གསེར་ཁྲི་མངའ་གསོལ་དུས་སྟོན་ལ་རྟེན་འབྲེལ་ཞུ།
རྒྱ་གར་མུ་སྟེགས་ཕམ་པ་བྱས། །
རྒྱ་ནག་རྒྱལ་པོའི་དབུ་བླ་མཛད། །
བཅུ་ཕྲག་རིག་པའི་ཤིང་རྟ་བ། །
འཇམ་དབྱངས་ས་སྐྱ་པ་ལ་འདུད། །

ཤེས་བྱ་ཀུན་མཁྱེན་འཇམ་པའི་དབྱངས། །
འགྲོ་ཀུན་བརྩེ་བའི་སྤྱན་གྱིས་གཟིགས། །
ཉོན་མོངས་དགྲ་རྒྱལ་རྡོ་རྗེ་འཛིན། །
གདུང་རྒྱུད་རིམ་བྱོན་རྣམས་ལ་བསྟོད། །

ཆེན་པོ་བོད་ཡུལ་བསྐྱངས་བའི་མགོན། །
བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་རྗེ། །
དཔལ་ལྡན་ས་སྐྱའི་མི་འཇིགས་ཁྲི། །
མངོན་པར་མཐོ་བའི་བཀྲ་ཤིས་ཤོག །

བསྟན་པའི་བདག་པོ་ས་སྐྱ་༧གོང་མ་ཁྲི་རབས་ཞེ་གསུམ་པ་ཁྲི་སྟོན་རྟེན་འབྲེལ་ཙམ་ལ་དམིགས་ནས་འགུ་ཟི་པད་བློས་བྲིས་པའོ། https://t.cn/R2Wx1Aq

