༈འཁོར་བའི་དུག་སྦྲུལ་ཚང་དུ་གཡང་ལ་འཕྱན། །
མི་འདོད་སྡུག་བསྔལ་འབྱུང་བ་མཐའ་མ་རིག །
ཡིན་ཡང་རེ་ཞིག་བསླུ་བྲིད་སྒྱུ་མའི་འཕྲུལ། །
ཅོལ་ཆུང་ཀུན་རྟོག་ལོ་འདབ་ཡར་མར་ཕྱོགས། །

བདེ་སྐྱིད་ཉི་མ་ཤར་བའི་ནང་རོལ་ན། །
དོན་ལྡན་བདེ་སྐྱིད་གཙིགས་ཆེན་མི་བྱེད་པས། །
བླང་དོར་འཇུག་ལྡོག་ཐབས་ལ་མགོ་བོ་འཐོམས། །
འཕྲལ་མར་བསླུ་བྲིད་སྒྱུ་མའི་གཞན་དབང་ཉིད། ། https://t.cn/Rzdg97C

སློབ་སྦྱོང་དང་འབྲེལ་བའི་མན་ངག


༈ བསླབ་ན་ཡོན་ཏན་འབྱོར་བ་གོང་དུ་འཕེལ། །

མ་བསླབས་བླུན་དང་རྒུད་པའི་གནས་སུ་ལྷུང་། །

དེ་ཕྱིར་མཁས་མཛངས་ཅན་གྱི་མི་རིགས་ཀྱིས། །

བསླབ་ལ་གཞོལ་བ་ཀུན་གྱི་མཆོག་ཏུ་ལྟ། །

༈ ལྟོ་འགྲང་ཙམ་ལ་ཉིན་མཚན་འདུར་བ་བཞིན། །

ཤེས་བྱའི་སླད་དུ་དུས་རྟག་བརྩོན་པར་གྱིས། །

༈ ལྟོ་ཆས་དོན་དུ་བཏང་བའི་མ་རྩ་དེ། །

སྒྲོན་མེའི་ཕྱིར་ཏུ་བཏང་བ་མང་བའི་ཚེ། །

ཁྱོད་ཉིད་མཁས་པའི་ཁྲི་སར་ཉེ་བར་འགྱུར། །

༈ ཤེས་བྱ་ཙམ་ལས་འཇོན་ཐང་བོར་བའི་མི། །

དཔེ་མང་བཀལ་བའི་བོང་བུ་ཉིད་དང་མཚུངས། །

དེ་ཕྱིར་ཤེས་འཇོན་ཟུང་དུ་འབྲེལ་བ་ཡིས། །

ངེས་དོན་མཁས་པའི་རང་ཞལ་རྗེན་པར་མཐོང་། །

༈ ཤེས་ལྡན་ཚུལ་བཞིན་བཀོལ་བར་མཁས་པ་ནི། །

སློབ་གསོས་རང་རྒྱུད་སྨིན་པའི་དམ་པ་ཉིད། །

༈ ཤེས་ཡོན་བག་ཞའི་རོ་དང་ནུས་པ་ཉིད། །

གལ་ཏེ་དེ་ལ་ཐབས་ཀྱི་ཇུས་ཆེན་དང་། །

སྒམ་པོའི་ལག་ལེན་ཟུང་དུ་སྦྲེལ་བ་ན། །

ཤེས་ཡོན་འཇིག་རྟེན་འདི་ན་སྟོབས་ཀྱི་མཆོག །

༈ མཁས་གང་མཐོ་དམན་སྐྱེས་བུ་ཐམས་ཅད་ལས། །

ཚུལ་བཞིན་ལེགས་ཆ་ལེན་མཁན་མཁས་པ་འོ། །

༈ ས་བོན་ལུད་དང་དྲོད་ཀྱིས་མྱུ་གུར་བསྒྱུར། །

བསམ་བློ་ཐོས་དང་བརྩོན་པས་ཞུན་བརྡར་བྱེད། །

༈ དག་སྣང་སྦྲམ་བུའི་མེ་ལོང་ལསཿ དག་པ་འཛབ་བསྐུལ་བཞུགས་སོཿ

ཨོཾཿ ཕྱི་སྣོད་དག་པ་ཟངས་མདོག་དཔལ་གྱི་རིཿ
ཨཱཿ ནང་བཅུད་དག་པ་དཔའ་བོ་དཔའ་མོའི་སྐུཿ
ཧཱུྃཿ སྒྲ་གྲགས་དག་པ་བཛྲ་གུ་རུའི་གསུངཿ
འཛིན་མེད་བློ་འདས་ངང་ནས་འཛབ་དབྱངས་སྒྲོགཿ
ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ༔

