ཀ་པ་ལ་རུ་བུའུ་གཏད་ཀྱང་།།
ཁ་པུལ་གནམ་ཐང་མཐའ་རུ་འཚང་།།
ག་འགྲོ་ངེས་པ་མེད་ན་ཡང་།།
ང་ཡང་ཕྱི་ལ་ཁྲིད་རོགས་ཞུས།།
ཅ་ག་རྒྱུ་ནོར་ཕངས་མེད་སྤྱུགས།།
ཆ་མེད་མི་ལ་སྐྱབས་སུ་བཅོལ།།
ཇ་ཆང་ལོངས་སྤྱོད་དམིགས་པ་མིན།།
ཉ་སྟོང་སྔོན་ལ་ཐར་བར་རེ།།
ཏ་ཐཱ་ག་ཏ་དགྲར་འཛིན་པ།།
ཐ་ལི་པན་གྱི་བདུད་དཔུང་གིས།།
ད་རེས་རྒྱལ་ས་འཕྲོག་པའི་ཚེ།།
ན་བུན་འཇིགས་པོ་གང་སར་ཁྱབ།།
པ་ཕས་སྨ་ར་འཇོག་ལ་བརྩོན།།
ཕ་མས་བུ་མོ་རས་ལ་བཏུམ།།
བ་དན་དར་ཆ་བརྗེས་ནའང།།
མ་རུང་ཚོགས་ལ་ཀུན་པོ་ཞེད།།
ཙ་རི་ཨ་རིར་ཐར་བ་ན།།
ཚ་གྲང་ལྟོགས་སྐོམ་མྱོང་དགོས་ཀྱང་།།
ཛ་དྲག་ཆེ་བའི་གནས་མིན་པས།།
ཝ་ཆུ་འཐུང་དགོས་བྱུང་ཡང་སྐྱིད།།
ཞ་བོ་ལོང་བ་མིན་པའི་ཚེ།།
ཟ་མ་ཁ་ལ་རག་ངེས་ཡིན།།
འ་ཅག་རང་དབང་ལུང་པ་ནས།།
ཡ་རབས་སྤྱོད་པའི་འཚོ་བས་འཐུས།།
ར་མ་ལུག་ལ་ཆ་འདྲ་ཡང་།།
ལ་མོ་རྒྱབ་ཀྱི་སྐྱབས་བཅོལ་བར།།
ཤ་ཚ་སྙིང་རྗེ་སྒོམ་མཁན་དག།
ས་མཐའི་ཡུལ་གྱར་རྣམས་ཀྱི་སྐྱབས།།
ཨ་རག་ཨི་རན་ཨབ་གྷན་སོགས།།
ཧ་ལམ་དད་མོས་གཅིག་ཡིན་མོད།།
ཨ་རིས་སོ་སྲུང་མེད་པ་ན།།
ཧ་ནེ་ཐ་ལི་པན་ལ་སྐྲག།

ཉེ་ཆར། _མཁས་དབང་བེ་རི་འཇིགས་མེད་ནས། ༧དཔལ་རྒྱལ་དབང་ཀརྨ་པ་ལ་བསྟོད་པ།
རིག་བྱེད་རྩོམ་རིག་ལོ་རྒྱུས་སྨྲ་བ་ལ།།
ང་ཉིད་ཡིན་སྙམ་ཁེངས་པ་བདག་ལ་ཡོད།།
དེ་ལྟ་ནའང་ཁྱོད་ཀྱི་མདུན་ས་ན།།
བདག་ནི་བྱིས་པ་ཆུང་ཆུང་ཙམ་དུ་ཟད།། https://t.cn/EXNjJra

ཚེ་འདི་དང་ཚེ་ཕྱི་མའིབདེ་སྐྱིད་ཐམས་ཅད་ཀྱི་འབྱུང་ཁུངས་ནི་དགེ་བ་བསགས་པ་ལས་འབྱུང་བ་ཡིན།

གལ་སྲིད་དགེ་བའི་རྒྱལ་པོ་བྱང་ཆུབ་ཀྱི་སེམས་སྐྱེད་པར་གྱུར་ན།

བདེ་བ་ཅན་དུ་སྐྱོད་པའི་སྒོ་མོ་འབྱེད་ཐུབ་པ་རེད།

བྱང་ཆུབ་སེམས་ཡོད་ན།

གནས་སྐབས་ཀྱི་བདེ་ཐང་དང་།

ཚེ་རིང་།

རྒྱུ་ནོར།

ཁྱིམ་ཚང་འཆམ་མཐུན་ཡིན་ནའང་འདྲ།

ཡང་ན་མ་འོངས་པར་འཁོར་བ་ལས་ཐར་ཞིང་བདེ་བ་ཅན་དུ་སྐྱེ་བ་དང་། རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་པ་སོགས་ཀྱི་ཕུགས་ཀྱི་བདེ་སྐྱིད་ཡིན་ནའང་འདྲ།

