ཨྱོན་སྨིན་གྲོལ་གླིང་གི་མཁན་རིན་པོ་ཆེ་བཀྲ་ཤིས་དོན་གྲུབ་རིན་པོ་ཆེའི་འཕྲིན་ཕྲན་གྲོགས་ཚོམ་ནས་བླངས།

༈ རང་གི་མེ་ཏོག་ཕོག་པའི་ལྷ་སྐལ་ཏེ་༧རྗེ་གཏེར་བདག་གླིང་པའི་ཆོས་བརྒྱུད་ཀྱི་གྲལ་དུ་ཚུད་ཅིང་། སྨིན་གླིང་རིག་འཛིན་བརྒྱུད་པར་དད་པ་མི་དམན་པ་ཐོབ་པའི་བན་རྒན་བདག་གི་རེ་འདུན་ལ་ཚད་བཟུང་དུ་མེད་ཀྱང་། ད་རེས་སྨན་གསར་ལྷ་བྲིས་གོ་འཇོ་སྤེན་པར་ཆེད་དུ་མངགས་ནས་སྨིན་གླིང་རྩ་གསུམ་ལས་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་ཞལ་ཐང་གསར་བཞེངས་ལེགས་གྲུབ་བྱུང་བ་དང་ཁ་སང་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན༧་སྐྱབས་རྗེ་བླ་མ་རིན་པོ་ཆེ་༼སྨིན་གླིང་ཁྲི་ཆེན་༽ནས་ཐུགས་དགྱེས་པ་ཆེན་པོས་ཕྱག་ཐམ་དང་རབ་ཏུ་གནས་པར་མཛད་པའི་སྐལ་བཟང་ཐོབ་པ་འདི་ཉིད་རང་ལུགས་ཐུན་མིན་གྱི་ཕྱག་བཞེས་རྒྱུན་བསྲིང་པའི་ཐུན་རྐྱེན་དུ་འགྱུར་ནས་སྨིན་གླིང་རིག་འཛིན་བརྒྱུད་པར་བཅས་པའི་ཐུགས་དགོངས་ཡོངས་སུ་་རྫོགས་གྱུར་ཅིག །

༈ འབད་བརྩོན་དང་ཧུར་ཐག་གིས་མི་ཚེ་ཉིན་ནས་ཉིན་དུ་བརྒྱུད་དེ་ཡོང་བའི་སྐབས་དེར། ཉིན་ཅིག་གློ་བུར་དུ་རང་ཉིད་ཀྱི་སྤྲོ་སྣང་དང་། ཡིད་ཆེས་བོར་བརླག་ཏུ་སོང་ཡོད་པ་ཤེས་ཚེ། བློ་ཕམ་དེ་ཁྱོད་ཀྱི་བཟོད་སྲན་ཐུབ་བམ།

#དཔྱིད་དཔལ་ཚིག་བཅད་དགུ་བཅུ་པ།# ༩

༈ཙག་སེར་བུ་གཡས་གཡོན་གཉིས་ན་ལྡང་། །
རྡོ་ཕ་བོང་ནང་གྲུམས་རྨེག་མེད་འཐག །
དྲོད་རྟ་རྔ་ཙམ་ཡང་མེད་དུས་འདིར། །
དབྱར་ཉི་མ་མི་དྲན་སུ་ཞིག་དྲན། །

ལུས་སློག་པའི་འདབས་ཁ་མཐའ་ནས་ཟད། །
ངག་དབྱངས་གསལ་རྒྱུད་སྐུད་དབུས་ནས་ལྷོད། །
སེམས་ཡིད་ཆེས་དད་འདུན་ནང་ནས་བོར། །
ཕ་མེས་པོ་མི་དྲན་སུ་ཞིག་དྲན། །

དཀར་གཙང་མའི་གདུང་རུས་སོལ་ལ་བརྗེས། །
སྒལ་སྒྲོམ་བུ་ཉེར་བརྒྱད་དངུལ་ལ་བརྗེས། །
ས་སྡེ་མཐའ་མ་ཟིན་རང་ཁྱིམ་བོར། །
དྲིན་ཕ་མ་མི་དྲན་སུ་ཞིག་དྲན། །

ཕྱི་འབྱོར་བའི་ཟོ་མདོག་མ་རྒྱས་ལ། །
ནང་བསམ་པའི་ཁོ་ལག་མ་རྫོགས་པར། །
ཡིན་གསོན་འདོད་ལུས་ཟུངས་ཉམས་ཕྲ་དུས། །
ཕ་ལྷ་རྗེ་མི་དྲན་སུ་ཞིག་དྲན། །

དབུགས་རྟ་རྔ་ཙམ་པོ་མ་ཆད་པར། །
ལུས་འབྱུང་བཞི་ས་ལ་མ་འཐུམ་གོང་། །
གསོན་ད་ལྟ་སྒལ་ཚིགས་འཐོར་སོང་ན། །
སྐྱེ་མི་ལུས་ཐོབ་པ་དོན་སྒོ་ཆུང་། །

ཡབ་གོང་མས་རྒྱུ་ཚེགས་གཉིས་ཀ་ཡིས། །
ས་ཆེན་པོས་མི་ཁུག་རིག་པའི་ནོར། །
དེང་བུ་ལ་སྐྱེས་སུ་གནང་བ་རྣམས། །
དུས་ཉིན་བཞིན་ཤོར་བ་སུ་ཡིས་བཟོད། །

མྱིས་རང་དོན་སེན་མགོ་ཙམ་ཞིག་ལས། །
ས་སྡེ་དོན་ཡན་ལག་བཅད་སོང་རུང་། །
སྙིང་ཟུར་གསུམ་འགུལ་སྐྱོད་ཙམ་མེད་ན། །
རོ་མངར་སྐྱུར་མི་ཚོར་ལྕི་བ་འདྲ། །

