༄༅།། འཇམ་མགོན་བླ་མ་ཙོང་ཁ་བ་ཆེན་པོའི་ཐུགས་ཀྱི་ཉིང་བཅུད་སྲིད་པ་གསུམ་ན་རྙེད་པར་དཀའ་བ་བྱང་ཆུབ་ལམ་རིམ་ཆེན་མོ་ཉིན་རེ་བཞིན་མ་ཆད་པར་ཤོག་རྒྱུན་བཟུང་ནས་བཀླག་པ་ལས་བྱུང་བའི་དགའ་དད་འོ་མཚོའི་རླབས་སྒྲ།

བཛྲ་ཚུལ་ཁྲིམས་རྒྱ་མཚོ།

སྨྲ་བ་ཟླ་མེད་འདྲེན་མཆོག་ཐུབ་དབང་གིས། །

བསིལ་ལྡན་ལྗོངས་འདིར་སངས་རྒྱས་བྱོན་པ་བཞིན། །

རྒྱལ་བསྟན་འཛིན་སྐྱོང་སྤེལ་བར་བྱེད་འགྱུར་ཞེས། །

གསལ་བར་ལུང་བསྟན་འཇམ་མགོན་བླ་མར་འདུད། །

ཁྱེད་སྐུ་མིག་གིས་དངོས་སུ་མ་མཐོང་ཞིང་། །

ཁྱེད་གསུང་རྣ་བས་དངོས་སུ་མ་ཐོས་མོད། །

འོན་ཀྱང་གང་གི་གདུང་འཚོབ་ལམ་སྔགས་གཉིས། །

མཇལ་ནུས་སྐལ་བཟང་འདི་ཡང་ཨེ་མ་མཚར། །

འདི་ལ་རྒྱལ་གསུང་ཀུན་གྱི་གནད་འདུས་ཤིང་། །

 ཀླུ་སྒྲུབ་ཐོགས་མེད་གཉིས་ཀྱི་ལམ་སྲོལ་ཚང་།།

རྣམ་མཁྱེན་ཐོབ་བྱེད་སྐྱེ་བོ་མཆོག་གི་ཆོས། །

སྐྱེས་བུ་གསུམ་གྱི་ལམ་རིམའང་མ་ཚང་མེད། །

དེ་ཕྱིར་དད་གུས་གཙང་མས་ཉིན་རེ་བཞིན། །

བཀླག་ན་གསུང་རབ་ཀུན་གྱི་བྱིན་རླབས་མཆོག །

སེམས་ལ་ཞུགས་པར་འགྱུར་བའང་གདོན་མི་ཟ། །

ཆོས་པའི་མིང་ཡང་ཆོས་པའི་དོན་ལྡན་བྱེད། །

བསྟན་པ་ཐམས་ཅད་འགལ་མེད་རྟོགས་པར་བྱེད། །

གསུང་རབ་ཐམས་ཅད་གདམས་པར་འཆར་བར་བྱེད།།

རྒྱལ་བའི་དགོངས་པ་བདེ་བླག་རྙེད་པར་བྱེད། །

ཉེས་སྤྱོད་ཆེན་པོའི་གཡང་ལས་སྲུང་བར་བྱེད། །

འདི་ལ་ཞིབ་ཏུ་མཇལ་ན་མདོ་སྔགས་ཀུན། །

གང་ཟག་གང་ཞིག་འཚང་རྒྱའི་ལམ་ཉིད་དུ།།

བསྡུས་ནས་འཁྲིད་ཚུལ་ཤེས་པས་བསྟན་པ་ཀུན། །

འགལ་མེད་ཉིད་དུ་རྟོགས་པའི་ཆེ་བ་ལྡན། །

སྲིད་སྲུང་རིག་པས་ཆབ་སྲིད་དར་བར་བྱེད། །

དཔལ་འབྱོར་རིག་པས་འབྱོར་བ་རྒྱས་པར་བྱེད། །

ཚན་ཚན་རིག་པས་ལག་རྩལ་འཕེལ་བར་བྱེད། །

འོན་ཀྱང་རང་སེམས་གསལ་བྱེད་དེ་ལ་མེད། །

གང་ཞིག་ཐར་འདོད་རྣམས་ལ་འཕྲལ་ཡུན་གྱི། །

ཕན་བདེ་སྒྲུབ་བྱེད་ཐབས་མཆོག་དམ་ཆོས་ཏེ། །

བླང་དོར་གནས་ཀུན་སྟོན་ལ་འཁྲུལ་བྲལ་བ། །

སངས་རྒྱས་ཉག་གཅིག་ཉིད་ལས་གཞན་མེད་ཕྱིར། །

