࿑བཀའ་བརྒྱུད་བསྟན་པའི་གསལ་བྱེད་སངས་རྒྱས་གཉན་པ་རིན་པོ་ཆེས་དགའ་ལྡན་ལྔ་མཆོད་ཉིན་རྗེ་ཙོང་ཁ་པ་རྗེས་དྲན་གྱི་ལྗགས་རྩོམ།
རྗེ་བླ་མ་ཆེན་པོ་བློ་བཟང་གྲགས་པའི་དཔལ་གྱི་ཞབས་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། ། བདག་གི་རྒྱུད་ལ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་ཇི་བཞིན་རྟོགས་ནུས་པའི་ཤེས་རབ་ཕུན་སུམ་ཚོགས་པ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ།
མ་ནོར་ལམ་མཆོག་ངེས་དོན་དབུ་མའི་གནད།།
ཕུལ་བྱུང་རིགས་པའི་རྣམ་དཔྱོད་བགྲང་ཡས་ཀྱིས།།
སྔོན་བྱོན་མཁས་པར་གྲགས་ཚོས་མ་ཕྱེས་པའི།།
ཕྲ་མོས་ཞིབ་འགྲེལ་མཛད་པ་ཁྱེད་ལ་འདུད།།

ཤིང་རྟ་ཆེན་པོའི་སྲོལ་འཛིན་ཁྱེད་མིན་སུ།།
རིགས་པ་སྨྲ་བའི་ཁྱུ་མཆོག་ཁྱེད་མིན་སུ།།
ཡང་དག་ལུང་རིགས་སྤྲོ་མཁན་ཁྱེད་མིན་སུ།།
ཟླ་མེད་བློ་མཆོག་མངའ་བ་ཁྱེད་མིན་སུ།།

ཚད་མར་གྲགས་ཤིང་མཁས་པར་རློམས་རྣམས་ཀྱང་།།
ཁྱེད་ཀྱི་ཚུལ་ཆེན་བླ་མེད་རིགས་པའི་ཁྱད།།
མཐོང་དང་ཐོས་པས་ཆེར་སྙེམས་དྲུང་ནས་འགྱེལ།།
སྨྲ་བའི་ཉི་མ་ཁྱེད་ལ་ལྷག་པར་དད།།

ཕྲ་ལ་ཤེས་དཀའ་དྲང་སྲོང་ཆེན་པོའི་ལམ།།
དུས་གསུམ་རྒྱལ་བའི་གཤེགས་ཤུལ་དེ་ཁོ་ན།།
ཡང་དག་ཕུལ་བྱུང་གཏམ་བཅུད་དེ་ཁོ་ན།།
འདི་ཉིད་རྩལ་འདོན་མཛད་པོའང་ཁྱེད་ཁོ་ན།།

ཁྱེད་ཀྱི་སྐུ་དྲིན་ཕ་མཐས་གཞལ་དཀའ་ཡང་།།
ཁྱེད་ཐུགས་ཟག་མེད་དགོངས་པ་རྫོགས་ཕྱིར་དུ།།
ཟབ་དང་ཕྲ་བའི་དམ་ཆོས་མི་ཟད་ལ།།
ཐོས་བསམ་བསྒྲུབ་པས་ནན་ཏན་བརྩོན་གྱུར་ཅིག།

སྙིགས་མའི་སྐྱེས་བུ་ཆོས་རྗེ་བླ་ཆེན་སོགས།།
ཁ་ན་མ་ཐོ་ཆོས་འགལ་སྡིག་ཏོའི་ལས།།
ཆོས་ལྟར་བཅོས་པའི་རྗེས་སུ་མ་སོང་བར།།
རྣམ་དག་དམ་ཆོས་ངོ་ལྐོག་ཐུབ་པར་ཤོག།

ཆོས་རྗེ་ཁྱེད་ལྟར་ཡོན་ཏན་བྱེ་བའི་མཛོད།།
ལྟ་སྒོམ་སྤྱོད་པ་གདམས་པར་འཁྱེར་བ་ཡིས།།
རླབས་ཆེན་ཐུགས་དམ་མཐིལ་དུ་བསྣུན་མཛད་པའི།།
བཀའ་གདམས་རྣམ་ཐར་གཙང་མའི་རྗེས་སློབས་ཤོག།