ཅེས་ལྕགས་བྱི་ལུག་ཟླའི་ཚེས་བཞི་ཡིན་ལ་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་ནས་རྒྱཿརོང་པ་སྐལ་སྨྱོན་ནམ་པདྨ་ཀློང་ཡངས་རིག་པའི་གོ་ཆས་བྲིས་པ་དགེའོཿ


发布     👍 0 举报 写留言 🖊   
✋热门推荐
  • 弃妇刘瑛姑,瑛姑其实最接近正常人,被弃之后,她有其特异之处:丈夫段智兴明明已经同意离婚,让她跟周伯通结婚,周伯通却脚底抹油,溜之大吉;眼睁睁看着孩子在自己怀中毙
  • 十二佛名神咒校量功德除障灭罪经 隋天竺三藏法师阇那崛多译   如是我闻。一时婆伽婆。住王舍城耆阇崛山中。与大比丘众千二百五十人俱。复有菩萨大众一万二千人俱。阿逸
  • 第二,酒后千万不要单独行动,特别是走路已经不能一条直线行进的时候,踉踉跄跄的走在路上就是告诉周遭的人——我已经醉了,周边略有歹心的人都会暗自悸动,会给自己增加
  • 群里聊天提到了微博,想到好久好久不发微博了,就打开看看。一口气翻到底了。 从2021.4.15到2022.4.30,原来已经一年多了。慢慢也记录了好多东西,如果
  • 媳妇熬成了婆婆,立场转变了,很多过去受过的气,就现在理直气壮了这就是我和我爸明确说清出,时代变了,我妈想要享受我奶奶的待遇,门都没有所以,从坐月子开始,岳母顶上
  • 【99起】网易 迪士尼联名耳机自带米老鼠外形的蓝牙耳机,颜值真的是狠狠的拿捏住了,接触灵敏降噪处理音质不错,同时还带有4级防水效果,运动流汗也不怕弄坏耳机音质很
  • !!
  • 2022年,沈阳将新建5G基站1.2万个,实施100个智能升级项目,打造100个数字化应用场景……[话筒]“新字号”跃跃欲“势”老,是振兴的根基;新,是振兴的希
  • 5关于爱情请顺其自然,不要着急去跟一个人开始一段感情,怕的是你的认真错付给一个人,爱情就像是一场宴席,你不知道哪一道菜合你口味,所以,桌子转起来的时候,看到别人
  • 《小红花》里易烊千玺的妈妈,《我的姐姐》里张子枫的姑妈,相信大多看过电影的都对这两个角色都有着较深的印象,但却记不得这位演技炸裂,情绪饱满的演员姓名,她不叫
  • 同时,命中财富过多过旺,也会盗泄食神和伤官,而这个食神与伤官,则又代表你的精神、思维、才干;故此,现实中,我们会看到不少的有钱人,平时就像没有睡醒,精力极差。
  • (via.新华网)#宝藏蓝v激励计划#“扫码查真伪,赢取iPhone”活动的9月幸运儿公布啦,快来看看有没有你?祝大家假日快乐[打call][打call][打c
  • 开书店的路困难重重,除了镇上居民的不理解,还有来自坐拥权势的老妇人(资本家)的压迫,但即使倍受阻碍,书店还是在主角的努力和坚持下成功开张了。大学时,从小地方到省
  • 美好的一天从推车开始♪ come↑on baby ↓ 阿美莉卡 ♪♪✨​妈咪们看看-25的双子和-24的兔团[打call]p1余量p,未标余8p2调价,会根据
  • 我喜欢肖战 ⭐ ⭐⭐ 我喜欢肖战 [心] 我喜欢肖战[心]我喜欢肖战疾冲[心]我喜欢肖战顾魏[给你小心心]我喜欢肖战五号病人[给你小心心]我喜欢肖战时影!本 肖
  • 【调查:#22岁以下年轻人成Lo圈消费主力#,是跟风还是理性追逐?”10日,记者对70位Lo圈人士进行了抽样调查,结果显示:18到22岁之间的Lo娘或Lo汉最多
  • 他还问了我一大堆要怎么追女孩子之类的(?他觉得喜欢一个人就要立刻在一起,而喜欢只是一瞬间的心动感觉,谈过两任女朋友都没有做什么越界的事情,主动和我说他还是一个处
  • ” 锤娜丽莎听到后,笑着回到:“我也想要全身心地投入到音乐里去的,那是奈何自己早年间造了一些‘孽’。不过就像她所说的那样,之前她是靠着搞笑被大家熟知,然后才慢慢
  • 重要的是,刘亦菲和陈晓的cp感真不是一般的强,预告中两人互表心意过后一场亲密戏直接把大家给拿捏了,恨不得鹅厂再出“超点”。比如说鞠婧祎在《嘉南传》里顶着千年不变
  • 尤其是那些看似为你好,实则见不得你好的人,一旦来往,最后可能是对自己的伤害,不如早点看清这样的人,远离这样的人。”年少之时,曾觉得越是和自己亲近的人,越会盼着自