#微博[超话]# ༄༅།།མདོ་ལས་གསུངས་པའི་ཨ་མའི་དྲིན་ལན་འཇལ་སྟངས་སྐོར།
 ཤཱ་རིའི་བུས་སྟོན་པ་ལ། ད་ལྟ་ངའི་ཨ་མ་རྒས་ཤིང་ནད་ཀྱིས་མནར་ནས་ཉལ་སར་རུ་ལྷུང་ཡོད་པས་ཁྱེད་ཀྱིས་ང་དགེ་འདུན་གྱི་ཚོགས་ནས་གནང་བ་ཞིག་སྟེར་རོགས། ངས་ཨ་མའི་ཞབས་གཡོག་བྱེད་དགོས། མོ་ལ་ང་མ་གཏོགས་བྱིས་པ་མེད་ཞེས་ཞུས།  སྟོན་པའི་ཞལ་ནས། ཤཱ་རིའི་བུ། རང་གི་དྲིན་ཆེ་བའི་ཨ་མའི་ཞབས་གཡོག་བཟོ་བ་ནི་ངའི་ཆོས་དང་ཡང་མཐུན་པ་ཞིག་ཡིན་པས་ཁྱེད་ཀྱིས་གནང་བ་མ་ཞུས་ཀྱང་ཆོག་ཞེས་བཀའ་བསྩལ་ཏོ།། 
   ཡང་ཤཱ་རིའི་བུས། ངས་ཨ་མའི་དྲིན་ལན་ཇི་ལྟར་བྱས་ན་མཇལ་ཐུབ་ཅེས་ཞུས་པས།  སྟོན་པའི་ཞལ་ནས། ཚེ་འདིར་ཁྱེད་ཀྱིས་ཨ་མའི་དྲིན་ལན་ངོ་མ་ཞིག་འཇལ་འདོད་ཚེ། ཨ་མའི་ཐུགས་དགྱེས་ཐུབ་པའང་ཨ་མ་དགའ་ཐབས་བྱོས། ད་དུང་ཁྱེད་རང་དགེ་སློང་དང་དགེ་འདུན་མང་པོའི་ཚོགས་ནས་དགེ་རྩ་ཅི་ཞིག་བསྒྲུབ་པ་ཐམས་ཅད་མར་གྱུར་པའི་སེམས་ཅན་ཀུན་གྱི་ཆེད་དུ་བསྔོ་བ་དང་སྨོན་ལམ་ཡག་པོ་གྱིས་དང་། དྲིན་ཆེ་བའི་ཨ་མ་གསོན་པོ་ཡིན་ན་ཚེ་རིང་ཞིང་ནད་མེད་པ་ལ་ཕན་ཐོགས་ཆེན་པོ་ཡོད། གལ་ཏེ་ཨ་མ་ཚེ་ལས་འདས་ཟིན་ཡང་ཕྱི་མའི་འཕྲུལ་སྣང་གི་འཇིགས་སྐྲག་ཞི་བ་ལ་ཕན་ངེས་ཡིན། དེ་ལས་ཨ་མ་སེམས་ཕམ་ཚར་རྗེས། ཟས་གོས་དང་སྟོབས་འབྱོར་སོགས་གང་གིས་ཀྱང་ཨ་མའི་དྲིན་ལན་འཇལ་ཐབས་མེད། ཅེས་གསུངས་སོ།།

༄༅། །དག་ཡིག་གསར་བསྒྲིགས་ཀྱི་རྩོམ་པ་བོ་ཤེས་བཞིན་བསམ་གཏན་རྒྱ་མཚོའི་ལོ་རྒྱུས་མདོར་བསྡུས།

དེ་ཡང་བཙན་པོའི་རྒྱལ་རབས་སྐབས་ཀྱི་མཐའ་སྲུང་དམག་མིའི་རིགས་རྒྱུད་ལས་མཆེད་པར་གྲགས་པའི་དཔའ་བོ་ལུང་བའི་ཡུལ་གྲུ་འདིར་གནའ་སྔ་མོའི་དུས་ནས་མཁས་པའི་དབང་བོ་རྒྱུ་སྐར་གྱི་གྲངས་ལ་འགྲན་པ་བྱུང་མྱོང་ཞིང་དེ་དག་གི་ཁྲོད་ན་མངོན་པར་མཛེས་པའི་བོད་ཀྱི་བརྡ་དག་མཁན་པོ་དག་ཡིག་གསར་བསྒྲིགས་རྩོམ་པ་བོ་ཤེས་བཞིན་བསམ་གཏན་རྒྱ་མཚོ་ལགས་ནི།
མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་ད་ལྟའི་མཚེའུ་མགུར་གྲོང་བརྡལ་དུ་འབོད་པའི་ཤེས་བཞིན་སྡེ་བ་རུ།སྤྱི་ལོ༡༩༢༡ལོར་སྐུ་འཁྲུངས།དགུང་ལོ་བཅུ་བར་མདོ་སྨད་ངྷི་ཚ་དགོན་པའི་ཆོས་སྒོར་ཞུགས་ཤིང་ངུར་སྨྲིག་གི་རྒྱལ་མཚན་སྐུ་ལ་གསོལ།དེ་ནས་ཡི་གེ་འབྲི་ཀློག་དང་གསོ་བ་རིག་པའི་གཞུང་སོགས་གཞུང་ཆེན་པོད་ཏི་ལྔ་ལ་སྦྱངས་བ་མི་དམན་པ་ཐོབ་སྟེ་དགུང་ལོ་སུམ་ཅུ་བར་དགེ་བཤེས་ཀྱི་མིང་བཏགས་བཞེས།
སྤྱི་ལོ་༡༩༥༣ལོར་དགོས་དབང་གིས་དགོན་པ་དང་ཁ་གྱེས་ཏེ་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་ཏུ་ཕེབས་ཏེ་ཕྱག་ལས་གནང་།
སྤྱི་ལོ༡༩༥༧ལོར་མཚོ་སྔོན་ཞིང་ཆེན་སློབ་གསོ་སྡེ་ཁག་མི་རིགས་སློབ་གསོའི་སྡེ་ཁག་གི་མགོ་གཙོ་གཞོན་པའི་འགན་བཞེས།
སྤྱི་ལོ༡༩༦༢ལོར་མཚོ་སྔོན་ཞིང་ཆེན་མི་རིགས་དཔེ་སྐྲུན་ཁང་དུ་ལས་གནས་སྤོར་ཏེ་མགོ་གཙོ་གཞོན་པའི་འགན་བཞེས་ཤིང་བོད་ཡིག་རྩོམ་སྒྱུར་ཁང་གི་གཙོ་བདག་གི་འགན་ཞོར་དུ་ཁུར།
སྤྱི་ལོ༡༩༧༣ལོ་ནས་བཟུང་སྟེ་དག་ཡིག་གསར་བསྒྲིགས་རྩོམ་སྒྲིག་གི་མགོ་བརྩམས་ཏེ་ལོ་ངོ་དྲུག་ལ་འབད་བརྩོན་བྱས་མཐར་སྤྱི་ལོ་༡༩༧༩་ལོའི་ལོ་སྟོད་དུ་དཔར་དུ་བསྐྲུན་ཞིང་ད་ལྟའི་ཆར་དགོན་པ་དང་སློབ་གྲྭ་ཆེ་ཆུང་གང་ན་ཡང་ལྟ་ཀློག་བྱེད་དང་བྱེད་བཞིན་པ་འདི་ཀ་ལགས་སོ།
གཞན་ཁོང་གིས་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་བོད་ཡིག་སློབ་དེབ་སྐོར་ཐེངས་དང་པོ་རྩོམ་སྒྲིག་ལོ་ཙཱ་བྱས།༼ཝང་རོའི་ཧྥེ་བཙོན་ཁང་དུ་ཡོད་པ༽ཞེས་བ་ལོ་ཙཱ་པར་སྐྲུན་གནང་བར་མ་ཟད་མའོ་ཙེ་ཏུང་གི་གསུང་བཏུས་དེབ་ལྔ་བའི་ཞུས་ཆེན་པ་མཛད།ཁྱད་པར་དུ་ཀུན་ལ་རླུང་ལྟར་གྲགས་པའི་མི་རོ་རྩེ་སྒྲུང་ཞེས་བའི་གཏམ་རྒྱུད་སྙན་མོ་དེ་འཚོལ་སྡུད་ལེགས་སྒྲིག་གནང་།སྤྱི་ལོ༡༩༧༩ལོའི་ལོ་སྨད་དུ་ཞི