ཆོས་ལས་སྐྱེས་ཤིང་ཆོས་ཀྱིས་འཚོ་བ་ཡི།།
ཉམ་ཐག་བདག་ཀྱང་འདི་ནས་བྱང་ཆུབ་བར།།
བཀའ་བཞིན་ཉམས་སུ་ལེན་པས་ཁྱེད་མཉེས་ནས།།
ཐུགས་རྗེའི་འཇུག་པས་བུ་བཞིན་སྐྱོངས་ཅིག་གུ།།


མདོར་ན་འདི་བཟུང་སྐྱེ་དང་ཚེ་རབས་ཀུན།།
དམ་པའི་རྗེས་འགྲོ་ཞིང་མཆོག་མཉེས་རྒྱུར་བརྩོན།།
ཁྱད་པར་སྙིང་རྗེ་བྱང་སེམས་ཡང་དག་ལྟ།།
འབྲལ་མེད་བསྟེན་ཅིང་ས་ལམ་མྱུར་བགྲོད་ཤོག།
ཅེས་པ་འདིའང་གུས་སངས་རྒྱས་མཉན་པའི་མཚན་ཙམ་གོས་པ་དེས། དེ་རིང་༧རྗེ་བླ་མ་མཆོག་གི་འདས་མཆོད་ཉིན་མོར་གསོལ་འདེབས་དྲག་པོས་སྦྱར་ཅིང་སྨོན་པའོ།། https://t.cn/A6Ab0t9I

ས་ཡི་སྙིང་པོའི་མདོ་ལས།
࿑ ལས་ཀྱི་ནུས་པ་ནི་ཤིན་ཏུ་ཆེ་བའི་ཕྱིར་རི་རབ་ལས་ཀྱང་དཔངས་མཐོ་བ་དང་། རྒྱ་མཚོ་ལས་ཀྱང་གཏིང་ཟབ་པ་དང་། འཕགས་པའི་ལམ་རྣམས་ཀྱང་སྒྲིབ་པར་བྱས་པས་ན། སེམས་ཅན་རྣམས་ཀྱིས་ལས་ཆུང་ངུས་ཀྱང་མི་གནོད་སྙམ་དུ་སེམས་པར་མི་བྱ་སྟེ། ཤི་བའི་རྗེས་སུ་སྐྲ་ཉག་མ་ཙམ་ཡང་ཆུད་ཟོས་མེད་པར་ལས་ཀྱི་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་རོ།།
《地藏经》:

