࿐ལྷག་བསམ་ཟླ་བའི་འོད་རིས་རབ་གསལ་ཁྱོད་གཉེན་ཀུ་མུད་འཛུམ་ཤིག་གེ། ལེགས་གསུང་ཚངས་དབྱངས་གདངས་ཀྱིས་སྙན་པ་སྙན་པའི་གྲགས་པ་ཕྱོགས་ཀུན་མཆེད།། སྐུ་མཆོག་ཉི་མའི་གཟི་བྱིན་ལ་ནི་ཆུ་འཛིན་ཡོལ་བས་སྒྲིབ་མེད་དུ།། རྟག་ཏུ་བདག་ཅག་མགོན་དང་སྐྱབས་སུ་བསྐལ་བ་རྒྱ་མཚོའི་མཐའི་བར་དུ།། ལེགས་པར་བཞུགས་པའི་ཞལ་བཞེས་དཀར་པོ་དྲི་མ་མེད་པར་གསལ་བར་ཤོག།
#微博[超话]# ࿐འཚོ་བ་ནི་ཕྱིར་ལོག་བྱེད་ཐབས་མེད་པའི་ཁ་སང་དེ་མ་ཡིན་ལ།གང་ཡོང་མིན་མི་ཤེས་པའི་སང་ཉིན་ཡང་མིན་ཏེ། འཚོ་བ་ནི་བརྒྱུད་བཞིན་པའི་ད་ལྟ་བ་དེ་རང་ཡིན།
࿐མི་ཞིག་གིས་མཚན་ཉིད་རིག་པ་མཁས་ཅན་ཡ་ལི་ཧྲི་ཏུའོ་ཏེར་ཁྱོད་དང་མི་སྤྱིར་བཏང་བའི་བར་མི་འདྲ་ས་གང་ཞིག་ཡོད་དམ་ཞེས་དྲིས་པར། ཡ་ལི་ཧྲི་ཏུའོ་ཏེས་ཁོང་ཚོ་སྲོག་འཚོ་བ་ནི་ཟ་བའི་ཆེད་དུ་རེད་ལ། ང་ཡིས་ཟ་བ་ནི་སྲོག་འཚོ་བའི་ཆེད་ཡིན། རྒྱུ་ནོར་གྱི་དགའ་སྐྱིད་ཁོ་ནར་དོན་དུ་གཉེར་མཁན་གྱིས། ཤེས་རབ་ཀྱི་དགའ་བདེ་དང་། གཞན་ཕན་གྱི་བདེ་སྐྱིད་དོན་གཉེར་མཁན་ལ་བསྡུར་ཐབས་ག་ལ་ཡོད་ཅེས་བཤད།#མི་སྤྱང་དཀར་པོས་བསྒྱུར# 问大哲学家亚里士多德:“你和一般人有什么不同?”亚里士多德回答:他们活着为了吃饭、我吃饭是为了活着。”只追求物质之人乐、不如追求智慧之乐、利他之乐。
✋热门推荐