༧བླུན་པོའི་ངན་སེམས་ཁོག་ན་ཡོད།།
ངན་པས་གཞན་སྐྱོན་ལྐོག་ནས་གླེང་།།
ཤེས་རབ་ཅན་གྱིས་བརྟགས་ན་ཤེས།།
བློ་ལྡན་བཟང་བོས་ཉན་ན་གོ།།

རང་བཞིན་བཟང་བོ་མ་བརྟན་ན།།
གོང་མ་ཁྲི་ལས་བབས་པ་མང་།།
ཆུ་ནང་ཅལ་གྱི་སྒྲ་གྲགས་པས།།
རི་བོང་བློ་ལྡན་བྲོས་ལ་ལྟོས།།

ཕྲག་དོག་མགོ་འཕང་མཐོ་བ་ཡི།།
མི་ཡིས་གཞན་ལ་སྐྱོན་དུ་ལྟ།།
སེར་བོར་བསླད་པའི་མིག་ཟུང་གིས།།
གངས་ལ་བལྟས་ཀྱང་སེར་བོ་ཉིད།།

དོན་མེད་གཞན་ལ་འཚེ་བ་ན།།
ནམ་ཞིག་རང་ཉིད་ཕོངས་པར་འགྱུར།།
ཆུ་ཡི་ནང་གི་ཟླ་གཟུགས་ལ།།
མཆོངས་པས་སེང་གེ་ཤི་ལ་ལྟོས།།

རང་གཞན་ཀུན་ལ་མི་ཕན་པའི།།
ཚིག་དེ་ཕུང་ཀྲོལ་བྱེད་པའི་སྒོ།།
འབྱུང་བོས་ཨག་སྐད་སྒྲོག་པ་ནི།།
ངན་ལྟས་ཡིན་གྱི་དགའ་བས་མིན།།

གཞན་གྱི་བདེ་ལ་མི་བཟོད་པ།།
དེང་རབས་མི་ཡི་གཤིས་ཀ་ཉིད།།
མི་ཡི་ནང་གི་ཕག་པ་དེ།།
དོན་ལ་དུད་འགྲོ་ལས་ཀྱང་དམན།།

རྒྱལ་བོ་དམ་པའི་ཚིག་གིས་འགྲུབ།།
ཚུལ་ཁྲིམས་ལྡན་པ་སྨོན་པས་འགྲུབ།།
མི་ཡི་སེམས་ལ་དད་པས་འགྲུབ།།
རང་སེམས་དག་ན་ལྷ་ཡང་དགའ།།

࿐ཀུན་སྤྱོད།

ཕལ་ཆེར་རང་གི་ཉེས་སྤྱོད་མི་བསྡོམ་པར།།
རྟག་པར་གཞན་གྱི་སྐྱོན་མཚང་འབའ་ཞིག་ལ།།
རྒོལ་མཐར་རང་གཞན་མཛོ་སྦྲེལ་གཡང་ལ་ལྷུང་།།
དེ་འདྲ་བསམ་ན་ཅིས་ཀྱང་རང་ལ་གཅུན།།
ཀུན་གྱི་འདོད་དོན་གཅིག་གིས་ནུས་མིན་ན།།
དེ་ལས་བདག་ཉིད་སྟོབས་དང་ལྡན་པར་བྱས།།
དེས་ནི་ཐམས་ཅད་དོན་ལ་མཁས་འགྱུར་བས།།
རྟག་པར་དེ་བཞིན་སྒྲུབ་ལ་རབ་ཏུ་གཅེས།།

人只能要求自己,
不能要求他人,
管好自己,
别人管不了。
[月亮][月亮][月亮] https://t.cn/R08xaRT

ལོ་རྒྱུས་མང་པོ་ཞིག་ལ་ཕྱིར་མིག་ཅིག་བལྟས་ཚེ། མི་རབས་མང་པོ་ཞིག་གིས་ང་ཚོའི་ཉེ་འཁོར་དུ་འབྱུང་བཞིན་པའི་འགྱུར་ལྡོག་གལ་ཆེན་མང་པོ་ཞིག་ལ་སྣང་ཆུང་བྱས་པའི་རྐྱེན་གྱིས་ད་ལྟའི་འཚོ་བ་ལ་འཐུས་ཤོར་གྱི་གནོད་སྐྱོན་ཐེབས་པ་དང་། མ་ཟད་བཅོས་ཐབས་མེད་པའི་སྐབས་ལ་སླེབས་པ་ལྟ་བུ་རེད། དེའི་རྐྱེན་གྱིས་སོ་སོའི་རིག་གཞུང་དང་མི་རིགས་སྤྱི་ཡོངས་ཀྱི་གོད་ཆག་གི་དཀའ་ངལ་ཡང་མང་པོ་མྱོང་དང་མྱོང་བཞིན་ཡོད་པ་དང་། ཕྱོགས་གཞན་ནས་ང་ཚོའི་གནས་བབས་མང་པོ་ཞིག་ལ་སྣང་བ་གདོང་འདེད་ཀྱིས་ཁ་ཐུག་ཁ་ཐུག་གི་བསམ་བློ་གཏོང་བ་ལས། ཕུགས་རྒྱང་རིང་པོའི་བསམ་བློའི་འཆར་སྣང་མེད་པས་ཡིན་པ་གནའ་མིའི་ཁ་དཔེ་ལ། མི་ཤི་ཚར་དུས་རིན་ཐང་ཤེས། རྟ་བཙོང་ཚར་དུས་དྲིན་ལན་ཤེས། ཟེར་བ་ལྟ་བུའི་སྐྱོ་གར་འབྱུང་དང་འབྱུང་བཞིན་པ་ལྟ་བུ་ཡིན་ནོ།


