༄༅།།བཀྲ་ཤིས་པའི་སྨོན་ཚིག

གུང་ཐང་ཡོངས་འཛིན་རྗེ་འཇིགས་མེད་དཔལ་ལྡན་རྒྱ་མཚོ། བླ་བྲང་།

༄༅།།རྒྱལ་ཀུན་འཕྲིན་ལས་འཕགས་མ་ཏཱ་རེ་ཡི།།
མཁྱེན་བརྩེ་ཆུ་འཛིན་དཀར་པོ་འཁྲིགས་པ་ལས།།
བྱིན་བརླབས་ཆར་རྒྱུན་གདུལ་བྱའི་འཛིན་མར་བབས།།
སྨོན་དོན་འབྲས་བུ་སྨིན་པའི་དགེ་ལེགས་སྩོལ།།

མ་སྨད་ཚུལ་ཁྲིམས་ཡུ་བ་བརྟན་པོ་ལས།།
མཛེས་བའི་ཚོགས་གཉིས་རྩིབས་སྟོང་རྫོགས་པ་ཡིས།།
འགྲོ་བའི་ཚ་གདུང་སེལ་བའི་ཆོས་ཀྱི་གདུགས།།
འདེགས་མཛད་རྡོ་རྗེ་འཆང་དབང་ཁྱོད་ཕྱགས་འཚལ།།

ཐབས་ཤེས་ཟུང་དུ་འབྲེལ་བའི་གསེར་གྱི་ཉ།།
མདོ་རྒྱུད་ཐ་སྙད་རིགས་གནས་ཀླུང་ཆེན་པོར།།
བཤད་སྒྲུབ་ཟུང་གི་གཏིང་མཐའ་རོལ་བ་ཡིས།།
རྒྱལ་སྲས་དམ་པའི་ཐུགས་སྨོན་འགྲུབ་གྱུར་ཅིག།

ངོ་ཚ་ཁྲེལ་ཡོད་གོས་ཀྱིས་ཉེ་བར་མཛེས།།
བསླབ་གསུམ་བདུད་རྩིའི་བཅུད་ཀྱིས་ཡོངས་སུ་བཀང་།།
སྣོད་ཀྱི་སྐྱོན་བྲལ་རིན་ཆེན་བུམ་བཟང་འདིས།།
རྒྱལ་སྲས་དམ་པའི་ཐུགས་སྨོན་འགྲུབ་གྱུར་ཅིག།

བྱང་ཆུབ་སེམས་ཀྱི་མ་དྲོས་མཚོ་ཆེན་ལས།།
ཟབ་རྒྱས་ཆོས་ཀྱི་སྡོང་བུ་ལེགས་པར་འཁྲུངས།།
སྐུ་གཉིས་ཟེའུ་འབྲས་ལྡན་པའི་པདྨ་དཀར།།
མཆོད་པས་བླ་མའི་ཐུགས་སྨོན་འགྲུབ་གྱུར་ཅིག།

ཆགས་པའི་བདེ་བ་ལས་སྐྱེས་ཆགས་པའི་གཤེད།།
ཟབ་གསལ་རི་མོ་གཡས་འཁྱིལ་ལྔ་བའི་དུང་།།
མ་རིག་གཉིད་ལས་སངས་པའི་དབྱངས་སྙན་པོས།།
གསུམ་ལྡན་བླ་མའི་ཐུགས་སྨོན་འགྲུབ་གྱུར་ཅིག།

ཏིང་འཛིན་གསུམ་གྱིས་བསྐྱེད་རིམ་ཕྲ་རག་ཀུན།།
རྟོགས་པའི་ཐུགས་གསང་དཔལ་བེའུ་མཛེས་པར་བྱེད།།
ཐ་མལ་སྣང་ཞེན་དྲི་མ་བྲལ་བའི་མཐུས།།
རྡོ་རྗེ་འཛིན་པའི་ཐུགས་སྨོན་འགྲུབ་གྱུར་ཅིག།

ཁ་སྦྱོར་བདུན་ལྡན་རིན་ཆེན་ཏོག་གིས་མཛེས།།
སྦྱོར་བ་ཡན་ལག་དྲུག་གིས་ཤམ་བུ་མཛེས།།
མི་མཐུན་ཀུན་ལས་རྒྱལ་བའི་རྒྱལ་མཚན་གྱིས།།
རྡོ་རྗེ་འཆང་གི་ཐུགས་སྨོན་འགྲུབ་གྱིར་ཅིག།

