祈祷大恩上师
ཡོན་ཏན་ཀུན་ལྡན་བླ་མ་ལ། །
རྟག་ཏུ་གཡོ་སྒྱུ་མེད་པ་ཡིས། །
མཆོད་པ་ཆུང་ངུ་བྱས་གྱུར་ཀྱང་། །
ཚེ་འདིར་ཚེ་རིང་ནད་མེད་ཅིང་། །
ལོངས་སྤྱོད་ཕུན་ཚོགས་ཡིད་དུ་འོང་། །
ཕྱི་མར་ཐར་པའི་བདག་པོར་འགྱུར། །

ཡེ་ཤེས་འཕྲ་རྒྱུད་ཅེས་པ་ལས།

ཕ་ཡུལ་མ་སྡོད་བུ་ལོན་སྐྱེད་མ་སྤེལ་་་་་་ལོང་བའི་མིག་བཞིན་མི་མཐོང་ཡུལ་དུ་གྱིས་་་་་འགལ་རྐྱེན་བྱེད་པའི་བུད་མེད་རྩར་མ་བསྟེན་་་་་་་ཉིན་པར་མང་གསེབ་བག་མེད་ཆང་མ་འཐུང་་་་་སྤྱོད་ལམ་ཤུགས་འགོག་ཐ་མལ་གསེབ་མ་སྡོད། རི་དྭགས་བཞིན་དུ་རི་སུལ་བཙན་སར་སྡོད་་་་་ཞྭ་འཕྱེའི་མི་བཞིན་འགྲོ་འདུག་ཉུང་དུ་གྱིས་་་་ལྐུགས་པའི་ཁ་བཞིན་སྨྲ་བ་ཉུང་ངུ་གྱིས་་་་་་་་་པདྨ་བཀའ་ཐང་།

གུང་ཐང་གི་སྤྲང་པོ།

མ་མྱང་ཚ་ཡི་བུ་སྡུག་གཅིག་ཆོག །
ཕ་བཀའ་བརྒྱུད་ཀྱི་གྲུབ་བརྒྱའི་སྤྱི་མེས། །
བུ་བདག་ཅག་གི་གཙུག་ནོར་དམ་པ། །
རྗེ་གུང་ཐང་གི་མི་ལ་དྲན་ནོ། །

ཡབ་དྲིན་ཆེན་གྱི་བྱམས་བརྩེ་དབང་།།
གཉེན་མཛའ་བཤེས་ཚོ་དགྲ་རུ་ལོག་སྟེ།།
ཡུལ་སྐྱ་རྔ་རྩྭའི་གྲོང་འདབས་ཤིག་ན།།
བུ་བདག་མེད་ནི་ཐོས་པ་དགའ་བ།།

རྒྱབ་གོས་མེད་ཀྱི་མི་རྐྱང་སྔོ་ཧྲེང་།།
ཁ་ཟས་མེད་ཀྱི་སྤྲང་པོ་ཀེར་ལངས།།
གནས་ངེས་མེད་ཀྱི་ས་མཐའི་འཁྱམ་པོ།།
དུས་དེ་རིང་ནི་ཁྱེད་རང་དྲན་འོང་།།

ཕྱིར་ལྡོག་མེད་ཀྱི་མོས་གུས་རྣལ་མ།།
སྲོག་ཕངས་མེད་ཀྱི་དཀའ་སྤྱད་སྙིང་རུས།།
སྐྱོན་ཀུན་བྲལ་གྱི་སྣོད་ལྡན་སློབ་མ།།
ཕ་ལོ་ཙཱ་ཡི་སྲས་ཀྱི་ཐུ་བོ།།

ཡུལ་འདོད་ཡོན་ལ་ཆགས་པ་རྩ་བྲལ།།
གཞི་ཆོས་བརྒྱད་ལ་རེ་བ་ཀུན་ཟད།
གནས་འཁོར་བ་ལ་ཞེན་པ་གཏིང་ལོག།
རྗེ་མི་ལ་ཁྱོད་ཆོས་པའི་ཆོས་པ།།

