࿑ཇོ་བོ་བཀའ་གདམས་པའི་དགེ་བཤེས་ཚོའི་གདན་ས་སྙན་ཆེ་བ་ཀུན་འཕན་ཡུལ་ལུང་པ་འདིའི་མགོ་མཇུག་ཏུ་ཡོད་པས། སྔ་ཚུད་ནས་གནས་འདིར་ཤིན་ཏུ་འགྲོ་སྙིང་འདོད་པ་ཞིག་ཡོད་པ་ལ། ད་ལན་ཡུལ་གྲོགས་ཤིག་གིས་རླངས་འཁོར་གྱི་མཐུན་རྐྱེན་སྦྱར་བ་དང་། གཟའ་མཇུག་གི་ངལ་གསོའི་སྐབས་དང་བསྟུན་འཕན་ཡུལ་ཕྱོགས་སུ་ལྗོངས་རྒྱུ་རུ་འགྲོ་བའི་གོ་སྐབས་རྙེད། ཉིན་ཅིག་གི་ལྗོངས་རྒྱུ་དེ་ནན་ཏར་སྐྱིད་ལ་སེམས་ཀྱི་རྒྱགས་ཆེ་ཡང་སྙིང་ཚིམས་པ་ཞིག་བྱུང་། འོ་ན་ལུང་པ་འདིར་ཕྱིན་ཙ་ན། ཅི་ཞིག་སྣང་། གང་ཞིག་ཐོས་ཤེ་ན། མདོར་དྲིལ་ན་སྐད་ཆ་ཚིག་ཅིག་གིས་མཚོན་པར་ནུས་ཏེ། དེ་ཡང་ཁོ་བོ་དེ་རིང་གཉིད་ལས་སད་དུས་ད་དུང་ཡང་མིག་ལམ་དུ་མཆོད་རྟེན་ཁོ་ནར་འཆར་བ་ཞིག་ཡོང་གིན་འདུག [玫瑰] https://t.cn/z8KMELS

࿑དེ་རིང་ནི་ཚེས་ཉེར་ལྔ་སྟེ་རྗེ་བཙུན་སྒྲོལ་མའི་དུས་ཆེན་ཡིན་པས། ཀུན་གྱིས་སྦྱོར་བ་སེམས་བསྐྱེད་དམ་པ་དང་། དངོས་གཞི་དམིགས་མེད་དམ་པ། མཇུག་བསྔོ་བ་དམ་པ་སྟེ་དམ་པ་གསུམ་གྱིས་རྩིས་ཟིན་པའི་སྒོ་ནས་རྣམ་དཀར་དགེ་བའི་ལས་ལ་འབད་པར་འཚལ།

སྒྲོལ་མའི་གསོལ་འདེབས།
度母祈祷文
ཨོཾ་ཕྱག་འཚལ་རྗེ་བཙུན་ཏཱ་རེ་ལྷ་མོ།།
嗡 顶礼至尊圣度母
ཏུཏྟཱ་རེ་ཞེས་གདུང་བ་ཀུན་སྐྱོབ།།


明咒能救诸忧苦
ཐུགས་རྗེ་ཐོགས་མེད་ཏུ་རེ་དཔའ་མོས།།
大悲无碍勇度母
བདག་ལ་གྲུབ་མཆོག་སྩོལ་ཅིག་སྭཱ་ཧཱ།།
祈祷赐我胜成就
སྒྲོལ་མའི་བསྙེན་པ། 度母心咒:
ཨོཾ་ ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
嗡达热德达热德热娑哈
བསྔོ་བ་སྨོན་ལམ།
回 向
རྒྱལ་ཡུམ་སྒྲོལ་མ་ཁྱེད་སྐུ་ཅི་འདྲ་དང་།།
佛母度母尊身何所依
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།།
眷属寿量以及净土等
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བ།།
尊之圣号贤善何所依
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག།
彼悉唯如吾等之所愿