དམ་ཚིག་སྡོམ་པ་སྤྱོད་པ་ལྟེ་བ་ལས།།
མཐའ་གཉིས་དག་པ་ལྟ་བའི་རྩིབས་སྟོང་བཀྲ།།
སྒོམ་པའི་མུ་ཁྱུད་ཟླུམ་པོར་འཁྱིད་བ་ཡི།།
ཆོས་འཁོར་སྲིད་མཐའི་བར་དུ་བསྐོར་གྱུར་ཅིག།

མདོར་ན་སྡེ་འདིའི་ཆོས་སྤྱོད་མི་ཉམས་ཤིང་།།
ཐུགས་མཐུན་ཁྲིམས་གཙང་བཤད་སྒྲུབ་ལས་ལ་བརྩོན།།
མདོ་སྔགས་བསྟན་པ་འཛིན་སྐྱོང་སྤེལ་ནུས་པའི།།
ཁྲིམས་ལྡན་འདུས་པའི་སྡེ་ཆེན་འགྲུབ་གྱར་ཅིག །
ཅེས་པ་འདི་ནི་དམ་པ་གང་གི་སློབ་བུ་སྙོམས་ལས་པ་བཙུན་གཟུགས་འཇིགས་མེད་དཔལ་ལྡན་གྱིས་བྲིས་པའོ།།
སྤྱི་ལོ་༢༠༠༥ ལོའི་རྗེས་དྲན་དེབ་ཕྲེང་དང་བོ་ལས་བཤུས། 图片

བྱེའུ་འཇོལ་མོ་གཉིས་ཀྱི་བརྩེ་དུང་གི་གཏམ་རྒྱུད།

གངས་ཆུ།

༄༅།། ངེད་ཚང་གི་ར་སྐོར་དེ་གནའ་བོའི་ཁང་རྙིང་གི་གྲས་སུ་གཏོགས་པའི་གཞིས་ཁྱིམ་རྙིང་བ་ཞིག་ཡིན་ཞིང་། གདུང་དྲབ་ཀྱི་ཁུང་བུའི་ནང་དུ་བྱ་དང་བྱེའུ་རིགས་ཀྱིས་རྒྱུན་དུ་བྱེའུ་ཚང་འཇོག་བཞིན་ཡོད། ད་ནངས་སྐྱ་རེངས་མ་ཤར་གོང་ཁང་བའི་ཁྱམས་ཀྱི་གདུང་དྲབ་ཀྱི་ངོས་ལ་བྱེའུ་ཆུང་ཆུང་ཞིག་གིས་གཤོག་པས་ཡང་ཡང་རྡེབ་ཅིང་་་་ཀྱེ་འུ་་་ཀྱེ་འུ་་་ཟེར་བའི་སྒྲ་ཞིག་བར་མཚམས་མེད་པར་གྲགས་ནས་ནམ་ལངས་པར་བྱས། སྤྱིར་ཁོ་བོ་ནི་བྱ་དང་བྱེའུ་རིགས་ལ་ཧ་ཅང་དགའ་ཞེན་ཆེ་ཞིང་ལྷག་པར་འཇོལ་མོ་ལ་དེ་བས་དུང་བ་ཟབ་པས་སྣང་དོགས་མ་བྱས་པར་ཅུང་བསྡད་པ་ཡིན།