༄༅། །ནང་ཆོས་ཀྱི་ངོ་བོའི་སྐོར། རྗེ་གུང་ཐང་བསྟན་པའི་དབང་ཕྱུག་ཚང་།

ཆོས་ལུགས་ནི་འགྲོ་བ་མིའི་རིགས་ཀྱི་ཁྱད་ཆོས་ཆེན་པོ་ཞིག་སྟེ། དེང་སྐབས་ཀྱི་འཛམ་གླིང་ལ་བལྟས་ན། འབྱོར་ཕྱུག་རྒྱས་པ་དང་མ་རྒྱས་པའི་ས་གནས་དང་མི་རིགས་རྒྱལ་ཁབ་གང་ཡིན་རུང་། རང་རང་གི་ཆོས་ལུགས་ལག་ལེན་དང་དེ་ལ་དད་མོས་བྱེད་བཞིན་ཡོད་མོད། འོན་ཀྱང་། ང་ཚོས་འགྲོ་བ་མིའི་རིགས་ལ་ལོ་རྒྱུས་ཡོད་པ་ནས་བཟུང་དེའི་བསམ་པའི་དཔལ་ཡོན་ལ་ཞིབ་འཇུག་ཞིག་བྱེད་རྒྱུ་ན། ཕལ་ཆེར་ཆོས་ལུགས་མ་གཏོགས་རིག་གནས་དང་གཞུང་ལུགས་གང་ཡིན་ཡང་དར་རྒུད་རྙིང་འཇིག་གི་ཆོས་ཉིད་དུ་གྱུར་སོང་། ནམ་ཡང་ཉམས་མེད་འཕེལ་རྒྱས་དང་ཇི་ལྟར་ཞིབ་འཇུག་བྱས་ཀྱང་གཏིང་དང་མཐའ་འདི་ཞེས་ཟད་དུ་མེད་ལ། གནས་ལུགས་ཡང་དག་པ་ནི་ཆོས་ལུགས་མ་གཏོགས་གཞན་མེད་པ་རིགས་པས་བརྟག་ཅིང་དཔྱད་ན་རྟོགས་ཐུབ། མི་ལོ་སྟོང་ཕྲག་འགའི་རིང་འདིར་ཚན་རིག་ནི་གནས་སྐབས་ཙམ་ཀྱི་ཆོས་ཉིད་ཡིན་པས་གནས་སྐབས་སུ་བདེན་བདེན་འདྲ་ཡང་མཐར་སྙིང་བོ་མེད། གནའ་བོའི་མིའི་འགྲོ་ལུགས་འདུག་སྟངས་གྱོན་ཆས་གོམས་སྲོལ་ཤེས་རིག་ཐམས་ཅད་རྙིང་འཇིག་གསར་བྱུང་གི་རྣམ་པ་ལས་ནམ་ཡང་མི་འགྱུར་བདེན་པར་གནས་པ་ཞིག་གཏན་ནས་མ་བྱུང་། འོན་ཀྱང་། སངས་རྒྱས་བཅོམ་ལྡན་འདས་ཁོང་ནི་མི་ལོ་གཉིས་སྟོང་སྔོན་དུ་འཁྲུངས་ཤིང་ཁོང་གི་བཀའ་སློབ་ཀྱི་ཚིག་འབྲུ་རེ་རེའི་བདེན་དོན་གྱི་ཟེར་བརྒྱ་དེ་ལ་ང་ཚོས་ད་དུང་ཡང་སྤྱད་པས་རྫོགས་པ་མེད་ཅིང་། བསླུ་མེད་ཀྱི་གསུང་དེ་ལ་བསྲེག་བཅད་བརྡར་གསུམ་ཅི་ལྟར་བྱས་ན་ཡང་། བདེན་གསུང་ཀུན་གསལ་སྒེག་མོའི་མཐའ་བཞིན་ནོ། ། ཞེས་གསུངས་པ་ལྟར་། ཁོང་གི་མཁྱེན་རབ་ལས་བརྒལ་བ་ད་དུང་ཡང་བྱུང་མེད་དེ། རྡོ་རྗེ་གཅོད་པ་ལས། སྐར་མ་རབ་རིབ་མར་མེ་དང་། ། སྒྱུ་མ་ཟིལ་བ་ཆུ་བུར་དང་། ། རྨི་ལམ་གློག་དང་སྤྲིན་ལྟ་བུར། ། འདུས་བྱས་ཐམས་ཅད་དེ་ལྟར་བལྟ། ། ཞེས་འདུས་བྱས་ཀྱི་མཚན་ཉིད་འདི་གཅིག་པུས་ཀྱང་འཇིག་རྟེན་ཁམས་ཡོངས་ཀྱི་གནས་ལུགས་ཡང་དག་པ་རྟོགས་ཐུབ་བོ། །