འདི་ལ་མཇལ་ན་གསུང་རབ་དགོངས་འགྲེལ་བཅས། །

ལམ་གྱི་གནད་ཀུན་བསྡུས་ནས་དཔྱད་འཇོག་གིས། །

དཔྱད་ནས་ཉམས་ལེན་རིམ་པར་དྲིལ་ཤེས་པས། །

གསུང་རབ་མ་ལུས་གདམས་པར་འཆར་བར་བྱེད། །

གདམས་པའི་མཆོག་ནི་གསུང་རབ་དགོངས་འགྲེལ་བཅས། །

གཞུང་ཆེན་རྣམས་ལས་གཞན་ཞིག་མེད་མོད་ཀྱང་། །

ཡོངས་སུ་སྦྱངས་པ་མ་བྱས་ཐོས་ཉུང་རྣམས། །

དམ་པའི་མན་ངག་འདི་འདྲར་མ་བརྟེན་པར། །

དེ་ལ་ཞུགས་ཀྱང་དགོངས་པ་མི་རྙེད་ལ། །

རྙེད་དུ་ཆུག་ཀྱང་དུས་རིང་ཚེགས་ཀྱིས་མནར།།

འདི་ལ་མཇལ་ན་བདེ་བླག་རྟོགས་འགྱུར་བས། །

རྒྱལ་བའི་དགོངས་པ་བདེ་བླག་རྙེད་པར་བྱེད། །

ཆོས་ལ་ཞུགས་ཀྱང་ཆོས་ཚུལ་མ་ཤེས་པར། །

ཆོས་ལས་འགའ་ཞིག་འཚང་རྒྱའི་ཐབས་སུ་འཛིན། །

ཆོས་འགའ་གེགས་སུ་བཟུང་ནས་བླང་དོར་ལ། །

རྨོངས་པས་ཆོས་སྤོང་ཆེན་པོས་ཕོངས་པར་བྱེད། །

སྤྱིར་ན་ཉེས་པ་མང་ཡང་ཆོས་སྤངས་པའི། །

ཉེས་པ་ཤིན་ཏུ་ལྕི་ཚུལ་ཏིང་འཛིན་ལས། །

གསུངས་ཚུལ་དྲན་ན་གཅེས་སྲོག་གཏོང་དགོས་ཀྱང་། །

མི་བྱེད་སྙམ་པའི་བློ་ཞིག་ངང་གིས་འབྱུང་། །

གང་གིས་འདི་ལ་མཇལ་ནས་སྔར་གསུངས་བཞིན། །

ངེས་པ་རྙེད་ན་དེ་འདྲའི་ཆོས་སྤོང་ལས། །

བཟློག་པར་འགྱུར་བས་ཉེས་སྤྱོད་ཆེན་པོ་རྣམས། །

རང་འགགས་ཉིད་དུ་འགྲོ་བའི་ཆེ་བ་ལྡན། །

དེ་ལྟར་ངོ་མཚར་རྨད་བྱུང་མདོ་སྔགས་ཀྱི། །

སྙིང་བོ་ཉམས་ལེན་རིམ་པར་དྲིལ་བའི་ཆོས། །

ཨ་ཏི་ཤ་དང་འཇམ་མགོན་ཐུགས་ཀྱི་བཅུད། །

འདི་ལྟར་མཇལ་རྒྱུ་བྱུང་བས་སྙིང་ནས་དགའ། །

སྙན་སྙན་བསྒྲིགས་ཀྱང་སྙིང་བོས་དབེན་པ་དང་། །

མཚར་མཚར་བསྡུས་ཀྱང་ཡིད་ལ་གདུང་སྐྱེད་པ། །

དེ་དག་དོར་ནས་ཡུན་ཐུང་མི་ཚེ་འདི། །

སྙིང་བོའི་དོན་ལྡན་འདི་ལྟར་འཚོ་གྱུར་ཅིག ། https://t.cn/R2WxDPj

