲོ་བ་རྣམས་སྨིན་པར་མཛད་དེ་མཐར་དྲན་ཐང་དུ་དགོངས་པ་ཆོས་དབྱིངས་སུ་ཐིམས། འོ་ན་དུས་ནམ་ཞིག་ལ་བོད་དུ་ཕེབས་པ་ཡིན་ཟེར་ན། ལོ་རྒྱུས་དང་ཆོས་འབྱུང་སོགས་ལས་དུས་རབས་བཅུ་པའི་སྨད་ཙམ་ལ་བོད་དུ་ཕེབས་པར་གསུངས་ཀྱང་དེ་ལ་ཅུང་མི་འགྲིགས་པར་སྣང་བས། འདིར་འབྲེལ་ཡོད་མཁས་དབང་དང་ལོ་ཙཱ་བ་འགའི་འཚོ་བཞེས་ཀྱི་དུས་དང་ལོ་ཚིགས་གུང་བསྒྲིགས་ནས་རང་བློས་ལྕོག་ཚད་ཙམ་དཔྱད་པར་བྱ་སྟེ། དེ་ཡང་《བཀའ་གདམས་ཆོས་འབྱུང་》ལྟར་ན་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་དགུང་ལོ་བཅུ་དགུ་ལ་ཁམས་ནས་བླ་མ་སེ་བཙུན་དབང་ཕྱུག་གཞོན་ནུ་དང་མཇལ་བར་འདོད་ལ། 《ཆོས་བྱུང་མཁས་པའི་དགའ་སྟོན་》ལྟར་ན། “འབྲོམ་དགུང་ལོ་བཅུ་བདུན་ལ་ཁམས་སུ་བྱོན་ཏེ་གྲུམ་གྱི་མཁན་བུ་སེ་བཙུན་བྱང་ཆུབ་གཞོན་ནུ་བསྟེན་”པར་འདོད། 《བསྟན་རྩིས་ཀུན་བཏུས་》ལས།“ལྕགས་སྤྲེལ་ལོར་འབྲོམ་ཁམས་སུ་བླ་མ་སེ་བཙུན་བསྟེན་”གསུངས་ལ། 《དུང་དཀར་ཚིག་མཛོད་》ལས་ཀྱང་། “ལྕགས་སྤྲེལ་ལོར་འབྲོམ་སྟོན་པས་ཁམས་སུ་བྱོན་ནས་བླ་མ་སེ་བཙུན་བསྟེན་པར་”གསུངས་སོ།། དེ་བས་དགུང་ལོ་བཅུ་བདུན་ལ་ཁམས་ནས་བླ་མ་སེ་བཙུན་བསྟེན་གསུང་པ་ཅུང་ཡོངས་གྲགས་སུ་སྣང་སྟེ་རབ་བྱུང་མ་ཚུགས་སྔོན་གྱི་ལྕགས་སྤྲེལ་ལོ་སྟེ་སྤྱི་ལོ་༡༠༢༠ལོ་ཡིན་ལ། 《བཀའ་གདམས་ཆོས་འབྱུང་》ལས།“ཁམས་སུ་ལོ་ཧྲིལ་བོ་བཅུ་དགུ་སེ་བཙུན་ལ་བསྟེན”ཟེར་བ་ལྟར་ན། སྤྱི་ལོ་༡༠༢༠ལོ་ནས་སྤྱི་ལོ་༡༠༣༩་ལོ་དབར་འབྲོམ་སྟོན་ཁམས་སུ་བཞུགས་པའི་དུས་ཡིན་དགོས་ཤིང་། སྐབས་འདི་ལ་པཎ་ཆེན་སྨྲྀ་ཏི་ཡང་བོད་ན་བཞུགས་པ་མ་ཟད་ཁམས་སུ་བཞུགས་ཡོད་དེ། ལོ་རྒྱུས་ཀུན་ལས་ཁམས་སུ་འབྲོམ་གྱིས་པཎྜི་ཏ་སྒྲའི་ཚེར་ལས་ལེགས་སྦྱར་དང་སྒྲ་སྦྱང་བར་གསུངས་པས་སོ།། 