ད་དེ་ག་ཙམ་གྱིས་ཆོག་པར་བྱ། །
སེམས་གངས་དཀར་འཕར་སྒྲ་ཐོས་མཁན་མེད། །
མགོ་གཡུ་རལ་ལྗིད་གོག་ཁྱག་མཁན་དཀོན། །
ཕ་དྲིན་ཆེན་དེ་ཚོ་དྲན་མཁན་ཉུང་། །

ཚིག་སྡེབ་སྦྱོར་ལྷུ་ཁ་མ་འགྲིག་ཀྱང་། །
དོན་སྨྱུང་བུ་དེ་ཙམ་མི་རྣོ་ཡང་། །
ཕ་མེས་པོ་དྲན་པའི་གདུང་ཤུགས་ཀྱིས།


ངག་འཁུན་སྒྲ་དང་བཅས་གླུ་འདི་ཤོར། །

གངས་རླབས་ཕྲེང་གིས།


发布     👍 0 举报 写留言 🖊   
✋热门推荐
  • 这个最惊艳 超级好吃!p1:和一些穿开裆裤长大的家人们 我看起来像刚被打哭p2 p3 p7:当地两位小有名气的泡泡胶建筑大师p4:芦苇条 已经想象了它爆炸的画面
  • #福州周边游[超话]##福州周末游# 今天在b站看到1999年云南乡村小学的纪录片,那时候乡村合同老师的工资是150元每月,一个学生每年的学杂费是200多元,对
  • 处女座的世界充满着秘密,外人很难探个究竟,有沉着的洞察力和谨慎的行动能力,但不易为人察觉,它深藏在内心深处。诗瑶吃葡萄处女座的世界充满着秘密,外人很难探个究竟,
  • #宋茜[超话]##宋茜裘佳宁##宋茜心跳源计划# 舞台女王宋茜芳心纵火宋茜帅气担当宋茜快乐源泉宋茜养猪大户宋茜✨正能偶像宋茜屋顶着火宋茜暖心应援宋茜漂亮姐姐宋茜
  • #LOCA乐咖专业寄拍平台[超话]# 我家寄拍宝贝的满屏收益到账 快乐是来自于做自己喜欢的事情 获得一份成就和满足 你喜欢拍照的话就用乐咖 用自己喜欢的方式
  • 今天: - SUPER MARIO HISTORY 1985–2010 サウンドトラック - Nintendo Sound Team(Nintendo,2010
  • #花花聊贵阳# 之【贵阳吃不胖的火锅,久煮不老】 贵阳的爱蛙人士必须知道他家 久煮不老,多吃不胖的“蛙锅” 一定要加入你的爱吃列表 装修风格是年轻人大爱的国
  • 生日快乐呀,肖 战宝贝[心] 欢迎你,30岁的肖 战。 看到你微博上写的关于30岁的话,讲真,特别像我平时给公司写的总结报告。不同的是,我是因为打一份工,而
  • #江南早#所谓成长,有时就是换个角度看问题!人生旅途上,没人能永远一帆风顺。同样面对失败,有人把它当作向上的踏脚石,有人却把它当作无法翻越的高山。但生活总会继续
  • 任天堂工程师暗示:Switch Joy-Con 手柄漂移问题永远不会完全修复 担任任天堂技术开发部总经理的任天堂高管 Ko Shiota 基本上表示,随着时间
  • 从无所得中求证佛法 佛法的体验应该从何处得入呢?这是每个学佛者都关心的问题。世间的人,总是带着有所得的心生活着。他们不停地追求,希望得到地位和财富,得到爱情和
  • A for ArtC for CultureT for Technology组合成的单词Act又寓意着“表演”。在这样一个充满电影元素的办公空间。
  • 『时光书签』 有时寂静是那么美好,一个咖啡杯,一个桌子。”这是独属一个人的时光,完整而纯粹,很喜欢伍尔夫对寂静时刻的描述:“Things in themselv
  • 1.店铺位置 :重庆市渝北区黄泥磅红黄路; 2.店铺面积:165平方米,柜台租金:18000元/月,押一付三,转让费面议; 3.店铺优势:位于黄泥磅红黄路黄冠东
  • #小新朋友圈# #微澜一日# 广州5馆 今日进行了开馆前整备,“搞卫生,整理图书,录入新书 写板报,一切准备就绪,就等着学校通知开馆时间”,连续三天在假期
  • #咸阳身边事# 【#咸阳教师用画笔为十四运会加油助威# 】武术、足球、马术……一幅幅充满动感的“十四运会”项目画作耀然纸上,表达了人民群众对全运会的热切期盼和深
  • 屋内忽然变得沉默了,如玉坐在一旁哼哼唧唧、嘟嘟囔囔地生气,邵寂言假装不在意地坐在桌边看书,却不时用余光偷偷瞥她。两人就这样一直坐到了午夜,如玉起身很大声地哼了一
  • 追求女主的人既有富二代又有拆二代,男主害怕犹豫配不上女主,无意间看到女主日记本里自己的照片和名字。显白盲撸可⭐阿玛尼红管206每次总结红棕色口红总回想起阿玛尼红
  • 我国的家具制作历史悠久,到了明清椅子的类型已经丰富多彩,在中国传统家具的座椅中,官帽椅是坐具类家具中的经典类型之一。 以明式家具为代表的中式红木家具,它的每一个
  • #易烊千玺新戏造型##奇迹杀青##易烊千玺# 易烊千玺又要王炸了,这边《长津湖》取得了好的成绩,另外一边主演的电影《奇迹》也官宣杀青,《奇迹》是文牧野与《我不是