གནམ་གྱྀ་ནྀ་དབུས། ས་འྀ་དཀྱྀལ། ཆུ་ཐམས་ཅད་ཀྱྀ་འགོ། རྀ་མཐོ།
ས་གཙང་།

ཡུལ་གངས་ཅན།

གངས་འདྀ་སུམ་ཕུ་གངས་རྀ།
ཡུལ་ནྀ་སུམ་པ། རྒྱལ་ཤོད་སྟག་པ་ཚལ་གྱིས་ཕུ།

༄༅༅། །རྒྱ་གར་སྐད་དུ། པི་ཏྲྀ་མ་ཏྲྀ་སུ་ཏྲ།  བོད་སྐད་དུ། །ཕ་མའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་མཉན་དུ་ཡོད་པ་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ཁྱིམ་གང་དག་ན། ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཚངས་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཚངས་པ་དང་འདྲ་བའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་སློབ་ དཔོན་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་སློབ་དཔོན་དང་འདྲ་བ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོར་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་།  ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ་ཡིན་པའི་ཕྱིར་རོ། །དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་མི་དང་ལྡན་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་མི་དང་འདྲ་བའི་ཕྱིར་རོ། ། དགེ་སློང་དག་ཁྱིམ་གང་དག་ན་ཕ་མ་གཉིས་ལ་ལེགས་པར་རི་མོ་བྱེད་པ་དང་། ལེགས་པར་མཆོད་པ་བྱེད་པ་དང་། ལེགས་པར་གཡོག་བྱེད་པའི་ཁྱིམ་དེ་དག་ནི་ལྷ་དང་ལྡན་པ་ཡིན་ནོ། །དགེ་སློང་དག་རིགས་ཀྱི་བུའི་ཕ་མ་གཉིས་ནི་རིགས་པའི་སྒོ་ནས་ལྷ་དང་འདྲ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ། །ཕ་མ་གཉིས་ནི་ཚངས་པ་སྟེ། །དེ་བཞིན་དང་པོ་སློབ་དཔོན་ཡིན། །བུ་ཡི་ཀུན་སྦྱིན་འོས་གྱུར་པ། །མི་ཡང་ཡིན་ལ་ལྷ་ཡང་ཡིན། །དེ་ཕྱིར་དེ་གཉིས་ཕྱག་གི་གནས། །དྲིལ་བ་དང་ནི་ཁྲུས་རྣམས་དང་། །རྐང་པ་དག་ཀྱང་བསྐུ་བ་དང་། །ཡང་ན་ཟས་དང་སྐོམ་རྣམས་དང་། །གོས་དང་མལ་སྟན་རྣམས་ཀྱིས། །མཁས་པ་དག་གིས་བཀུར་སྟི་བྱ། །ཕ་མ་དག་ལ་བཀུར་བྱས་པ། །དེས་ན་མཁས་པ་དེ་དག་ནི། །འདིར་ཡང་སྨད་པ་མེད་འགྱུར་ལ། །ཤི་ནའང་མཐོ་རིས་འགྲོ་བར་འགྱུར། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །ཕ་མའི་མདོ་རྫོགས་སོ།། །།

ཏུང་ཧོང་ཡིག་རྙིང་དུ་གསལ་བའི་«བཙན་པོ་སྲོང་བཙན་སྒམ་པོའི་རིང་ལ་བོད་ཡིག་བྱུང་ཚུལ་»གྱི་ཤོག་དྲིལ་བཞུགས་སོ།།

བོད་ལ་སྔ་ན་ཡྀ་གེ་མྱེད་(མེད)པ་ལ། །བཙན་པོ་འདིའྀ་ཚེ་བྱུང་ནས། །བོད་ཀྱི་གཙུག་ལག་བཀའ་གྲིམས་(ཁྲིམས)ཆེད་(ཆེན)པོ་དང་། བློན་པོའི་རིམ་པ་དང། ཆེ་ཆུང་གཉིས་ཀྱྀ་དབང་ཐང་དང་། ལེགས་པ་ཟིན་པའྀ་བྱ་དགའ་དང་། ཉེ་ཡོ་བའི་ཆད་པ་དང། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ་དང་། སླུངས་ཀྱི་གོ་བར་བསྙམས་པ་དང་། བྲེ་པུལ་(ཕུལ)དང་། སྲང་ལ་སྩོགས་(སོགས)པ། བོད་ཀྱི་ཆོས་ཀྱི་གཞུང་བཟང་པོ་ཀུན། །བཙན་པོ་ཁྲི་སྲོང་བརྩན་གྱི་རིང་ལས་བྱུང་ངོ་། མྱི་(མི)ཡོངས་ཀྱིས་བཀའ་དྲིན་དྲན་ཞིང་ཚོར་བས། སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ།།”

པཏ༡༢༨༧། ༢ ༤༣༣-༤༥༥
#PT1287II
BnF - Bibliothèque nationale de France https://t.cn/R2WxDXj