《རྒྱ་བོད་ཆོས་འབྱུང་རིན་པོ་ཆེ་》ལས། “པཎྜི་ཏ་སྒྲའི་ཚེར་མ་ལས་སྒྲ་བསླབས། དེ་ནས་ལོ་གཅིག་བཞུགས་ཕས། སེ་བཙུན་གྱི་གསུང་ནས་ཕ་དང་མཇལ་བར་སོང་གསུང་ནས་དགུང་ལོ་སོ་བརྒྱད་འགྲོ་བ་ཡར་བྱོན།”གསུངས་པར་གཞིགས་ན་འབྲོམ་དགུང་ལོ་སོ་དྲུག་ནས་སོ་བདུན་བར་ཏེ་སྤྱི་ལོ་༡༠༤༠ནས་སྤྱི་ལོ༡༠༤༡བར་གྱི་ལོ་གཅིག་ལ་པཎ་ཆེན་སྨྲྀ་ཏིའི་མདུན་སྒྲ་སྦྱང་པ་ཤེས་ཐུབ་པ་དང་། 《ནང་ཆེན་རྒྱལ་རབས་》སུ། “རབས་ལོ་༥༠༣༥། ཕྱི་ལོ་༡༠༣༠། རབ་གཟུགས་ལྕགས་འབྲུག༡༤། འབྲོམ་སྟོན་པ་༣༧སྟེང་བླ་མ་སེ་བཙུན་དང་སྨྲྀ་ཏི་མདུན་དུ་སྒྲ་རིག་པ་དང་ལེགས་སྦྱར་གྱི་སྐད་བསླབས།”ཞེས་བཀོད་ཡོད་པ་ལས་ཀྱང་སྐབས་དེར་སྨྲྀ་ཏི་ཁམས་སུ་བཞུགས་པ་ཤེས་ཐུབ། ལྷག་པར་དུ་ཇོ་བོ་རྗེ་བོད་དུ་ཕེབས་ནས་པཎ་ཆེན་སྨྀ་ཏི་གར་བཞུགས་དྲིས་ཚེ་རྫི་བོ་བྱས་ཚུལ་ཞུས་པས། ཇོ་བོ་རྗེས་ཞལ་ནས་ཨ་ཙ་མ། བོད་བསོད་ནམས་ཆུང་། དེང་རྒྱ་གར་ཤར་ནུབ་གཉིས་ན་པཎྜི་ཏ་ཛྙཱ་ན་ལས་ལྷག་པ་མེད། བོད་བསོད་ནམས་ཆུང་། གསུངས་བཞིན་སྤྱན་ཆབ་བསིལ་བའི་ལོ་རྒྱུས་ཡོད་པ་དང་། 《དེབ་སྔོན་》ལས།“ངེད་རྒྱ་གར་ན་ཡོད་དུས་ནཱ་རོ་པ་ཆེ་བ་ཡིན། རྒྱལ་རིགས་ལས་རབ་ཏུ་བྱུང་པའི་དགེ་སློང་དཱི་བཾ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་པས། དེ་ད་ལྟ་བཞུགས་ན་ཁོང་ཆེ་བར་འོང་གསུངས།”ཞེས་པའི་དཱི་བཾ་ར་ཤྲཱི་ཛྙཱ་ན་བྱ་བ་ནི་ཇོ་བོ་རྗེ་དགུང་ལོ་ཉེར་དགུ་ལ་རྡོ་རྗེ་གདན་མ་ཏི་བི་ཧ་རི་གཙུག་ལག་ཁང་དུ་ཕལ་ཆེན་སྡེ་པའི་བྱེ་བྲག་འཇིག་རྟེན་ལས་འདས་པར་སྨྲ་བའི་སྡེ་པ་སངས་རྒྱས་ཡེ་ཤེས་ཀྱི་བཀའ་རྒྱུད་སྦྱོར་ལམ་པ་ཤཱི་ལ་རཀྟི་ཏས་མཁན་པོ་མཛད་དེ་རབ་ཏུ་བྱུང་པའི་མཚན་ཏེ་དཱི་བཾ་ར་ཤྲཱི་ཛྙཱ་ན་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ཟེར་རོ། ། ཡང་《དད་པའི་མེ་ཏོག་》ལས།“མར་མེ་མཛད་དང་དཱ་ན་ཤཱི་ལས་ཀྱང་།། འཕགས་ཡུལ་ན་ཡང་མཉམ་པར