ནང་བའི་ཆོས་ཀྱི་དམིགས་འབེན་ནི་འགྲོ་བ་མི་དང་བྱེད་ལས་ནི་མི་ལ་རང་ངོ་རང་གིས་ཟིན་ཏུ་འཇུག་པ། བྱ་བ་བྱེད་པའི་ཡུལ་ནི་མིའི་སེམས་རྒྱུད་ཡིན། གང་ཟག་གང་ཡང་རུང་བ་དེའི་སེམས་ཀྱི་རང་བཞིན་ལུས་ངག་གི་བྱ་སྤྱོད་ལས་རྟོགས་པ་ནི་ཕྱིའི་རྣམ་འགྱུར་ཙམ་ལས་སེམས་ཀྱི་ངོ་བོ་གཟུགས་དབྱིབས་དང་བྲལ་བས། སུས་ཀྱང་རྡོག་རྡོག་ལག་ཏུ་བཞད་དེ་སྟོན་ཐབས་མེད། འོན་ཀྱང་དེ་ལ་ནང་ཆོས་ལས་ཐབས་སྣ་ཚོགས་པའི་སྒོ་ནས་ངོས་ཟིན་དུ་འཇུག་པར་བྱེད་ལ། སྤྱིར་ཆོས་ཞེས་པ་གང་ལ་གང་འཚམ་གྱིས་དོན་གྱི་བརྟག་པ་མཐའ་བཟུང་མེད་པས་ཆོས་ལུགས་ཞེས་དང་། ཆོས་ནི་ལམ་དང་ལུགས་ནི་ཁྱད་པར་གྱི་དོན་ཡིན། ལམ་གྱི་སྒྲུབ་པ་མཐར་ཐུག་ནས་རྒྱལ་བའི་ངོ་བོར་འཚང་རྒྱ་བའི་ཚེ་ན། དེ་དུས་ད་གཟོད་གྲུབ་མཐའམ་ལུགས་ཞེས་པ་ངོ་བོ་དབྱེ་མེད་པ། དཔེར་ན། ཆུ་བོ་ཐམས་ཅད་བཞུར་ལམ་གཅིག་ལ། རྒྱ་མཚོ་ཆེན་པོའི་ནང་དུ་འདྲེས་པ་ན་སོ་སོའི་བཞུར་ལམ་འདི་ཞེས་མེད་པ་ལྟར་རོ། ། ལུགས་ནི་ཆུ་བཞུར་ལམ་ལྟ་བུ། ཆོས་ནི་དེའི་ནང་དུ་བཞུར་བའི་ཆུ་ལྟ་བུ། མཐར་ཐུག་ཡང་དག་པའི་འབྲས་བུ་ཐོབ་པ་ན་ཆུ་བོ་ཐམས་ཅད་རྒྱ་ཆེན་པོ་ན་ངོ་བོ་དབྱེར་མེད་པ་དང་མཚུངས་སོ། །
༼གྲོང་ཁྱེར་ཀྲུའུ་ཧེའུ་ནས་རྒྱའི་ཡུལ་གྱི་དད་ལྡན་དམངས་ཚོགས་ལ་གནང་བའིབཀའ་སློབ་བཞུགས་སོ་༽ལས་བཤུས།
࿐ཁོང་གི་གསུང་འབུམ་པོད་ང་ན་གསལ།

ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཤེས་རྟོགས་བྱུང་ཚད་ཇེ་མཐོ་རུ་བཏང་སྟེ། ཏང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་གི་སྲིད་ཇུས་དེ་འབྲོག་ཁུལ་དུ་གཏིང་ཟབ་སྒོས་སྐུལ་འདེད་བཏང་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་བསྐྱེད་དུ་གཏོང་བ་དང་། གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་བརྟན་འཇགས་ངང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་ཆེད། ཟླ3པ་ནས་བཟུང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་དྭངས་ལག་ཡུལ་ཚོ་ཡིས་རྟ་ཐོག་སྒྲོག་འགྲེལ་རུ་ཁག་དང་སྦག་སྦག་སྒྲོག་འགྲེལ་རུ་ཁག་ཧུར་ཐག་གིས་སྒྲིག་འཛུགས་བྱས་ཏེ། ཡིག་ཆ་ཨང་དང་པོའི་དགོངས་དོན་དེ་ཁྱིམ་ཚང་རེ་རེར་ཤེས་རྟོགས་བྱུང་དུ་བཅུག །