དཔྱིད་ཀའི་སྐབས་སུ་བསིལ་རླུང་གིས་འཁྱེར་འོང་བའི་འཇོལ་མོའི་གསུང་སྐད་རེ་རྒྱང་ནས་གོ་ན་བདེ་སྡུག་གི་ཚོར་བ་རྨ་མེད་ཅིག་སྟེར་ཐུབ་ལ། འཇོལ་མོའི་གསུང་སྐད་གོ་ན་དཔྱིད་ཀ་ཐོན་སོང་སྙམ་པའི་དགའ་དུང་གི་སེམས་པ་ཞིག་ལྷོད་ཀྱིས་དྲངས་ཡོང་ངོ་།། ལྷག་པར་བརྡ་དག་ཞིག་ལས ( བྱེའུ་འཇོལ་མོ་འཇོ་སྒེག་ཉམས་དང་ལྡན ) ཞེས་པས་ཆུང་དུས་ཀྱི་ཚོར་བ་རྣོན་པོ་ཞིག་བཞག་ཡོད་པས། འཇོལ་མོའི་གསུང་སྐད་ཀྱིས་ཆུང་དུས་དཔེ་ཆ་ཐེད་པོ་རེ་ལག་ཏུ་བཟུང་ནས་ཕན་ཚུན་ལ་འཕྲིན་པ་ཐུང་ངུ་རེ་བྲིས་པའི་རྣམ་པ་དེ་ཡིད་ལ་ཝལ་སེ་དྲན་དུ་འཇུག་ཅིང་། མཚམས་རེར་ཚ་གདུགས་ཀྱིས་གཟིར་བའི་སྐབས་ཆུ་སྙོགས་བཙོག་པོ་ལ་མགོ་བོ་བཏང་ནས་ཧུབ་ཀྱིས་འཐུང་ཞིང་རྐང་ལག་ལ་ཞལ་ཞལ་བྱས་པའི་རྒྱབ་གཟུགས་དེ་དྲན་པའི་མེ་ལོང་ངོས་སུ་ཡང་ཡང་འགོད་ཅིང་ལུས་སེམས་ལ་གདུང་བ་སིམ་པོ་རེ་སྟེར་ཐུབ་བོ།།
ཤར་ཕྱོགས་ན་སྐྱ་རེངས་ཀྱི་བུ་མོ་འཛུམ་གྱིས་སླེབས་ཤིང་ངེད་ཚང་གི་ཁང་བའི་ཁྱམས་ལ་དྲོད་འཇམ་གྱི་འོད་སྣང་ཞིག་ཕངས་མེད་དུ་སྦྱིན་ན་ཡང་། ད་རུང་་་ཀྱེ་འུ་་་ཀྱེ་འུ་་་་ཟེར་བའི་སྒྲ་ཞིག་གིས་རྣ་བར་བཟོད་གླགས་བྲལ་པའི་གདུང་བ་ཞིག་སྐྱེལ་ཡོང་ལ་ཅུང་སུན་པོ་ཡང་བཟོས་སོང་། ངས་དྲ་མིག་ཕྱེས་ནས་ཕྱིར་བལྟས་པ་ན་བྱེའུ་ཞིག་གདུང་དྲབ་ཀྱི་ཁུང་བུ་ལ་འཛུལ་ཏེ་འཕག་འཚག་བྱེད་པ་འདྲ་བས། ངའི་སེམས་སུ་འདོད་སྲེད་ཀྱི་དབང་གིས་བྱེའུ་ཆུང་ཡང་བཟའ་འཁོན་བྱས་ན་རང་སྲོག་བློས་བཏང་བྱས་སོང་སྙམ་པའི་ཚོར་བ་ཞིག་སེམས་ཐག་གོར་མོ་རྡོ་ཐོག་ནས་ངང་གིས་ལྷུང་སོང་། ངས་མདུན་ཅོག་འགྲམ་དུ་དམར་ཇ་ཞིག་འཐུང་ཤོར་དུ་དཔེ་ཆ་འགའ་ཀློག་པས་ཞོགས་པའི་དུས་ཚོད་བཅུ་བར་བསླེབ་ལ་ཉེ་ཞིང་་་ཀྱེ་འུ་་ཀྱེ་འུ་་་ཟེར་བའི་་སྒྲ་དེ་ཡང་ཇེ་ཆུང་ནས་ཇེ་ཆུང་དུ་སོང་བས་ང་ལ་ཚོར་བ་ཅི་ཡང་མ་བྱིན་ནོ།།