་དཀའ་བོ་ཞེས།། ཁྱོད་ལ་དྭངས་པའི་དབྱངས་ཀྱིས་བསྟོད་ཅིང་བསྔགས།། ཡིད་ཆེས་ལྷག་པར་བསྐྱེད་ལ་གསོལ་བ་འདེབས།།”ཞེས་པ་སོགས་གོང་གི་ལུང་ཚིག་འདི་དག་ལས་དམ་པ་ཁོང་གཉིས་པོ་རྒྱ་གར་ན་ཡོད་དུས་ཕན་ཚུན་ཐུགས་རྒྱུས་ཡོད་པ་ངང་ངམ་ཤུགས་ཀྱིས་ཤེས་ཐུབ་པ་དང་། ལོ་རྒྱུས་ཡིག་ཚངས་ལྟར་ན་ཁོང་གཉིས་ཀས་དཔལ་ལྡན་ནཱ་རོ་པ་བསྟེན་མྱོང་པས་ཏག་ཏག་སྐབས་འདི་ལ་དམ་པ་ཁོང་གཉིས་དཔལ་ལྡན་ནཱ་རོ་པའི་སློབ་མ་ཡིན་དགོས་ཏེ། ཇོ་བོ་རྗེས་གསེར་གླིང་པ་དང་ནཱ་རོ་པ་སོགས་བླ་མ་སོ་བཞི་བསྟེན་པ་ལས་དགུང་ལོ་ཉེར་དགུ་བར་རྡོ་རྗེ་གདན་ནས་དཔལ་ལྡན་ནཱ་རོ་པ་བསྟེན་པ་དང་། དགུང་ལོ་ཉེར་དགུ་ལ་རྡོ་རྗེ་གདན་ནས་རབ་ཏུ་བྱུང་ནས་མཚན་ལ་དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ཞེས་སུ་བཏགས། དེའི་སྔོན་ཏེ་དགུང་ལོ་བཅུའི་སྔོན་ལ་མཚན་ལ་ཟླ་བ་སྙིང་པོ་ཟེར་བ་དང་། དགུང་ལོ་བཅུ་པ་ནས་གསང་མཚན་ཡེ་ཤེས་གསང་བའི་རྡོ་རྗེར་གསོལ། རབ་ཏུ་མ་བྱུང་པའི་སྔོན་ལ་མཚན་དེ་གཉིས་ལས་མེད་པ་དང་། དཱི་བཾ་ཀ་ར་ཤྲཱི་ཛྙཱ་ན་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ཞེས་པ་ནི་དགུང་ལོ་ཉེར་དགུའི་དུས་སུ་གསོལ་པ་ཡིན་ལ་སྤྱི་ལོ་༡༠༡༠ཡིན་དགོས། དེ་བས་པཎ་ཆེན་སྨྲྀ་ཏིས་“རྒྱལ་རིགས་ལས་རབ་ཏུ་བྱུང་པའི་དགེ་སློང་དཱི་བཾ་ར་ཤྲཱི་ཛྙཱ་ན་བྱ་བ་ཡོད་”ཅེས་པ་དེས་ཇོ་བོ་རྗེ་རབ་ཏུ་བྱུང་དུས་ཁོང་རྒྱ་གར་ན་ཡོད་པ་ཤེས་ཐུབ་ལ་སྐབས་དེར་དམ་པ་དེ་གཉིས་ཀྱིས་དཔལ་ལྡན་ནཱ་རོ་པ་བསྟེན་པ་ཡོད་པ་ངང་གིས་དཔག་ཐུབ། གསལ་བོར་བཤད་ན་སྤྱི་ལོ་༡༠༡༠ལོར་སྨྲྀ་ཏི་རྒྱ་གར་རྡོ་རྗེ་གདན་ན་བཞུགས་ཡོད་པས། བོད་གྱི་ཡིག་ཚངས་མང་པོར་དུས་རབས་བཅུ་པའི་མཇུག་ཙམ་ལ་བོད་དུ་བྱོན་གསུངས་པ་མ་དག་པའི་སྐྱོན་ནོ།། དེ་བས་ན་པཎ་ཆེན་སྨྲྀ་ཏ་ནི་སྤྱི་ལོ་༡༠༡༠ལོའི་རྗེས་ཏེ་དུས་རབས་བཅུ་གཅིག་པའི་དུས་མགོར་བོད་དུ་ཕེབས་པ་རིགས་འདེད་བྱེད་ཐུབ་ལ། དེ་ཡང་སྤྱི་ལོ་༡༠༣༧ལོའི་མདུན་ལ་བོད་དུ་གདན་དྲངས་པ་ཡིན་དེ། ལྷ་བླ་མ་ཡེ་ཤེས་འོད་ཀྱིས་སྤྱི་ལོ་༡༠༣༧ལོར་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བ་རྒྱ་གར་ནས་ཚུར་ཕེབས་པ་ཕྱིར་རྒྱ་གར་ལ་ཇོ་བོ་རྗེ་གདན་འདྲེན་པར་བཏང་བ་ཡིན་ལ། ཇོ་བོ་རྗེ་བོད་དུ་མ་ཕེབས་སྔོན་ནས་པཎ་ཆེན་སྨྲྀ་ཏི་བོད་དུ་ཕེབས་ཡོད་པ་དང་། པཎ་ཆེན་སྨྲྀ་ཏི་ཁམས་ན་བཞུགས་པའི་ལོ་འགའ་ཤས་ལ་ཇོ་བོ་རྗེ་ད་དུང་རྒྱ་གར་འཕགས་པའི་ཡུལ་ན་བཞུགས་པ་གོང་གི་རིགས་འདེད་དེ་མ་ཟད་ལོ་རྒྱུས་དག་ལས་ཀྱང་ཤེས་ཐུབ་བོ།། ད་དུང་ཚུར་དེད་ན་སྤྱི་ལོ་༡༠༣༠ལོའི་ཡས་མས་སུ་པཎ་ཆེན་འདི་ཁམས་ལ་བཞུགས་ཡོད་དེ། ལོ་དེའི་ཡས་མས་སུ་འཛོམ་ཉག་མཆོད་རྟེན་ཁོང་གིས་ཕྱག་བཏབ་པ་མཆོད་སྡོང་འདིའི་དཀར་ཆག་ཏུ་གསལ་བནང་ཆེན་རྒྱལ་རབས་སུ་ཡང་གསལ་ལོ། །དེ་ལས་ཀྱང་ཞིབ་པར་བྱས་ན། སྤྱི་ལོ༡༠༡༠ལོ་སྟེ། ཇོ་བོ་རྗེ་རབ་ཏུ་བྱུང་བའི་རྗེས་དང་། སྤྱི་ལོ་༡༠༢༠ལོའི་སྔོན་ཏེ། འབྲོམ་སྟོན་པ་རྒྱལ་བའ་འབྱུང་གནས་ཁམས་སུ་མ་ཕེབས་པའི་སྔོན་ལ་བོད་དུ་བྱོན་པ་ཡིན་པར་སྙམ་པས་ཀུན་གྱིས་དཔྱད་པར་འཚལ།

པཎྜི་ཏ་སྨྲྀ་ཏི་ཛྙཱ་ན་ཀིརྟིའི་ལོ་རྒྱུས་མདོར་བསྡུས།

རྩོམ་པ་པོ། རྒྱལ་མོ་ལྕགས་ཐར་འབུམ།

 

 ནང་དོན་གནད་བསྡུས།

དཔྱད་རྩོམ་འདིའི་ནང་དུ་པཎ་ཆེན་སྨྲྀ་ཏི་ཡུལ་གང་ནས་ཡབ་སུའི་སྲས་སུ་དུས་ནམ་ཞིག་ལ་ཁྲུངས་པ་དང་། མཚན་གྱི་རྣམ་གྲངས་གང་དག་ཡོད་པ། བླ་མར་བསྟེན་ཚུལ་དང་སློབ་མ་བསྐྱང་ཚུལ། བོད་དུ་ཕེབས་པའི་དུས་དང་ཕེབས་དོན། གདན་འདྲེན་མཁན། བོད་ཀྱི་ཡུལ་གང་དག་ལ་ཕེབས་པ། འགྲོ་དོན་གང་དག་མཛད་ཚུལ། དུས་ནམ་ཞིག་ལ་ཡུལ་གང་ཞིག་ནས་སྐུ་གཤེགས་པ་སོགས་ལ་སྔར་ཡོད་ཀྱི་ལ་ཁ་གསབ་ཀྱི་ཚུལ་གྱིས་ཟུར་ཙམ་བརྗོད་ཡོད།