࿑ སྔོན་ཆད་བྲིས་པའི་སྙན་ངག་གི་དཔེར་བརྗོད་འགའ།

དོན་རྒྱན་སོ་ལྔའི་ནང་གསེས་གཟུགས་ཅན་རྒྱན་
ཉི་ཤུ་ཡོད་པ་ལས།

༡༽ བསྡུས་པའི་གཟུགས་ཅན།
དབྱངས་ལྡན་ཁྱེད་སྐུ༵་ཤེལ་དཀར་ལྷུན་པོའི་སྤོར།།
འཛུམ་ཞལ༵་སྟོན་མཚན་ཟླ་བའི་དཀྱིལ་འཁོར་རྒྱས།།
ཟབ་རྒྱས་མཁྱེན་རབ༵་གཟི་འོད་རབ་འཕྲོས་པས།།
རྨོངས་ཚོགས༵་སྐྱེ་བོ་ཀུ་མུད་འདབ་བརྒྱ་གྲོལ།།

༢༽མ་བསྡུས་པའི་གཟུགས་ཅན།
གངས་དཀར་ལྷུན་པོའི༵་རྒྱུ་སྐར་ར་བའི་ཁྲོད།།
རྨད་བྱུང་ལྔ་ཟུང་སློབ་གྲྭའི༵་བསིལ་བྱེད་རྒྱས།།
འཆད་རྩོད་རྩོམ་པའི༵་གཟི་འོད་དཔལ་འབར་ཞིང་།།
གཞོན་ནུ་སློབ་བུའི༵་ཀུ་མུད་ཡོངས་སུ་རྒྱས།།



༣༽བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན།
འདྲེན་མཆོག་ཁྱེད་སྐུ༵་ཡོངས་འདུ་ས་བརྟོལ་ལ།།
ཡིད་འོང་ངུར་སྨྲིག༵་ཐུན་འཚམས་གསར་པས་འཁྱུད།།
ལུང་དང་རྟོགས་པའི༵་འབྲས་བུ་གཡུར་ཟ་བ།།
ཐར་འདོད་ཅན་གྱི༵་སྲེད་ལྡན་ལོངས་སུ་སྤྱོད།།

ཡང་དཔེར་བརྗོད་གཞན་ཞིག
མཁྱེན་གཉིས༵་དཀྱིལ་འཁོར་རྫོགས་པའི་ཉིན་བྱེད་ལ།།
དོན་གཉིས༵་ལྷུན་གྲུབ་འཕྲིན་ལས་སྣང་བ་རྒྱས།།
རྐང་གཉིས༵་ཐར་འདོད་བློ་ཡི་པད་ཚལ་དུ།།
བདེན་གཉིས༵་འདབ་བརྒྱ་གྲོལ་ལ་དཔའ་དེས་སྐྱོང་།།