发布     👍 0 举报 写留言 🖊   
✋热门推荐
  • 正所谓境由心生,物随心转,我们的生活际遇,往往由我们的心念决定。人生中遭遇的一切事情,都是由自己内心的磁石吸引而来。
  • ʚ◡̈⃝ɞ 7.“看天上的月,吹人间的风,过最平凡的生活 ” 8. ㊗️中秋节快乐ت 9. 抬頭看看月亮 10.祝你吃到的月饼最好吃 11.月圆总有星相伴,人圆
  • [坏笑]客服知道第19期,论网红服务的自我修养:消化百万量级客户,凭借什么本事?【最后知道真相的我眼泪流下来】某旅游景区的小饭店炒土鸡蛋味道一流,这道菜最吸引人
  • #荔枝liji[超话]# 一条记录博吧 欢迎补充“不能说胆小 而是不想做害怕的东西”“总是很开朗坚强的我的小家伙”“想吃什么都告诉我”“我每次迷路的时候 你不是
  • 大长篇还是会免fei放在wb和lof给大家看,依然是爱fa电提前一天更。(以下为试阅)关于时影小神官和书灵小百里的故事~三章完结,完结后会给爱fa电txt,以前
  • 从“业务教办”到“业务帮办”再到“业务代办”市社保中心工作人员以高度负责的态度、人性化的服务点亮群众满意的笑脸。经办服务做“加法”社保服务更贴心“谢谢你们,全程
  • 步履不停,保持成长和蜕变,永远保持积极乐观,即便现在的你处在黑暗和绝望之中;心中的爱就是你自由的光❤️看到这个我就难受,更加鉴定我做女性教育的心。秉承“把长沙留
  • 为了养家糊口承接各种业务[旺柴]:①车险、人财险、意外险、医疗保险等各类保险;②全国各地各大电子厂免费招聘,工价高返费高、福利待遇好包进;③服装批发销售、淘宝各
  • 后来跟团旅行的酒店没法选择,珠峰那晚我们住在帐篷里,我自己多加了80升级了小包间,有电热毯,没脱任何外套裹着衣服吸着氧气睡了一夜。对了在西藏记得不要吃得太饱,不
  • ”她说:“之前就是没听你的话,结果我最近发现,左边眼睛下面的数量越来越多了,而且原本没有的右眼,现在也已经长了三颗,我害怕这东西传染,所以赶紧来找你治疗,这处理
  • 唐石青、李慧一行先后前往力波中心招商接待中心及中心内文创园区相关企业,了解中心目前建设进度及情况,并对于力波中心的整体建设给予了高度评价。会上,李丽就闵行目前存
  • 射手座射手座就是干脆的一个人,要么不爱,要么爱上就要百分百地信任,如果相爱的过程中还要花心思去怀疑,再去查证,这样的关系多累啊!天秤座天秤座让爱情保持热情不减的
  • 赣茶融媒体第16期江茶会在迎来了一群爱读书的小伙伴们,他们是给万千家庭带去舒适与温馨的雅美居装饰集团的精英们。”“读万卷书,行万里路,工作闲暇时,我会带着一本喜
  • #暗恋只是一个人的兵荒马乱# 喜欢就会猜忌、盲目、抓狂,蛛丝马迹,胡思乱想没有明确表达的爱意就是不喜欢我太了解自己了我不应该让自己陷入进去,无端的开始,无端的结
  • 急租中山区民主广场跃层主卧!房子地脚好,楼下就是电车公交车站,距离地铁站几百米距离,成熟商圈附近饭店超市应有尽有,可做饭厨具现成的可以共用,目前住了两个女生都很
  • [星星]一个置顶★茶鸮 称呼九百或者茶都可[抱一抱]大部分时间保持理智,但会发疯,取关请双向话不投机会取关or拉黑,见谅★目前在的坑古网(小钟&司空瓒
  • 【全球的苹果商店不同的涨价节奏,折射全球经济乱象】近日,苹果公司宣布,将在全球28个国家和地区提高应用商店的价格。从苹果公司的公告看,涨价的国家和地区几乎都是本
  • 如今虽说林志颖身体恢复状况不错,但脸部却需要利用通过手术来恢复到原先的状态,为此这段时间,他短期内则无法公开与观众见面。苦何 月下之影同为己 水天之月对相似
  • 作为一个喜欢吃南方菜系的北方人,觉得都蛮好,卤鸭是甜口的,蟹粉汤包皮略厚,拌面套餐是虾仁,蟹粉,笋肉的浇头,面,配紫菜汤和三个小番茄。現在變成了綠楊小餛飩,風扇
  • [上课了][上课了]得出几个结论:1、齐司礼确实比第一遍玩的时候顺眼多了,他是真的纯傲娇,说话太难听但是会默默帮我;比起阴阳人上司,他可能更像恨铁不成钢的导师?