༄༅།།གཟའ་འཁོར་སྔ་མར་ལས་རོགས་གཉིས་དང་ལྷན་དུ་གཟའ་འཛིན་པའི་ལས་ཀ་བསྒྲུབས། ང་ཚོ་གསུམ་ལ་ད་དུང་སློབ་མ་ཚོགས་པའི་ལས་བྱེད་དང་སློབ་མ་ལས་རེས་པ། རང་འདུན་པ་སོགས་ལག་རོགས་མི་བཅུ་གཅིག་ཡོད། ང་ཚོའི་ལས་ཀར་བྱེ་བྲག་ཕྱེ་ན་ཤིན་ཏུ་མང་ཡང་། རྡོག་རྡོག་བཤད་ན་སྣ་གཅིག་ལས་མེད་དེ། སློབ་མ་རྣམས་ལ་སློབ་སྦྱོང་གི་ཁོར་ཡུག་འཚམ་པོ་ཞིག་བསྐྲུན་ཏེ་ཁོང་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་ཐུབ་པར་བྱ་རྒྱུ་དེ་ཙམ་རེད། ང་ཚོ་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས། གཟའ་སྤེན་པའི་དགོང་མོའི་དུས་ཚོད་བཞི་ཙམ་རིང་གི་ཕྱོགས་བསྡོམས་དང་། དེ་རིང་གི་ཕྱོགས་བསྡོམས་སྔ་ཕྱི་གཉིས་བཅས་བརྩིས་པའི་གཟའ་འཁོར་སྔ་མའི་འོས་འགན་དག་ཧ་ལམ་ལེགས་པར་གྲུབ་པས། བློ་བག་ཕེབས་ཙམ་བྱུང་། ད་ལྟར་ཕྱི་འདང་ཞིག་རྒྱག་ཚེ་གྲང་ངར་ཆེ་བའི་ཞོགས་པ་དེ་དག་ལ། སློབ་མ་ཚོར་ཆུ་གྲང་མོ་ལས་མེད་པ་དེ་སྤྱད་ནས་ལག་པ་འཁྲུད་འཇུག་པ་དང་། འཁྲུད་བྱེད་དང་འདག་རྫས་སོགས་མཐུན་རྐྱེན་གང་ཡང་མཁོ་འདོན་བྱ་རྒྱུ་མེད་པར། གསང་སྤྱོད་ཁང་གི་སྤྱོད་གཞོང་སོགས་དཀར་སིང་སིང་ཞིག་ཁྲུས་ཞེས་སྐུལ་མ་བྱས་པའི་རྗེས་དེ་མ་ཐག་ཏུ། ཁར་ཉན་ཞིང་གཤིས་འཇམ་པའི་སློབ་མ་དེ་དག་གིས་དཀའ་ཁག་རེ་རེ་བཞིན་ཁྱད་དུ་བསད་དེ། ང་ཚོའི་མིག་མདུན་དུ་དག་ཅིང་གཙང་བའི་རྣམ་པ་གསར་པ་རེ་བསྟན་ཡོང་བ་དག་དྲན་བཞིན། སེམས་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་མང་པོ་ཞིག་དབང་མེད་དུ་བརྡོལ་ལོ།།
དེ་ལྟར་ང་ཚོའི་ལས་ཀ་ནི་ཧ་ཅང་ལས་སླ་ལ་རྙོག་དྲ་མེད་པ་དང་། མི་ལོ་མང་པོར་སློབ་མའི་སྤྱོད་ཁང་གཙང་མིན་ལ་ལྟ་སྐུལ་བྱེད་ཀྱིན་རྒ་བཞིན་པའི་ང་ཚོ་ལས་ཐབས་ཆག་ཅིག་མེད་ན་ཡང་། ང་ཚོ་ལ་ད་དུང་འགྲོ་བ་མིའི་རིགས་ཀྱི་རྣམ་ཤེས་བཟོ་བཀོད་པ་ཞེས་པའི་མཚན་སྙན་ཞིག་ཀྱང་ཡོད་པ་ཁྱེད་ཚོས་ཤེས་ལགས་སམ། ཧེ་ཧེ་ཧེ་་་

༄༅། །རྫོང་སར་ཚང་གི་གློག་བརྙན་<<ཧེ་མ། ཧེ་མ།>>ཞེས་པའི་ཁ་ཡིག་གི་དོན་ནི་གུས་པས་རྒྱ་གར་སྐད་དུ་ཀྱེ་ཟླ་བ། ཀྱེ་ཟླ་བ་ཡི་དོན་མིན་འགྲོ་བསམ་མོད།[མཱ་ས་ཞེས་པ་ཟླ་བ། དེར་སི་བྱིན་ནས་ཕྱིས། ས་ར་རྣམ་བཅད། བོད་པའི་ཧེ་སྔོན་དུ་བཞག=ཧེ་མཱཿ ] ཁ་ཅིག་གིས་རྫོང་སྐད་རེད། དོན་ནི་གནའ་སྔ་མོ་སྔ་མོ་ཞེས་པའི་དོན་རེད་ཟེར།


—འབྲོམ་རྡོར་གྱིས། [干杯][微风]