ཞེས་པ་འདི་ནི་སློབ་བུ་ཐ་ཤལ་གྱིས་བཀོད་པའོ།།

࿑ ད་ཅི་ཀུན་མཁྱེན་མི་ཕམ་གྱི་མཁས་འཇུག་ཁ་ཕྱེས་དུས་ལོ་མང་པོའི་སྔོན་སི་ཁྲོན་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་སྙན་ངག་སྦྱངས་སྐབས་ཀྱི་དཔེར་བརྗོད་འགའ་ཤས་རྙེད་བྱུང་། སྐབས་དེ་དུས་སྙན་ངག་ལེའུ་བར་པའི་དོན་རྒྱན་སོ་ལྔ་རང་བཞིན་བརྗོད་པའི་རྒྱན་ནས་དགོངས་པ་ཅན་གྱི་རྒྱན་གྱི་བར་རྒྱན་རེ་རེ་ལ་དཔེར་བརྗོད་བདུན་རེ་བདུན་རེ་བྲིས་མྱོང་ཡང་ལོ་མང་ཕྱིན་པ་ཡིན་ཙང་། ད་ལྟ་ལས་བྱ་ཤོག་ངོས་གཅིག་ཀྱང་རྙེད་མ་བྱུང་། དེ་དུས་རང་གིས་དཔེར་བརྗོད་བྲིས་སྐབས་བརྗོད་བྱ་རྗོད་བྱེད་གཉིས་ཀ་ལ་གཟབ་གཟབ་བྱས་པ་མ་ཚད་ཕྲད་རྣམ་དབྱེ། བྱ་ཚིག་དག་ཡིག བྲིས་ཡིག་གཟུགས་སོགས་ལའང་དོན་སྣང་ཆེན་པོ་བྱས་པས་རྒྱུགས་འབྲས་ཀྱི་སྐར་གྲངས་ཀྱང་ཆེས་མཐོ་ཤོས་མང་པོ་རག་མྱོང་བ་མ་ཚད། ནང་བསྟན་སློབ་གླིང་དུ་ཧ་ལམ་ལོ་བཞིའི་རིང་གི་༼གསུམ་བཟང་སློབ་མ༽འི་བྱ་དགའ་ཉག་གཅིག་དེ་གུས་པ་རང་ལ་ཐོབ་བྱུང་། དེ་ལས་གཞན་པའི་འགན་ཁུར་པའི་བྱ་དགའ་ཐོབ་པ་ནི་ལོ་མང་རིང་དྲུང་ཡིག་གི་ལས་ཀ་ཡག་པོ་བསྒྲུབས་པའི་འབྲས་བུ་ཞིག་རེད། གཞུང་དང་རིག་གནས་ལ་འབད་རྩོལ་བྱས་ཀྱང་མཐོང་རྒྱ་དང་ཐོས་རྒྱ་གང་ཡང་མེད་པ་ནི་དཔེར་བརྗོད་ལ་བལྟས་པ་ཙམ་གྱིས་རྟོགས་ནུས། སྔོན་གྱི་སྙན་ངག་དཔེར་བརྗོད་འགའ་མཐོང་དུས་དྲན་པའི་ཡུལ་ཙམ་ལས་གཞན་དག་དཔེར་བརྗོད་ཕལ་ཆེར་བརྗེད་ངས་དང་སྙོམ་ལས་དབང་གིས་བརྗེད་ཚར་འདུག ད་ནི་མིག་ཟུང་རབ་རིབ་གྱུར། ཡིད་ཀྱི་དྲན་པ་མི་གསལ། སུག་བྲིས་རྣམས་ཀྱང་གཞན་གྱིས་ཡིག་ངོ་མི་ཤེས་པའི་ཚད་ལ་བསླེབས་རུང་ཆུང་དུས་ནས་སྙན་ངག་གི་སྒྱུ་རྩལ་གྱི་ཉམས་འགྱུར་ལ་དགའ་བའི་བག་ཆགས་ཀྱི་ཤུགས་ཀྱིས་ད་དུང་ཉམས་མ་ཐོན་རུང་སྙན་ངག་གི་དཔེར་བརྗོད་ཐ་རེ་ཐོ་རེ་འགའ་འབྲི་བ་ལ་གང་གིས་ཀྱང་འགོག་མི་ནུས་པར་སྐབས་རེ་ཁ་ཏོན་དགེ་སྦྱོར་གྱི་འཕྲོ་ཡང་ཆད་དེ་རང་དབང་མེད་པར་སྙན་ངག་དཔེར་བརྗོད་འབྲི་བའི་ལས་ལ་གཡེང་བར་གྱུར་ཏོ།།


