སུམ་པ་ཡེ་ཤེས་དཔལ་འབྱོར་ཚང་གི༼ནོར་བུ་ཀེ་ཏ་ཀའི་ཕྲེང་མཛེས༽ན་གཟུངས་བསྡུས་སྟོན་པའི་བཀའ་མིན་གསུངས་ཡོད། དེ་བཞིན་དུ། དེ་སྔོན་མཚན་བརྗོད་པར་དཀའ་བ་བདེ་གཤེགས་འཇམ་དཔལ་བློ་ཤེས་ཚང་ལ་འདིའི་སྐོར་གྱི་བགྲོ་གླེང་བྱེེད་དུས་སུ་༼གཟུངས་བསྡུས༽སོགས་བཀའ་ཡིན་པར་ཐེ་ཚོམ་ཟ་གསུངས། དེ་ལ་འདིར་བསྡུས་པའི༼འཕགས་པ་ལྗོན་ཤིང་གི་མདོ༽འདི་ལ་གཟིགས་དང་། སྟོན་པའི་བཀའ་ཡིན་ནམ་ཅི། ཡང་ན་བོད་རང་གི་མཁས་པས་མཛད་པའི་བསྟན་བཅོས་ཤིག་ཡིན་ནམ། — བན་ཤུལ་པས་ལྷ་སའི་ཤར་ཚེས་གསུམ་ཐང་ནས།

#微博[超话]# ࿐སློབ་སྦྱོང་ལ་བརྟེན་ནས་རང་ཉིད་ཀྱི་མི་གཞི་དང་ཤེས་ཡོན་ཡར་རྒྱས་གཏོང་བ་ནི་རང་གི་མ་འོངས་པར་མ་རྩ་འཇོག་པའི་ཐབས་ལམ་ཡང་དག་ཅིག་ཡིན།

འཕེལ་རྒྱས་དྲག་ཏུ་རྒོད་པའི་དུས་རབས་འདིར།

ཉི་མ་རེ་རེར་བྱ་དངོས་གསར་པ་མང་པོ་འཇིག་རྟེན་འདིར་བལྟམས་དང་ལྟམ་གྱིན་ཡོད་པས་མི་ཞིག་གིས་སློབ་སྦྱོང་གི་མཇུག་བསྡུ་བ་ནི་རྗེས་ལུས་ཀྱི་མགོ་བརྩམས་པ་དང་གཉིས་སུ་མེད།

དེས་ན་མི་ཐམས་ཅད་ལ་ཚེ་གང་སློབ་སྦྱོང་གི་འདུ་ཤེས་བརྟན་པོ་ཞིག་ཆགས་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན་ནོ།།

བྱང་རྒྱ་མཚོ་སྡེ་ ( 海藏寺) ནི་ཝུའུ་ཝེེ་གྲོང་ཁྱེར་གྱི་ནང་དུ་ཡོད་ལ།འབྲེལ་ཡོད་ལོ་རྒྱུས་ལྟར་ན་དགོན་པ་འདི་ཐོག་མར་ཅིན་རྒྱལ་རབས་ཀྱི་སྐབས་སུ་བཞེངས་པར་བཤད་ལ། ཆོས་རྗེ་ས་པཎ་གྱི་སྔོན་ལ་རྒྱ་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཞིག་ཡིན་པར་བཤད།  བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་བརྩམས་པའི《མདོ་སྨད་ཆོས་འབྱུང》དུ་བཀོད་པ་ལྟར་ན།  ས་སྐྱ་པཎ་ཆེན་གྱིས་གནས་འདིར་ཆོས་འཁོར་རྒྱ་ཆེར་བསྐོར་པ་དང་རྒྱས་བསྐྲུན་བྱས་ནས་བོད་བརྒྱུད་ནང་བསྟན་གྱི་དགོན་གནས་སུ་བསྒྱུར་པ་དང་། ཡོན་རྒྱལ་རབས་ཀྱི་དུས་མཇུག་ཅིག་ལ་དམག་འཁྲུག་གི་དབང་གིིས་གཏོར་བཤིག་ཅུང་ཙམ་ཐེབས་ཀྱང་། སྡེ་གཞན་དག་དང་བསྡུར་ན་དགོན་པའི་སྒོ་ཆེན་དང་ཚོམས་ཆེན།  འོད་དཔག་མེད་ཀྱི་འདུ་ཁང་། དུས་གསུམ་སངས་རྒྱས་ལྷ་ཁང་།  ས་ཡི་སྙིང་བོའི་ལྷ་ཁང་སོགས་ལ་ཆགས་འཇིག་དེ་འདྲ་མ་བྱུང་བ་འདྲ། ཡང་སྤྱི་ལོ1483ཡས་མས་སུ་རྒྱའི་དམག་དཔོན་རུས་ཀྲང་ཅན་ཞིག་གིས་ཀྱང་སླར་གསོ་རྒྱ་ཆེན་པོ་བྱས་རྗེས་རིམ་གྱི་རྒྱའི་དགོན་དུ་གྱུར།  
    སྔོན་འདིར་མཚེའུ་ཞིག་ཡོད་པའི་ནང་ཀླུ་བདུད་གདུག་པ་ཅན་ཞིག་གནས་པས་ཧོར་གོ་དན་རྒྱལ་བོ་ལ་ཀླུ་ནད་བྱུང་བ་དང་།  ས་པཎ་གྱིས་ཀླུ་དེ་བཏུལ་ནས་རྒྱལ་བོ་ནད་ལས་གྲོལ་བར་བཤད།  དགོན་པའི་རྭ་སྐོར་གོང་མའི་ནང་དུ་སྔོན་གྱི་མཚེའུ་དེ་ཡིན་ཟེར་བའི་ཁྲོན་པ་ཆུང་ངུ་ཞིག་ད་ལྟ་ཡང་དངོས་སུ་མཇལ་རྒྱུ་འདུག  ངག་རྒྱུན་ལ་མཚོ་འདི་དང་ཕོ་བྲང་པོ་ཏ་ལའི་ཀླུ་རྒྱལ་མཚོ་གཉིས་འབྲེལ་ནས་ཡོད་ཅེས་བཤད་ཚུལ་འདུག


发布     👍 0 举报 写留言 🖊   
✋热门推荐
  • #光明大陆[超话]##光明大陆手游# [喵喵]今天大明发现!策划小哥竟然趁着大明不在,偷偷的给大家发了一波福利,哇哈哈!大明作为前线战地记者![加油]立马跑去拜
  • . 金 银 珠 宝 | Betsy Qiu 2020 「You are precious 你最珍贵」 我是Betsy 来自澳大利亚 我是做高级珠宝的艺
  • 暖男[可爱][可爱][可爱][可爱] 曾经,为了你 在飘雪的站台等你的到来; 在无数个夜晚买了热腾腾的灌饼; 在图书馆里查阅了 许多我看得头都大的文献; 不顾
  • 我也不懂让我来这上班是干个啥,谁都不会谁都不懂,也没个管事的,会干活的都跑了,不工作的天天坐着,要么几天不来上班,问我一个新人要各种材料数据,不给给错了还追责,
  • 旅行回来有段时间了 晚上一边翻看照片 一边记录一些脑海里依旧深刻的故事 从土耳其回来的时候 我扔掉了一行李箱的衣服 生了一场病 连续高烧好几天 依旧和朋友调侃
  • #科技史话# 1987 年 12 月 18 日,史克威尔(Square)在日本推出了游戏《最终幻想》。 上世纪 80 时代, 任天堂推出的 FC 红白机是市
  • 2019年拍得很少啦!不过有缘结识这么多可爱的小姑娘真的很开心,感谢大家这么信任我! 每次拍女孩子都是带着满满的爱去拍的,真心希望能够通过照片留住大家的美好岁月
  • 小时候看大话西游 感觉至尊宝应该和白晶晶在一起 结局的豆腐娘子很别扭 乃至于看大圣娶亲时 不能理解至尊宝和紫霞仙子的关系 因为小时的我单纯的将至尊宝和孙悟空看做
  • 需要一些无用的文字支撑心情的时候 大家都说工作本身的累只有百分之一 还有百分之九十九来自跟同事与上级之间的沟通 本来我是个话多且愿意表达的人 但我是一直告诉自己
  • 【案例分析】百亩以上的,难道都是一片亏损?究竟有多少人是赚钱的? 前两天头条上有网友提出了这样一个问题:做农业包地百亩以上的,有多少赚钱盈利的?问题出来后,有
  • 离骚 先秦:屈原 帝高阳之苗裔兮,朕皇考曰伯庸。 摄提贞于孟陬兮,惟庚寅吾以降。 皇览揆余初度兮,肇锡余以嘉名: 名余曰正则兮,字余曰灵均。 纷吾既有此内美兮,
  • 梦见cxh了。哇,太真实了,怎么会这样。 梦见他坐在一个台子里,然后我带着照片还是票根的去找他签名。他一边签名一边跟我开玩笑,具体内容记不得了但是好愉快。 然后
  • #法事[超话]# 【法事完美幸福反馈】不吹不黑,价格贵有价格贵的道理我的法事做的不是一时和表面,而是未来发展和永久。包括能量许愿灯,我个人考虑事情比较长久喜欢往
  • 布施本身就是福报,但最大的意义在于它能够引发很多的善心,把我们的缺失给补救起来。古德有言:“面上无瞋是供养,口里无瞋出妙香,心上无瞋无价宝,不断不灭是真常。”但
  • 你明知道那个冬天会有多冷 却依旧耐心地跟我们说谢谢 安慰我们说很温暖 书里说人离开后会有一个光给予拥抱和温暖 感受到的只有轻松幸福 我相信你也会这样的 希望
  • 今天,天气不好。起床就落雨!赶场估计人也没多少啊!我一个人守个门市。看他们打麻将!生意还是可以的,起床就开了张!在9点多的时候,闹了一件不愉快的事,就是在讲四件
  • #星星点灯✨# 走在6号门准备回办公室的路上,几声啾啾,声音高亢婉转,我四处找寻再抬起头,发现了低空中迁徙的人字形大雁,等我拿出手机,他们已经快消失我的视线,
  • #原耽推文[超话]# [奥特曼]书名:打赌 [心]作者:四喜汤圆 [佩奇]标签:年下 情有独钟 甜文 校园 冰山高冷攻×二货健气受 [照相机]文案:刘颜飞
  • #如何提高试管成功率#[疑问][疑问] 试管婴儿是一个概率事件,世界上任何一家医院和生殖机构都无法保证百分之百成功。所以如果有人跟你说一次包成功,千万不要随便相
  • 【21世纪新女性,如何通过理财撑起半边天】对于天性爱美的女性来说,最残酷的莫过于衰老。而对于需要分担家庭重担的女人来说,比衰老还可怕的是日益增大的经济压力和对自