རྗེས་སུ་ཕྱི་ལ་འགྲོ་སྐབས་ཞིབ་ལྟ་རེ་བྱས་པས་བྱེའུ་ཆུང་ཆུང་ཞིག་གདུང་དྲབ་ཀྱི་ཁུང་བུའི་ནང་དུ་བཙན་གྱིས་འཛུལ་ནས་ཕྱིར་ཡོང་མ་ཐུབ་པར་མགོ་བསྣར་ཏེ་ལྕེབས་འདུག་ལ། སྒྲོ་སྤུ་འགའ་རེ་རླུང་བུ་ཕྲ་མོ་ཞིག་གིས་ཡར་སྐྱོད་མར་སྐྱོད་བྱེད་བཞིན་པ་མཐོང་བས་འགྱོད་གདུང་གི་དབྱུག་གུ་ཞིག་གིས་སྙིང་གི་རྔ་བོ་ཆེ་དྲག་ཏུ་བརྡུངས་ཤིང་། ཁུང་བུ་དོག་མོ་དེ་ཡང་བཙན་ཚུགས་ཀྱིས་གཏོར་ཏེ་རེག་ཐབས་བྱས་པས་བྱེའུ་གཞན་ཞིག་ཀྱང་ཤི་སྟེ་དྲོད་ཁོལ་མ་ཡལ་བར་ཡོད་པས། དངངས་སྐྲག་ནར་མོ་ཞིག་གིས་རྒྱབ་ནས་དེད་དེ་ཅི་ཞིག་བྱས་སོང་ངམ་སྙམ་པའི་ཐེ་ཚོམ་གྱི་རྒྱ་རུ་ཚུད་པར་བྱས་སོ།།
དོན་ངོ་མར་ངེད་ཚང་གི་ཁང་བའི་ཀླད་ཀྱི་བྱེའུ་ཆུང་འཇོལ་མོ་དམར་ནག་མ་དེ་གཉིས་ཡིན་ཞིང་། དཔྱིད་ཀའི་དུས་སུ་བྱེའུ་ཚང་གི་འཇོག་གནས་བཙལ་ཆེད་བཙན་ཚུགས་ཀྱིས་ཁུང་བུའི་ནང་དུ་འཛུལ་རྗེས་ཕྱིར་འབུད་བྱེད་མ་ཐུབ་པར་འཕག་འཚག་བྱས་དྲགས་པའི་རྐྱེན་གྱིས་ལྔ་ལམ་དུ་ཤོར་བ་དང་། ཅིག་ཤོས་ཀྱིས་ཕྱི་ནས་སྐད་ཅོར་བརྒྱབ་སྟེ་གཤོག་པས་ཁུང་བུའི་ངོས་ལ་རྡེབ་འབྲད་བྱེད་གྱིན་བཙན་གྱིས་འཛུལ་ནས་སྐྱོབ་ཐབས་བྱས་པས་། ཅིག་ཤོས་ཤི་ཡོད་པ་ཤེས་རྗེས་ཕྱིར་འབུད་བྱེད་དགོས་བསམ་ཡང་ཁུང་བུ་ཆུང་དྲགས་པས་མགོ་བོ་ཐུར་དུ་བསྣར་ཏེ།་་་ཀྱེ་འུ་་་་ཀྱེ་འུ་་་ཟེར་བའི་མྱུར་སྐྱོབ་ཀྱི་ཉེན་བརྡ་བརྒྱབ་ཀྱང་སུ་ཞིག་གིས་ཀྱང་སྐྱོབ་པར་མ་ནུས་ལ། ཁོ་བོས་སྔ་མོ་ནས་བྱེའུ་ཞིག་གི་སྐད་སྒྲ་གྲག་པར་སྣང་དོགས་མ་བྱས་པར་བསྡད་པས་བྱེའུ་ཆུང་ཆུང་དེ་ཡང་འཁྲེང་སེམས་ཀྱི་ཀློང་ནས་ཕྱི་མའི་ཡུལ་དུ་ཆས་སོང་ངོ་།།
འཇོལ་མོ་འདི་གཉིས་ཇི་འདྲའི་རླབས་ཆེ་ཞིང་བརྩེ་དུང་ཟབ་པའི་བཟའ་ཟླ་གཉིས་ཡིན་ཞིང་། བརྩེ་བའི་དོན་དུ་རང་སྲོག་བློས་གཏོང་ཐུབ་པའི་སེམས་ཤུགས་རྣལ་མ་ཞིག་ཡོད་པས། ཕན་ཚུན་གྱི་བདེ་སྡུག་སེམས་ཀྱིས་ཚོར་ཞིང་གོ་ནུས་པས་འབྲལ་ཐབས་མེད་པར་ཡངས་པའི་སྤང་དང་ནག་མའི་ཚལ་དུ་འཚོ་སྡོད་བྱས་ཡོད་པར་བསམ་ན་ཇི་འདྲའི་ཡིད་སྐྱོ་བ་ལ་ཨང་