发布     👍 0 举报 写留言 🖊   
✋热门推荐
  • 25、一个人最大的悲哀,是在外面唯唯诺诺,却对家里的人乱发脾气,这种人指定没出息。23、在这个社会上,没有人会因为你的懦弱和自卑而对你网开一面,只会因为你的强大
  • 唯一痛苦的就是胸口绷带勒得太紧了喘不过气来 压得肋骨好痛 希望能撑过今天晚上 孤独的住院的晚上[泪] #生活手记#和室友说了好几天出去吃饭玩顺便陪我一起去剪头发
  • Terra[钟]2024/02/21/05:45UTC [下雨] Eleanor →_→ 毛里求斯 Mauritius≈ 570 km ,Eleanor : L
  • 土味情话一到位,心情自然就好了。#刘宇宁开始推理吧#[心]|#刘宇宁南珩离十六#[心]|#摩登兄弟[超话]#[心]@摩登兄弟刘宇宁 [爱你]今天心情不太好,一看
  • 其他类型亲子鉴定收费2.长沙个人隐私亲子鉴定:约2000元-2400元个人隐私亲子鉴定可以自行完成,无需到鉴定机构现场,可以秘密收集样品送鉴定机构,也可以匿名邮
  • 未分配利润是企业留待以后年度进行分配的结存利润,也是企业所有者权益的组成部分。资本公积是企业收到投资者的超出其在注册资本(或股本)中所占份额的投资,以及某些情况
  • 其实从21世纪10年代开始,坂本龙一已逐步远离旋律对情感的蛊惑,开始尝试用各类日常捕捉到的声音,进行实验性音乐创作。无论是作为背景装饰,还是作为局部点缀,都能为
  • 韩国在人均GDP和经济总量都碾压越南的情况下,却无法输出类似于蜜雪冰城、海底捞这样的连锁品牌,其实这样的文化输出是失败的。越南至今没有一家门店数量超过20家的韩
  • 在这804天里,你给我带来了很多无与伦比的快乐,是你的笑容感染了我,是你教我坚强,是你真正意义上用自己的行动告诉“我读书真的有用,能闯出一片天”是你教会我“勇
  • 宁波4大门店,房东直租,无佣金,全国十大城市连锁,专业财税代理,代办,做账,许可证办理一条龙服务【 本月 · 特惠房源哟 】1到2人间:鄞州区,800仅一间3人
  • ”……有一次我一个人回去看你,带了你最爱吃的豆粉儿,要走的时候你问我下次回来是好久,我说不知道应该是考完试吧!”过了一会儿你又过来盯我:“你是马明明!
  • -你可能好奇,手电筒有什么玩的……首先,手电筒有实用价值,作为家电老三样,电筒从发明以来就是家中必备,在那个没有通电的年代,电筒是每个家庭唯一的照明工具,现在在
  • \n\nH扣乐福真的上脚超舒适,搭配度也非常高,买H牌的东东一向看缘份,专柜真的一物难求,因为工艺真的非常非常讲究,都是纯手工制作,我们也是所有的包括用具材质,
  • “行到”一句,与首句“春路”相应,点明方才的一切乃词人的梦魂春路上行走所见,而这条春路,傍临小溪,曲径通幽,越走越深,境界越是奇丽。古藤浓阴的覆盖下,词人酣然入
  • #刘宇宁开始推理吧#|#刘宇宁南珩离十六#|#摩登兄弟[超话]#你和春天一起如约而至, 就是我熬过漫长冬夜的真正意义。ฅ(○•ω•○)ฅ#刘宇宁开始推理吧#|#
  • 《桃花》 是鸢的飞郃 1 张飞第一次见到张郃,是一个桃花盛开的季节。 张飞喜欢的东西不多,桃花算一样。为此,院里桃花盛开时,他前行的脚步会放缓。风过,花树摇曳
  • Q2. 最近、メンバーと出かけた場所は?浦川翔平さん「GO ON THE RAMPAGE」ですかね。
  • 相反,正因为它的不完整,经济实惠些,更适合自己长期食用哦「精选新鲜大断草]年份50年茅台酒瓶子瓶回收空瓶回收价值一览一览表上门收购可邮寄腻、酒瓶子体醇厚、回味悠
  • 坐下弟子,及声闻善知识众、声闻知识众、声闻恶知识众: 今者有人问请:人之来世有无,是事谛深已有多品讲说,因问者并非佛门中人,是故不懂,今者,为非佛门知识,
  • 当巴兰的叔叔透露他追踪到那些袭击他父母的人时,命运号就来了.....【土剧更新】血之花 Kan Çiçekleri (2023) 已更180集 英字版:#土耳