业力甚大,能敌须弥,能深巨海,能障圣道。是故众生莫轻小恶,以为无罪,死后有报,纤毫受之。

༄༅། །ཟེ་ཆེན་པ་ ༸ ཀུན་བཟང་རྣམ་པར་རྒྱལ་བའི་སྡེ་ལ་བསྟོད་པ།

࿑ གྲངས་མེད་བསྐལ་པར་ཚོགས་བསགས་སྒྲིབ་སྦྱངས་མཐུས། །

བདེ་གཤེགས་མྱ་ངན་མེད་དུ་བྱང་ཆུབ་མཁར། །

སྤྲུལ་པ་ཉིན་མཚན་མགོན་པོའི་སྒྱུ་འཕྲུལ་གར། །

འགྲོ་ལ་མངོན་སུམ་སྣང་དེར་བསམ་གྱིན་དད། །

གང་ལ་བརྟེན་ན་སྐྱེས་བུ་གསུམ་རིམ་བཞིན། །

འབྲས་འཟང་དུས་ལས་ཡོལ་མིན་འགྲོ་ཀུ༷ན་གཉེན། །

ལམ་བཟ༷ང་ཐེག་རྩེར་དཀྲི་མཁས་རྣ༷མ་འདྲེན་མཆོག །

པདྨའི་རྒྱ༷ལ་ཚབ་གཏན་གྱི་སྐྱབས་སུ་བརྟེན། །


རྡོ་གྲུབ་ཆེན་ ༸ ཀུན་བཟང་གཞན་ཕན་གྱིས་སོ། །


发布     👍 0 举报 写留言 🖊   
✋热门推荐
  • ”Porter称自己对哈卷并没有什么成见,“这不是哈卷的错,他只是碰巧是个白人,还可爱又直,而且很适合用这样的方式来走进基层。非二元性别嘛叭叭叭的……但是不,我
  • 坏消息:没听到勋章(可能梦里听着呢吧)[泪]究其原因,是我前天太激动了一整天没睡,结果就是太困了,我甚至把声音开到最满,就怕自己睡着,不知道怎么就把眼睛闭上了后
  • “正因为你为你的玫瑰花费了时间,这才使你的玫瑰花变得如此重要。一切都是最好的安排,尽量少为已经发生的事而难过、后悔,你要永远抬头挺胸向前看。
  • 鳌江的一些废话感想,再不写出来可能自己都忘了[太阳]饭丸恋就是整个人比较佛,也没参加过线下跟其他同担的活动,这次鳌江算第一次,但是真的体验感太好了,好到今天就想
  • #任嘉伦[超话]# 44梦想未泯,天真之心生活不止诗和远方还有偶尔迸发出的赤子之心很多时候,我们不要害怕疲惫不要在乎别人的只言片语,不要把快乐变成选择题。我们应
  • 很多朋友姨妈前后经期综合症,人又累又乏无精打采的时候,拍上几分钟,感觉身体的能量被激活了一样……这都是我在和朋友们分享的过程中得到的反馈和自己拍打的心得!||道
  • 于是开始读《富兰克林自转》目前刚读完“第一部”有相见恨晚之感,真希望自己年轻时就读过这本书,也许会对自己的人生观、世界观产生很好的启迪。《自传》能启发和鼓励年轻
  • 哪怕是六十岁、七十岁、八十岁,倘若还没有隐入尘泥,我都会回来看看一千多年前素未谋面的朋友,在不涸的颍水畔,在不朽的碑文间,在无际的的旷野上,在永不停歇的长风里。
  • ”有时候静静的看着他的脸会哭会想“这么好的男生最后到底会在谁手上”甚至认真回复粉丝的时候也会嫉妒一次次的演唱会,一次次的线下,一次次的外务,一次次的偶遇,一次次
  • #摩登兄弟[超话]##刘宇宁做自己的光# [good]#刘宇宁蒋俊豪# [good]人生,是一场自我的修行,总是会经历一些悲欢离合,经历一些风霜雨雪。#每日一善
  •   将军向宠,性行淑均,晓畅军事,试用于昔日,先帝称之曰能,是以众议举宠为督。愚以为宫中之事,事无大小,悉以咨之,然后施行,必能裨补阙漏,有所广益。
  • 脑海中不断闪回北京开场时激动的泪水,离你最近的那一刻,我觉得你仿若会发光;上海高处的梦幻和疯狂呼喊;还有无法亲临的收官,我在小屋里无声呐喊,多希望被你亲耳听到。
  • 2、注重构图和细节3、拍摄氛围比较喜欢,很温柔很有耐心而且拍完一个场景就会给时间给我们自己看下拍摄的照片,不满意的话可以重拍,满意的话就准备下一个场景。 感觉女
  • #任嘉伦[超话]# [心]#任嘉伦暮色心约祁连山# [心]#任嘉伦烈焰之武庚纪# [心]#任嘉伦暮色心约# [心]#任嘉伦无忧渡# [心]#任嘉伦嗨放派# [心
  • #欧阳娜娜[超话]##和欧阳娜娜一起收集初星##一起看演唱会# 【树洞】昨晚是幸福值超标的一天 能见到你已经很开心满足了 原本想着说能把扇子给你看到就好啦 没想
  • 干一杯蛋白粉结束今日份搬砖[爱心]​​现在准备去美人鱼打卡​要的就是闪电消化#朋友圈美学##朋友圈美学训练营##朋友圈分享##朋友圈文案##创业##宝妈分享##
  • !!
  • #张奕然[超话]# #张奕然 十三灼耀灿如星河##张奕然 绮纨之岁浮白载笔# 当风佛过海平面,思念的依托扬长而去,携玫瑰般的轰烈浪漫. ,
  • 因为生活值得,所以频繁记录如果快乐是一种发明,它很容易被一再发明纯朴与真诚在任何时代总是合时宜的揣着一口袋的开心,满载而归一叶知霜降,一语感深秋,霜降已至,愿你
  • #StrayKids周边[超话]#出出#韩娱跳蚤市场[超话]#白菜出图一5/1,图二10/1,图三红圈20/1 黑圈30/1 图四,五,六价格如图 tag s