发布     👍 0 举报 写留言 🖊   
✋热门推荐
  • 那里还能做到现在云集是一个长线的事业,慢但长久,付出必然有收获,一年间,我手把手的与店主交流,给下面的店主进行沟通,查找并分享其中的问题,解决,鼓励……我现在的
  • 柴油发电机组的工作原理及结构是怎样的呢?这些知识值得收藏   如果您拥有一台无数次地为您提供持续稳定应急或备用电源的柴油发电机,那么,您有没有想过“柴油发电机
  • 当然,惊乍之余其实我们更关心的是UNI-K用起来以及跑起来的感觉到底如何,毕竟中国品牌过去很多年都在致力于强化动态表现以及座舱豪华感,这些在过去一直是中国品牌的
  • 『亲眼见证』不错嘛.请耐心等待. ‘六十岁.你说我到了六十岁.再找个女朋友.就算还能用.怕是也生不了孩子了.所以.现在不是你打跑了我的女朋友的问题.而是你让我
  • 这是杜月笙的“三碗面”论,杜月笙也常常说“别人存钱,我存交情”等话,他是这样说的,也是这样做的。所以说过去和未来的关键就在于这一叠欠条,杜月笙烧掉以后家人也就跟
  • (无意引战,所以我没有发进任何超话,有关注我的姐妹看一看讨论一下就行,可以转发,小心一点就好,我是因为广场上刷到这个很生气所以决定花时间分析一下)p1 ①中完全
  • 一天的时间很短暂短暂到未拥抱清晨就已经要握别黑夜一天天组成一年年耳闻鸟声晨起,眼见夕阳余辉日出而作,日落而归一天已逝矣一年的时间很短暂短暂到未感受春夏就已经要迎
  • 前四张图就是其他颜色的蓝宝石,不要误以为是水晶或钻石哦[偷笑]储量惊人的“世界蜡都”泰顺石,是中国珠宝玉石系列中以我县地名命名的宝石品牌名称,学名“叶腊石(Re
  • 我心匪石,不可转也。——霍桑   你不知道我爱你 我心匪石,不可转也。
  • 间谍过家家:时时刻刻都在想着父亲和平大计的阿尼亚阿尼亚拯救了溺水的小男生,得到了学院的星星奖励,作为伊甸学院史上最快得到星星的学生,阿尼亚十分骄傲的带着自己获得
  • ​#阳光信用[超话]# #每日一善# #阳光信用# ygxy较好【勿带勿带hui字 勿艾特任何人 较好及以上 不吞必hui】人生最好的状态,是每天醒来面朝
  • 期待原创歌手@TFBOYS-王源 在晚会上的精彩演绎迎中秋之良节,祝国泰之民安,佳节与国庆共度,皎月和烟火齐现。让我们一起期待联合国儿童基金会大使@TFBOYS
  • [星星]桃宝红包面额最高618大洋[星星] [星星]JD红包面额最高18618大洋[星星] 丢伞星人在吗 【14.8起】馨家坊 三折黑胶晴雨伞 三折八骨的就
  • 或许,有星星的夜不应该寂寞,因为夜也会懂得。。
  • 人民日报也说过,你一定要爱上与健康有关的事业,干好了有钱,干不好有健康,成功了显眼,不成功显年轻。茶只会苦一阵子,久之便苦中回香;我们也不会苦一辈子,总有让自己
  • 该股强势的概念有:半年报增长+消费电子+OLED三、康冠科技(001308)该股近期炒作的逻辑有哪些呢?该股强势的概念有:半年报增长+消费电子+OLED三、康冠
  • #四川成人高考[超话]# 成人高考今年名额真的真的缩减了[裂开]西南交通大学、电子科技大学、西南财经大学三所教育部直属院校已经定额招生​西南交通大学8月9日前提
  • 反正我‮别特‬后悔我没有早‮知点‬道ABM我推荐人为‮么什‬不早点‮诉告‬我[流泪][流泪][流泪]​[流泪]不然‮真我‬的是‮以可‬多赚1000万现金,​只需
  • 十二时辰既可以指一天,也可以指任何一个时辰,原来古人把时间都划分地那么美 #唐鶴德老婆#【春风十里不如你 十二时辰的诗意】中国人的十二时辰之美,美到一分一秒都
  • 说起完美男亲就是朴珍荣呀[哈哈][哈哈][哈哈]翻译 爬爬{2022影视}{招新揪}#朴珍荣[超话]##GOT7[超话]##朴珍荣[超话]##反转魅力朴珍荣#