【བརྡ་ཆད་གཙོ་བོ།】 སྨྲྀ་ཏི། ལོ་རྒྱུས།

   པཎྜི་ཏ་འདིའི་སྐོར་ནི་དེབ་ཐེར་དང་ཆོས་འབྱུང་། ལོ་རྒྱུས་སོགས་སུ་ཐིག་ཕྲེང་རེ་གཉིས་ལས་བཀོད་མེད་ལ། དེ་ཡང་ཁ་གསལ་བོ་མེད་པ་མ་ཟད་མཁས་དབང་རེ་རེའི་དགོངས་པ་མི་མཐུན་པ་ཡོད་མོད། བསྟན་པ་ཕྱི་དར་སྟོད་ནས་དར་བའི་དབུ་ཁོང་ནས་ཚུགས་པ་མཁས་དབང་དུ་མས་བཞེད་ལ་གསང་སྔགས་གསར་རྙིང་གི་མཚམས་ཁོང་གི་དུས་ནས་དབྱེ་བ་གཅིག་མཐུན་དུ་གསུངས། བསྟན་པ་ཕྱི་དར་སྐབས་རྒྱ་གར་གྱི་པཎྜི་ཏ་བོད་དུ་བྱོན་པ་ཆེས་སྔ་བ་ཡིན་ལ། བསྟན་པ་ཕྱི་དར་སྐབས་ཀྱི་ལོ་ཙཱ་བ་སྔ་ཤོས་ཤིག་ཀྱང་ཡིན་པར་རྩོད་པ་མེད། དེ་བཞིན་བསྟན་པ་ཕྱི་དར་སྐབས་པཎ་ཆེན་འདིས་བོད་མདོ་དབུས་ཁམས་གསུམ་དང་ལྷག་པར་ཏུ་མདོ་སྟོད་སྨད་ཀྱི་ཕྱོགས་སུ་མཛད་འཕྲིན་མཁའ་ལས་མཐོ་བ་བཞག་མྱོང་བ་དང་། སྒོས་སུ་གཞུང་ལུགས་རྩོམ་འཆད་བསྒྱུར་གསུམ་ཐད་ལ་མཛད་རྗེས་བླ་ན་མེད་པ་བཞག་ཡོད་པ་ནི་བཀའ་བསྟན་གྱི་གཞུང་ན་གསལ་བ་བཞིན་ནོ། ། དེ་མ་ཟད་རྟེན་བཞེངས་དང་བཟོ་རིག་ཐད་ལ་ཡང་དེང་སྐབས་མིག་གིས་མཐོང་རྒྱུ་ཡོད་ལ་རྣ་བས་གོ་རྒྱུ་ཡོད་པ་ཤིན་ཏུ་མང་ལ། བོད་ཀྱི་བརྡ་སྤྲོད་རིག་པའི་ཐད་ལ་ཡང་སྒོ་སྨྲ་མཚོན་ཆ་མཛད་ནས་སྔ་ན་མེད་པའི་བྱས་རྗེས་བཞག་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རོ། ། ཡིན་ཡང་འདི་འདྲའི་པཎྜི་ཏ་ཆེན་པོ་ཞིག་ལ་ཁ་གསལ་ཁུངས་དག་གི་ལོ་རྒྱུས་དང་རྣམ་ཐར་ཞིག་མེད་པ་ནི་བློ་ཡུལ་ལས་འགོངས་པའི་གནད་དོན་ཞིག་ལགས་ལ། ལྷག་པར་ཏུ་ང་ཚོ་བོད་ཀྱི་ཡུལ་ལ་མཛད་རྗེས་བླ་མེད་འཇོག་མྱོང་པས་པཎྜི་ཏ་འདི་ལྟ་བུ་ཞིག་ལ་ཚེ་སྟོད་ཀྱི་ལོ་རྒྱུས་གསལ་བོ་མེད་ཀྱང་ཚེ་སྨད་ལ་བོད་ཀྱི་ཡུལ་ནས་འཚོ་བཞེས་གནང་ཞིང་བོད་ཀྱི་བསྟན་པ་དང་འགྲོ་བའི་དོན་ཀུན་ལྷུར་བླངས་ནས་གཟུགས་སྐུའི་བཀོད་པ་རྫོགས་པ་ཞིག་ལ་བོད་ན་ལོ་རྒྱུས་དང་རྣམ་ཐར་མེད་པ་ནི་ངོ་གནོང་དགོས་པའི་དོན་དག་ཞིག་ལགས་པས་ན། འདིར་ཕྲན་གྱིས་མིག་སྔར་ལག་སོན་བྱུང་པའི་རྒྱལ་ཁབ་ཕྱི་ནང་གི་རྒྱུ་ཆ་དག་དང་ལོ་ངོ་མང་པོར་བརྒྱུད་ཡོང་པའི་ངག་རྒྱུན་ལ་ཁུངས་གཏུགས་ཤིང་དུས་རབས་བཅུ་པ་དང་བཅུ་གཅིག་པའི་འབྲེལ་ཡོད་མཁས་གྲུབ་དག་གི་ལོ་རྒྱུས་དང་རྣམ་ཐར། དེ་བཞིན་ཁོང་ཚོ་འཚོ་བཞེས་ཀྱི་ལོ་ཚིགས་སོགས་གུང་བསྒྲིགས་ནས་རང་བློས་ལྕོག་ཚད་ཀྱིས་པཎྜི་ཏ་འདི་ཡུལ་གང་ལས་འཁྲུངས་ཤིང་། དུས་ནམ་ཞིག་ལ་བོད་ཀྱི་ཡུལ་གང་དག་ཏུ་ཕེབས་ནས་འགྲོ་དོན་མཛད་པ་དང་། ཁོང་གི་ཆེ་བ་མཚོན་པ་དང་ཀུན་གྱིས་དམ་པ་འདི་ལ་རྗེས་སུ་ཡི་རངས་བྱེད་སླད་ཁོང་གིས་རྩོམ་འཆད་བསྒྱུར་གསུམ་གནང་པའི་གཞུང་ལུགས་དག་གི་མཚན་བྱང་བཀའ་བསྟན་ལས་བཏུས་ཏེ་ཀུན་གྱི་སྤྱན་ལམ་ལ་འབུལ་བ། མཐར་ཡུལ་གང་ཞིག་ནས་དགོངས་པ་ཆོས་དབྱིངས་སུ་འཐིམ་པ་སོགས་སྔར་ཡོད་ཀྱི་ལོ་རྒྱུས་རགས་པ་ལ་ཁ་གསབ་ཀྱི་ཚུལ་དུ་བཀོད་ན་འདི་ལྟ་སྟེ།

གྱེ་དི་རིང་ནི་སང་ལྟ་ན།།
དོག་སྲིན་ནྀ་སྦུར་བུ་འྀས།།
བྱ་ལྟར་ནྀ་བཅོས་བཅོས་སྟེ།།
གནམ་དུ་ནྀ་འཕུར་འདོད་ཀྱང་།།
འཕུར་དུ་ནི་འདབ་མ་མཆྀས།།
འཕུར་དུ་ནྀ་འདབ་མཆིས་ཀྱང་།།
དགོང་སྔོ་ནི་ཕང་མཐོས་སྟེ།།
སྤྲིན་ཀྱྀ་ནི་གོ་མྱི་འདའས།།
ཡ་རུ་ནྀ་དགུང་མ་སླེབས།།
མ་རུ་ནྀ་དོག་མ་སླེབས།།
མ་མཐོ་ནི་མ་དམའ་སྟེ།།
ཁྲ་འྀ་ནི་གཟན་དུ་གྱུརད།།
ཁྲི་འདུས་སྲོང་ནས།


发布     👍 0 举报 写留言 🖊   
✋热门推荐
  • 一整年都沉浸在患得患失的情绪里以为在大学也能好好的生活还能遇到一个救赎自己的人可是风吹的太慢太慢了遇到懂自己自己也想懂的人太难太难了可能是涉世未深有个人安慰我的
  • ” #与萨摩耶的异地恋#是的 人一旦跳出舒适区 就意味着危险和不确定 一想到危险和不确定 人就会打退堂鼓 立马退回舒适区 嗯 这就是我 一直以来 不管做什么我都
  • 【山西在全国首创农业“四险”有机组合[赞]】近日,省农业农村厅传来消息,山西省对标中央试点,自主启动省级政策性小麦、玉米完全成本保险、产量保险、收入保险试点;主