་བར་གཤེགས།མེས་པོ་དམ་པ་ཁོང་ནི་དཀའ་སྡུག་གི་འགག་འཕྲང་དོག་པོར་ཡང་ཡང་བརྒྱུད་ནས་བོད་ཀྱི་རིག་གནས་ཀྱི་བླ་སྲོག་ཆད་ལ་ཉེ་བའི་སྐབས་དེར།བོད་ཀྱི་སྐད་ཡིག་སློབ་གསོ་འཕེལ་རྒྱས་ལས་དོན་གྱི་ཕྱོགས་ལ་ཁ་ལག་སེམས་གསུམ་གྱིས་ཐུགས་འཁུར་དང་རྒྱབ་སྐྱོར་བླ་ལྷག་གནང་བ་ལ་ང་ཚོ་ཕྱི་རབས་པ་རྣམས་ཀྱིས་རྗེས་སུ་ཡི་རང་དང་སྙིང་དབུས་ནས་ནམ་ཡང་མི་བརྗེད་པར་ཡང་ཡང་གླེང་དགོས་སྙམ་མོ།།

༄༅། །ལར་གྱི་ན་བ་སློབ་ཆེན་འགྲིམ་པའི་སྐབས།སྒོ་ཤེར་མཆོག་གི་དེབ་འདིར་ཞིབ་ཀློག་ཅིག་བྱས་མྱོང་ཡོད་ཀྱང་།ལོ་དང་ཟླ་བའི་བརྡབ་གསིག་དབང་གིས་ནཱ་ལེནྡྲཱ་དང་འབྲེལ་བའི་ཤེས་བྱ་རགས་རིམ་ཙམ་ལས་ནང་དོན་མང་ཤོས་འཇའ་ཚོན་ཡལ་བ་ལྟར་གར་སོང་ཆ་མེད་དུ་གྱུར་ཟིན་པའི་སྣང་ཚུལ་ཞིག་ངང་གིས་འཆར་སོང་།གཟའ་འཁོར་སྔོན་མའི་གཟའ་མཇུག་ཏུ་དཔེ་ཁང་དུ་འགྲོ་ཞོར་གྱིས་དཔེ་དེབ་འདི་དང་མིག་ཟུར་འཕེན་རེས་ཀྱི་བསྐལ་བ་ཞིག་རག་སོང་སྟབས།སློབ་ཆེན་དུ་ཕྱིར་དྲན་གྱི་དབང་གིས་དང་ཡང་ན་ནང་དོན་ཤེས་འདོད་ཀྱི་དབང་གིས་ཡིན་པ་མ་ཤེས་ཀྱང་།མདོར་ན་དཔེ་ཁང་ནས་བླུས་ཏེ་གཟའ་འཁོར་གཅིག་ཡུན་གྱི་རིང་ལ་མགོ་མཇུག་བར་གསུམ་དུ་བམ་ཀློག་ཚར་གཅིག་བྱས་པ་ཡིན།དོ་ནུབ་རོལ་དབྱངས་ཀྱི་འགྱུར་ཁུགས་དང་བསྟུན་ཏེ་ལོ་རྒྱུས་དང་དུས་རབས་ཀྱི་དཀྱོགས་མཚམས་འདི་ནས་ཆོས་སྲིད་ཟུང་འབྲེལ་དང་ཆོས་སྲིད་ཐ་དད།བསམ་བློ་སྒོམ་དཀྱེལ།ལྟ་བ་དཀྱེལ་ཡངས།འཇིག་རྟེན་པ།ཆོས་ལུགས་པ་བཅས་ཐ་སྙད་རྫིག་པོ་འདི་དག་ལ་དཀྱུས་གཅིག་ཏུ་བསམ་གཞིགས་ཤིག་བྱེད་པའི་གྲོག་རོང་ཞིག་ཏུ་དབང་མེད་སྒོས་ལྷུང་སོང་། །


发布     👍 0 举报 写留言 🖊   
✋热门推荐
  • 让自己在淡淡的日子中不断的修炼强大,泰然面对日落日出月圆月缺,活好当下,活出自我,活出好品味。”真正有智慧的人,都懂得忽略人生中那些无关紧要的人,不关痛痒的事,
  • #每日一善[超话]#[五仁月饼新]#阳光信用##每日一善# 【指路互动,勿带/hui,不吞必hui,只互较好及以上,】重视整体利益,强调责任奉献,是中华传统美德