ལུས་གཏུམ་མོ་ཡི་མེ་དྲོད་ཐུལ་ལེ།།
ངག་ཚངས་དབྱངས་ཀྱི་མགུར་གླུ་སྙན་ནེ།།
ཐུགས་ཏིང་འཛིན་གྱི་རེ་ཁྭ་ལྷམ་མེར།།
རྗེ་མི་ལ་ཁྱོད་གང་དུ་བཞུགས་ཡོད།།

ཆོས་ཕྱག་ཆེན་གྱི་གསེར་གྱི་ཀོང་བུ།།
ལམ་ཆོས་དྲུག་གི་མར་ཁུས་བཀང་བའི།།
དཔལ་གྲུབ་བརྒྱ་ཡི་གཙུག་གི་ནོར་བུ།།
རྗེ་མི་ལ་ཁྱོད་མི་དྲན་སུ་དྲན།།

ཕྱི་ལུས་པོ་ནི་མི་མིན་འདྲེ་མིན།།
ནང་ཐུགས་ཀ་ནི་སངས་རྒྱས་གསོན་པོ།།
གསུང་མགུར་དབྱངས་ནི་རྒྱ་གླིང་སངས་སངས།།
རྗེ་མི་ལ་ཁྱོད་སྙིང་ནས་དྲན་སོང་།།

བདག་གཞན་གཅེས་ཀྱི་ཐེག་ཆེན་སེམས་བསྐྱེད།།
མཐའ་ཀུན་བྲལ་གྱི་དབུ་མའི་ལྟ་བ།།
གཤིས་བདེན་གྲུབ་ཀྱི་ཕྱག་ཆེན་གནས་ལུགས།།
རྩ་རོ་རྐྱང་གི་སྲུབས་དུ་འཐིམ་ཡོད།།

རྩ་འཇག་མ་ཡི་རྩེ་ནས་བཞེངས་ཏེ།།
རྭ་གོག་པོ་ཡི་ཁོག་ཏུ་འགྱིང་ནས།།
ཆོས་ཕྱག་ཆེན་གྱི་ཉམས་མགུར་འཐེན་པའི།།
མི་རྩལ་ཆེན་དེ་གུང་ཐང་སྤྲང་པོ།།

ཁྱི་ཤ་བ་ལ་མི་སྐད་འཕྲིད་མི།།
མ་མཁའ་འགྲོ་ལ་གྲོགས་སུ་བསྟེན་མི།།
འདྲེ་ཤ་ཟ་ལ་ཆོས་འཁོར་སྐོར་མི།།
བུ་མཐུ་ཆེན་ཁྱོད་དེ་རིང་དྲན་སོང་།།

མཆོག་ཚེ་གཅིག་ལ་གྲུབ་པའི་རྣལ་འབྱོར།།
ཆོས་སྒྲུབ་བརྒྱུད་ཀྱི་ཉིན་བྱེད་སྣང་བ།།
རྗེ་གྲུབ་རིགས་ཀྱི་ཁྱུ་མཆོག་དམ་པ།།
ཡིད་མོས་གུས་ཀྱི་གདུང་དབྱངས་གསན་མཛོད།།

འཁོར་སེམས་པ་ཡི་ས་ཆེན་བརྡལ་ཅིང་།།
གནས་གཡའ་བྲག་ལ་རས་པས་ཁྱབ་མྱོང་།།
ཕ་བཀའ་བརྒྱུད་ཀྱིས་ས་ཆེན་བརྒལ་བ།།
མགོན་རྗེ་བཙུན་གྱི་མཛད་རྗེས་དྲན་སོང་།།

ལམ་རིམ་གཉིས་ཀྱི་ཐེམ་སྐས་བརྒྱུད་དེ།།
དཔལ་གྲུབ་པ་ཡི་ས་མཐོར་གཤེགས་པའི།།
ཀྱེ་ངེས་དོན་གྱི་གྲུབ་པའི་དབང་པོ།།
ཡིད་དད་འདུན་གྱི་མཁའ་རུ་བྱོན་ཤོག།


发布     👍 0 举报 写留言 🖊   
✋热门推荐
  • 所有配置都合适,只有显示器不合适,换一台显示器是我的to do list上必选项。现在苹果设备广泛使用的p3广色域也有95%的色彩范围,轻松显示苹果色。
  • 天宝十载,李白在漫游的旅途中与好友岑勋和元丹丘相会,在豪饮之间将自己这多年来被贬的心情宣泄的淋漓尽致,此时的李白,人生进入到了巅峰状态,一首《将进酒》也就呼之欲
  • 最幸运的幸运就是遇见了你,一眼之念,一念执着,注定缘分是解不开的枷锁。”蓄力而行,继续步履不停,将这一年作品的魅力、公益的力量、时尚的风格、活动与红毯的惊艳、江
  • 自2017年起,保康县就有这么一群可爱可敬的体彩业主,他们每年自发组织对山区学生、困难群众进行公益捐赠,用实际行动践行着“公益体彩 乐善人生”的品牌理念。民间乐
  • !她说:是爱啊……真是又好笑又阿们苏州街真是个好地方#活水泉日常#胶原蛋白对女孩子来说有多重要?
  • ”Loving you is worth everything to me.对我来说,爱你一切都值得。#刘宇宁终极笔记#I love three things
  • 我们想要也有能力在今年卫冕,塑造一个时代!谈到这赛季的欧冠期望,科曼表示:“我们正年轻,风华正茂。
  • 三年,我要陪伴她度过这婴儿时期的三年,让她尽可能少点危险,多点开心的度过,我的工作什么时候都可以,钱大不了少赚一点也不会饿死,公婆可以老死不相往来,但是孩子我如
  • 成都整牙齿医院排名,整牙比较好的医生推荐,隐适美附件掉了怎么办,成都虎牙矫正费用是多少?深圳哪里有虎牙正畸的医院?
  • 深刻的道理,往往是简单的;而简单的道理,真正做到了却很不简单。深刻的道理,往往是简单的;而简单的道理,真正做到了却很不简单。
  • 这也就是为什么越来越多的人开始喜欢上水光针的原因~ #水光针##谢可寅[超话]##谢可寅0104生日快乐# 宝宝们中午好呀~今天站站听到一个小故事,说给大家听听
  • 2020 这个数字就注定了他的不平凡 本想热热闹闹的过个年 趁着过年 全家出去旅游 因为疫情 我们不得不在家贡献出自己的力量 那段无聊的日子里 天天睡了吃 吃了
  • 鼻梁有节的人认为人无完人,只要是人就有缺点,因此他们对于别人对自己指出的缺点能够虚心接受,认识到自己的不足,不会骄傲自满,也不会狗眼看人低,公平公正的对待每个人
  • 一起加油#徐英浩[超话]##JOHNNY[超话]##行走的荷尔蒙徐英浩# 【饭制】210107 饭制修图©️unveganable资源by ND超话➕签到:#
  • 当时鲁豫谈到,做一个这么好的人是辛苦的,但是因为你就是你,已经做了50多年了,所以也无所谓辛苦了。刚拍电影那几年,他不知道哪个好哪个不好,所以接了很多在镜头前耍
  • 4⃣️未满18岁者不建议饮酒;成年人饮酒需考虑自身身体健康情况❗️饮酒适度,严禁酒后驾车❗️奖品为茅台酒正品,抽奖发起人不对获奖者因为饮用本酒所产生的一切后续问
  • 龙,宜猴鼠鸡忌狗。 生肖鼠,宜猴龙牛忌马。
  • “对不起对不起……”她忙抽了几张纸巾给他擦裤子。️红蝎油[嘴唇][嘴唇][嘴唇],真的能看见‮呦子蝎‬[爱心][爱心][爱心]​涂抹胸上,可让你心‮的中‬男神对
  • #青岛隐形矫正##青岛牙套#牙齿矫正日记分享: @青岛牙齿矫正田亚医生26岁开始戴牙套,现在已经带了两年多了现在是在微调,再过几个月就可以和我的牙套说再见了我的
  • 何超莲和窦骁的表现都很活跃,两人穿着同款衣服,也是显得很有活力。何超莲和窦骁的表现都很活跃,两人穿着同款衣服,也是显得很有活力。