  • !#和田玛雅[超话]#卒業おめでとうございます本番前まいちゅんが足をつったと騒ぎ始めたので急いでソックスを脱がせて足ツボをしているところですまたいつでも足つった
  • 设计风格:佩斯利(paisley)花纹,一个经典传承的设计“编辑器”以其独特的造型风格,使之可以完美融入各种事物当中,得到得加持效果绝不仅仅是1+1=2那么简单
  • 不是每做一件事都须向旁人解释,不停的解释会限制自己的人生道路,你所做的一切,只要自己认可、心安就好。 #阳光信用[超话]##阳光信用# 心静,就能感受自己内心最
  • #道枝駿佑[超话]# 家人们安利个烧普册子,硬皮封面、活页四宫格前后可收纳,套袋后可收纳,主要是设计真的很好看质量也好,封面有皮的纹路,之前发pyq啥的也很多g
  • 2喝黄芪枸杞茶黄芪具有补肾气、抗疲劳的作用,再加上枸杞,两者一起适量食用,对于体力不好、精神不集中、长期疲劳、睡眠不好的人群有一定的疗效。3栀子栀子性寒,正好和
  • 当然您娘您的,我管不着[笑cry]但是我是永远不会对身上有丝毫娘气的男人产生爱情那种情愫的!我喜欢的一直都是这种好吗?
  • 我袒露我的坦白的胸襟,献爱与一天的明星:任凭人生是幻是真,地球存在或是消泯──太空中永远有不昧的明星!”最终连时间也会变成各式各样的阿泰按下快门的瞬间 曝光即定
  • #无恙情感挽回爱情##无恙情感导师怎么挽回前男友##无恙情感分析情感问题分手复合失恋挽回女朋友##无恙情感导师怎么断联挽回异地恋##无恙情感咨询怎么挽回婚姻修复
  • 今天带来的就是一款器型不多见却蕴含“智慧通达”的「朱泥扁灯壶」。此套茶杯韵在器、在笔、在墨色,犹如宣纸作画,墨分五彩,不同的是用瓷做纸,经年累月把美好想象落于瓷
  • 大马路都是你家的呀!“从你到我有多远,善解之间”在一念之间遇见彼此,愿用心维护,珍惜,我会做个成熟的小女孩宝贝三岁了 这一年走过不容易 经历大大小小的疼痛来到年
  • ”孙怡:“有啊,而且我觉得他应该是有提前做过功课的,因为不都说生下来宝宝那一刻不要马上去看宝宝,要陪着妻子,要不然你的妻子会觉得不爱她了。”孙怡:“有啊,而且我
  • 这是:你的每一年生日,岁月都将不老,我的祝福都会在你身边!这是:你是我眼中的光芒,自从你的21岁就没变过。
  • 泽连斯基问:你也认为我应该继续战斗在这里吗?列宁问:你的美国朋友不是希望协助你撤离基辅吗?
  • 这种执着也绝对不会干扰你的躯壳去承担它应有的职责,正如一名演员明白真实生活中的自我,但这一事实绝不会干扰他在舞台上所扮演的角色一样。我的个性决定了我不愿不假思索
  • 活动中,工作人员和志愿者为杨渊村20名留守儿童上防疫课、讲解疫情防控有关知识,引导监护人增强监护主体责任意识,开展未成年人预防网络沉迷教育和“舞龙”DIY手工制
  • 如今,人空瘦,海棠落琼眸❸❹原文:我想你古文:所谓伊人,在水一方❸❺原文:我超级想你古风文:山河远阔,人间星河,无一是你,无一不是你❸❻原文:我非常爱你古风文:
  • 盘面上黄金板块午后走强,资金避险情绪有所升温。盘面上黄金板块午后走强,资金避险情绪有所升温。