  • 我们上大学了,我们的家庭情况都不是很好,但是还好我们足够的懂事,会做兼职,我的是给自己花,他的是给我花。后来爸爸的支持最终让我踏上了考研路,考研的路难不难的我都
  • [感冒]今年的星光大赏从阵容来说,依旧将网友的心拿捏得死死的,其实在活动还没到来之际,星光大赏对于嘉宾阵容就在网友引发了不小的争议,其中肖战和王一博的呼声最高,
  • #浪漫主义音乐# 养耗帖这确实是浪漫派音乐所做的贡献。纪录片播完之后,云南卫视还会放一个旅游宣传广告片,它的背景音乐是德国音乐家理查斯特劳斯的《查拉图斯特拉如是
  • —— 逆向回溯 P1 —我现在觉得我哥舍车陪君子了 虽然我熄火 拐弯换挡手忙脚乱 但是我哥都不会像教练一样凶 任由我练手hhhhh P2-P3 前几天陪
  • 我从小就追⭐(bushi)追过的最后都大红大紫!所以,他才会安安静静,或者是假装冷酷,甚至有时会在清冷中透出可爱来。
  • 为进一步明确配套制度安排,稳定市场预期,9月5日,北交所就上市规则、交易规则和会员管理规则公开征求意见,主要是构建与市场定位和法律性质相匹配的公司监管制度,延续
  • 于是妹子们就产生了这样一个愿望“身上多余的肉能长到胸上那就好了”自体脂肪丰胸让理想照进现实#自体脂肪隆胸#就是很多人幻想过的那种:把其他部位多余的脂肪“转移”到
  • 故书者,政事之纪也;诗者,中声之所止也;礼者,法之大分,类之纲纪也。傲、非也,囋、非也;君子如向矣。
  • 咱们自己也是老百姓,怎能忘了百姓的苦与疼。咱己也曾是老百姓,怎能忘了百姓的苦与疼。
  • 】9月22日,生态环境部发布第五批国家生态文明建设示范区和“绿水青山就是金山银山”实践创新基地拟命名名单公示。】9月22日,生态环境部发布第五批国家生态文明建设
  • !这个生日让人太惊喜徐大大千里迢迢给我订的蛋糕,糖糖买了我喜欢的星巴克杯,还有小鲍的玩偶等等...最意外的是我被求婚啦三年前,小张手捧99朵玫瑰,单膝下跪问我愿
  • 我有很多关于爱的小秘密,我甚至没有说给你听,可我见你眼里有星星,我走路蹦蹦跳跳,我嘴角上扬的模样,还有我看到你跑得飞快,都是我在爱你。你知道你的小蟹有多可爱吗,
  • 劫血线瞬间降低四分之一,但是韩服路人王,dopa的反应不可谓不快,他瞬间qe反打,双方的技能都打在了对方身上,不过劫在e完的瞬间a了一刀,触发了雷霆,这一波换血
  • 可是我一点也没看见[单身狗]他的包鼓鼓囊囊装了一堆吃的 给我说选修课上吃的[哆啦A梦吃惊]可是我不好意思给他装回去了又哈哈哈哈哈[开学季]over!终于要过去了
  • 梦幻,就要梦幻到底!梦幻,就要梦幻到底!
  • 9月五字Diaper报道五彩布娃娃温暖心窝每月限时不限量的Diaper来咯本月的Diaper名字叫布娃娃 9月21日是“世界阿尔茨海默病日”因此以这个作为本月主
  • 以前的楼市建筑风格千篇一律,没有风格成为一种风格。现在一些开发商的套路几乎不是秘密:借钱整片地,建筑商垫款,提前收了房子款让业主来买单。
  • ”遇见未知的自己给我留下的第一个问题,“凡是你抗拒的,都会持续”遇见未知的自己给我留下印象的第一句话,慢慢的,我好像越来越迷茫,不知道该怎样奔赴未来。一直都有心