གང་ལྟར་རང་ཤུགས་ཀྱི་ཐོབ་ཐུབ་པ་ནི་ཐེ་ཚོམ་སྤུ་ཙམ་ཡང་མེད་པ་ཞིག་རེད།



今生和来世的一切安乐之源泉,就是行善积德,若能悉发善中之王菩提心,就能打开通往安乐世界的大门。有了菩提心,不论是暂时的健康、长寿、财富、家庭和谐,还是未来解脱轮回,往生净土,成就遍知的佛果等长远之安乐,都能自然而获得,这是毫无疑问的。


发布     👍 0 举报 写留言 🖊   
✋热门推荐
  • 深知这其中的不易,所以每次回家我都抢着去洗碗,但我妈总是心疼的说,你在外面什么都要自己弄也辛苦,回来了还要洗碗,就不让我洗了。因为屋里的摆设大都是我起小就有的,
  • #盲堂演出信息更改# 亲爱的朋友们:受近期国内疫情和防疫管控的影响,为了广大观众及演职人员的安全,原定于:08/21 Jam Night 取消。#2022北
  • 8月15日,在12个镇(办事处)继续组织开展新一轮核酸检测,并针对中高风险区域,统筹分配全市采样资源,错时错峰开展核酸检测,发动群众错峰有序地到指定地点参加核酸
  • #洗洗碎碎念# 所有的经历都是我当时的选择,无论结果是好是坏,过程是快乐多还是痛苦多都只是一种经历而已,不刻意放大某一段经历带给自己的影响;不知道什么时间才会遇
  • 据娱乐圈头部狗仔张小寒的爆料,这四位明星中,被他们拍到了超级大瓜,消息一出,吃瓜群众,纷纷如坐针毡,早就急不可待了[捂脸]据悉这一次的大瓜线索是不断具像化:1、
  • 嗯我不知道为什么我觉得是我太懒了我和外婆说我妈已经不喜欢我了,外婆说勤劳一点 洗洗碗拖拖地帮着洗点衣服我真的只是觉得我为什么要像个保姆一样做这些事 我也是人啊我
  • 唯一的零食是我爷爷晒的杏干,吃的时候还能吃到沙子[嘻嘻]。煮了肉粽一顿吃俩,还跟我奶奶包了韭菜鸡蛋饺子,过几天楼顶上的甜瓜就能熟了,在家真好[打call]这可能
  • 今天是本周的尾部,指标上将给出下周的讯号,大趋势上翻海仍是看多,但是上升以前的震荡是最痛苦的,你需要做好防控,倒在黎明前才是可悲的。今天是本周的尾部,指标上将给
  • 根据江苏智慧文旅平台测算,无锡市“五一”小长假全市景区和乡村旅游接待游客总量达373.68万人次,日均同比2019年和2020年分别增长19.43%和84.28
  • 按书中所说,“正因为无法接纳真实的自己,内心充满不安,所以才只关心自己”当时的我应该是这种心理。我要是希望他们成为我的朋友,我就需要尊重他们,从他们身上找到自己
  • 这是我们和春天的约定,桂香淡淡,重逢淡淡,用一颗出尘的心,记住这一场无悔的交集。就这样,从容行走在尘间,一袭风,一身静,听花开的声音,听脚下的足音,心暖,风
  • 1. old → aged, elderly 年迈的,年老的the aged/old/elderly → old people 老年人【例句】The chari
  • 十八岁的时候听李宗盛,面对着那些将懂未懂的歌词,也许会情难自禁,夜里流泪,以为自己是最苦最酸涩的那个;但二十八岁在听李宗盛,你知道了分离与遗憾是人生常态,执念成
  • 资讯电话:0755-86177709由前海创客俱乐部打造全球顶级共享众创空间-前海创客空间地处“中国硅谷”核心前海深圳湾创业投资大厦。资讯电话:0755-861
  • 不管面对多么曲折的故事,学会提醒自己,来和去都是一场过程,不必要刻意去奢求和强求,活出内心的海阔天空,化解内心的纠结,心地坦然,是最合适的活法,顺其自然,更是化
  • 同 日   为 中 共 中 央 书 记 处 起 草 致 晋 察 冀 分 局 电 , 对 精 兵 简 政 问 题 作 重 要 指 示 : “ 毫 无 疑 义 ,
  • 我真的要被这些吃播害死了,看她们吃吃吃真的能馋死个人儿,我只能不停不停地种草拔草插秧薅秧[偷乐]终于吃到了我心心念念的好利来多肉葡萄,也终于喝到了我心心念念的喜
  • 未开悟的人,举心、动念就是妄想;开悟以后,举心、动念皆是真如。一个妄想,一个真如,究竟是同是别?要问你们一下子:妄想是什么?真如是什么?同,在什么地方?别,又在
  • 等到我们老的80岁快走不动的时候,我开车带你再约她一次,听你叫她MM……然后我和那男孩子不说话,我们躲在厨房里准备大餐……因他那人对我老公说他炒的鸡很好吃,被我
  • 比如癸生辰月,辰本为官,透庚辛则去辰中之暗食,似乎官格用印则格成,此喜干生用神也;然辰遇申子之会,化官为劫,此化吉为凶,成而又败也!基于干支喜忌的动静说,真诠进