发布     👍 0 举报 写留言 🖊   
✋热门推荐
  • 双子座:太阳、水星、木星、海王星均处于双子座的第十宫,有些双子已经接到入职或晋升成功的喜讯,本次开挂机遇着重降临在,正在找工作的学生党,和刚入职不久的职场人身上
  • #嗨游计划# 海岛春的气息越来越纯正,花在艳、天在蓝、草在绿、风在暖,鱼也在鲜呢,所以,等一个机会来岱山岛吧,尝尝岛上的春日鱼鲜~ #小杨带你看新闻# 【家门口
  • ”做普通人,干正经事,可以爱小零钱,但必须有大胸怀。”做普通人,干正经事,可以爱小零钱,但必须有大胸怀。
  • 克洛普的确冠军不多,但在他打造之下,利物浦队一直都是冠军有力争夺者,渣叔走后不知会怎样,都说杰拉德,希望不要像兰帕德在切尔西执教那样…如果渣叔和瓜瓜两年后都离开
  • 5.最好的友情各自忙碌 互相牵挂6.要比肩而立 一起成为更好的大人7.不分青红皂白 我永远站在你这边8.好朋友是柔软剂 充电器 是糖果巧克力9.喜欢固定的位置
  • 今为羌笛出塞声,使我三军泪如雨。今为羌笛出塞声,使我三军泪如雨。
  • 但在传统的观念下,赵明诚即使已经成为了李清照的夫君,在情爱之事上还是略显羞涩,相比之下李清照可就主动多了,在一个充满着荷尔蒙的夜晚,李清照写下了这样一首诗。因为
  • 神,不是指至高无上、全知全能、创造万物的有神论之上帝,因为那只是方便说,不是基督教的真正内涵。世间万法,性空即缘起,缘起即性空,不生亦不灭,不常亦不断,不来亦不
  • 图片里短短几个字,却表达出他对我满满的爱意,是个人都觉得很正常,但这对我来说已经很幸福,在一起这么久,老公经常出差上班,而我想他时只能翻翻聊天记录,听听他说的话
  • ——余华《我们生活在巨大的差距里》#文学##余华#荒诞的叙述在我们的文学里源远流长,已经是最为重要的叙述品质之一了。#时间都知道##社会新闻##法律之眼#荒诞的
  • 既然你还没有出离红尘、看破红尘,你又有什么资格评判别人、说别人的人心呢?红尘本无事,每个人心如果能安于自己则红尘便无事,因为每个人的人心是红尘的本然存在,既然你
  • 三月,遇见花香,遇见佳节,#女生头像##女神节#《不知道你有没有注意到,马云、黄峥、刘强东这些互联网的大佬已经很久没有出现了,甚至连一向语出惊人的王兴也低调了许
  • 行 小幻顺利逃过一劫帅是真的帅 情商也高 真好这些都不是一个热搜能说明白的哈[NO]为什么一开始不想让他有热搜就是因为不想再有纯颜粉来了毕竟是靠才华才走到今天的
  • 最后编不下去了,所以就选了微妙的超能力大战收尾,有些梦回两栖类那本爆弹喜剧(没有拉踩的意思反正比烂有余,但那本标榜ラブコメ都没满意更别说这自称ミステリ,那只能说
  • 一次错误要付出一百倍的代价去弥补,结果还不理想自认为是主人,却都是过客许多人都误以为“房子是我的,存款是我的,轿车是我的”自认为是这一切的主人,却不知自己只是一
  •   从将橄榄枝和中国结意象融为一体的“大雪花”到光与爱铸就的生命丰碑;从寓意开放和共享的“中国门”到展示美景与文明的“中国窗”……北京冬奥会开闭幕式满载着中华文
  • 大家可以参考一下哈[打call]大佬的小肥鹤me:这个我妈妈已经用了两套了,我妈说用着好,这个还有二裂酵母好像有抗衰老的功效#618万物狂欢节# #好物推选官#
  • #丁程鑫[超话]##丁程鑫0224生日快乐[超话]#星海浩瀚星河滚烫星汉灿烂星光璀璨你名扬万里W X HL我幸好遇见你这世界有那么多人可偏偏一眼望见你这世界有那
  • 以往郭可颂都很喜欢带着妻子和女儿们一起出门逛街,但受不可抗力影响,这一年多来,港媒已经很少拍到他们全家出动。值得一提的是,熊黛林是郭可思介绍给郭可颂认识的,也就
  • 阿Sa作为TWINS中的一员,在那一段时间,只要有人说阿娇的坏话,她都会出来维护阿娇。袁咏仪也有自己的一套方式,在婚姻中,她是一个很强势且不容易认错的女人。