发布     👍 0 举报 写留言 🖊   
✋热门推荐
  • #家居[超话]##B.M.新作设计# ⚪️ ✉ . .. / 柔和色系 简单布局勾勒出兼顾设计美学与功能主义的现代美居轻盈温柔的颜色低饱和度质感高级大方营
  • 估计大家都看了很多完美的开箱了没错,意料之内,我录失败了[doge]我就随便发几张图说几句吧①别再嫌贵啦,我真的看过别家的也是差不多这个价,甚至更贵,而且图是只
  • 今天比昨天、比今天更期待明天的金裕贞演员,为你应援~♡댓글 봤는데 올해로 20년차라니... 귀기울여준다는 이말 자체가 엄청난건데 얼마나 부담스러웠을
  • #羽生结弦正式宣布退役##羽生结弦[超话]#27岁的晴明大人初心不改,大气磅礴,意气风发去追求热爱吧,也许现在的竞技赛场已经和你的意念背道而驰了.感谢你把最后一
  • 第一天开到新都桥,太晚了住的价格都虚高,不小心开到漆黑的小道上遇到了回家的藏民夫妻,邢哥问他们有没有住的,我本来想着这是多此一举,结果惊喜的是他们说家里可以住,
  • 大半夜来吊针的人永远都是那么多,或者说我总是能遇上那种能开输液就不开口服的搭档。4.所谓的婚期将至,除了婚纱照其他啥也都没有准备,也没有一丝一毫的兴奋。
  • 15.如果你什么都不敢问,他什么都不主动说,靠聊天和荷尔蒙,从来撑不过18个月。20.对方说得每个点最好都不要多略,这样他会感受到你的温柔和细心。
  • 而且缺少主语,太令人浮想联翩了……结合那条视频,他到底是在祝谁七夕快乐 补充一下:以他的性格,单身的话是不会发七夕快乐的 我的评分:[星星][星星][星星][星
  • 很开心的一件事,我终于可以用分子净化啦,之前不知道怎么的,一直没办法顺利登入帐号,今天抱着不会成功的心试试结果就成功了,太好了,因为耗太差没办法大量做数据,现在
  • #崔杋圭栗味甜心##崔杋圭糖果笑颜# 220808 Weverse更新 BEOMGYU相关TOMORROW X TOGETHER 首张夏季画报集《Season
  • 请看后者的种种表现:名士们接待宾客,故意穿破衣烂衫,“望客而唤狗”;参加宴会,故意不拘礼节,“狐蹲牛饮,争食竞割”。又为何,走过长亭古道,晓风残月,经千回百转的
  • 【拜尔声波全自动软毛电动牙刷+赠原装刷头*8只+收纳盒+一年免费换新】官旗在售价239,领券到手198元!【拜尔声波全自动软毛电动牙刷+赠原装刷头*8只+收纳盒
  • 当你看到 #蔡徐坤怎么了#的时候,是不是非常好奇到底他怎么了?是的,他被人【有组织有计划】的【恶意制造话题】以【误导公众】并【制造声誉危机】从【8月4日以来】集
  • 我背会的 我实在看不出来[微笑]希望最后一首诗律的15分全给我得了 黏句没有拗救对吗?改了挺好 妈的也不会啊,你踏马考的书里夹着的那张星宿图?
  • )P1:放我出去555P2:让我瞧瞧外面的世界P3:啊外面的世界太精彩了P4:别拉我 让我糟蹋一下花花草草P5:开心开心P6:下雪天也要出去遛弯P7:深情凝望主
  • 阳光下他是有所为有所不为的方端君子,午夜时他是娇矜性感绝代风华的风流公子,这种如双生花般奇妙的特质可以说是演员与生俱来的魅力,若是本性中少了他这种自重自傲的“心
  • ▲如果你有以上几点酒醉后的反应恭喜你,你已经老了换个喝法吧不是说不能喝酒,但是得有喝酒的风范,别跟年轻人拼了。恭喜你,你已经…01 不知不觉就醉了以前是知道自己
  • 当我们没有选项,不妨看看其他人的答题卡,看看新的思路~周六辩论赛:工作是追求稳定还是突破革新欢迎大家私信报名辩手和评委哟[鼓掌]我在长宁来福士等你[爱你] 【周
  • 只不过,当天秤座的经历越来越丰富的时候,他们才发现,这个世界处处都是不公平的事情,凭借他自己的力量,完全是没有能力去改变的。巨蟹座:巨蟹对家庭的执着众所周知,只
  • 我不知道他用了什么方法,反正没过两个月,他就拿着离婚证来给我看,说他这下子追我绝对够资格了。至于他为什么没有跟他母亲生活,我想应该是和我儿子一样的状况吧。