། ཁོ་བོ་ཡང་བརྩེ་བའི་དོན་དུ་ཡོད་ཚད་བློས་གཏོང་ཐུབ་སེམས་སྙམ་པའི་དོགས་སློང་གི་རྒྱ་ལས་མ་གྲོལ་བར་ཡོད་སྐད། ཚོར་ཤེས་སྣུམ་པོ་ཞིག་གི་ཁྲོད་ནས་མ་ཎི་དང་། ངན་སོང་སྦྱོང་རྒྱུད་སོགས་རང་གིས་ཤེས་ཚོད་ཀྱིས་ཁོ་གཉིས་ལ་སྐྱེལ་མ་བྱས་ཤིང་། འཇོལ་མོའི་བེམ་རོ་དེ་གཉིས་རང་ཉིད་འདུག་སའི་ཉེ་འཁྲིས་སུ་ས་དོང་བརྐོས་པའི་ནང་ཁོ་གཉིས་འཕྲད་པར་བྱས་ཏེ་དུར་སྦས་བྱས་པ་ཡིན་ལ། རྒྱ་སེ་མེ་ཏོག་རྐང་གཉིས་མདུན་དུ་བཙུགས་ནས་རླབས་ཆེ་བའི་འཇོལ་མོ་ཞིག་གི་བརྩེ་དུང་མཚོན་པར་བྱས་ཡོད་དོ།།
བརྩེ་བ་ནི་རང་གི་ཡོད་ཚད་གཞན་ལ་སྟེར་ཐུབ་པའི་སེམས་ཤུགས་ཁྱད་པར་བ་ཞིག་གམ། གཞན་གྱི་བདེ་སྡུག་ངོ་མ་དེ་སེམས་ཀྱིས་ཚོར་ནས་རང་ཉིད་ཀྱི་སྲོག་ཀྱང་ཕ་རོལ་བའི་དོན་དུ་འདོར་ཐུབ་པའི་གུ་ཡངས་ཀྱི་སེམས་པ་ཞིག་དང་། དུང་བ་ནི་​རང་ཉིད་དགའ་སའི་ཕ་རོལ་བོ་ཞིག་གི་དོན་དུ་ཡོད་ཚད་ཕངས་མེད་དུ་སྟེར་ཐུབ་པའི་སེམས་པ་ཞིག་གམ། དྲན་པའི་རུས་རྐང་ལས་ན་ཟུག་མེ་སྟག་འདྲ་བ་ཚ་ལམ་མེར་བྱུང་ན་དོན་དངོས་སུ་ཁྱོད་རང་ཕ་རོལ་བོ་ཞིག་ལ་དགའ་བའམ་དུང་བ་ཡོད་པའི་དན་རྟགས་བསླུ་མེད་ཡིན་པས། བརྩེ་དུང་ནི་འཇིག་རྟེན་གྱི་ཁམས་འདིར་མེད་དུ་མི་རུང་ཞིང་མེ་ཏོག་བཞིན་བཞད་དགོས་ལ་ཅིས་ཀྱང་ཡོད་དགོས་པའི་ཆོས་ཉིད་ཅིག་ཡིན་པ་ང་ཚོས་ཤེས་དགོས་པའི་ཆེད་དུ་དངོས་བྱུང་གཏམ་རྒྱུད་འདི་བཀོད་པ་ཡིན་ནོ།།

༢༠༢༡་༤་༣༠་ཉིན་གྱི་མཚན་མོར།


༄༅།།བླ་མའི་ནང་གི་བླ་མ།།བླ་མ་བློ་བཟང་གྲགས་པ།།བཤེས་གཉེན་ནང་གི་བཤེས་གཉེན།།བཤེས་གཉེན་སངས་རྒྱས་བཀྲ་ཤིས།།—རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་དགའ་བ་འབུམ་གྱིས་བསུ།༤•༣༠ https://t.cn/R2WxDPj


发布     👍 0 举报 写留言 🖊   
✋热门推荐
  • 2022年公司进入超越期,公司有望基于强大的“端/网/云/平台”综合实力在数字化大潮中开启新一轮成长,预计2022-24年归母净利80.4亿元、93.8亿元、1
  • 第一次看到这截图[偷笑] 惊呆了老铁(原来流传的那些传言都是真的,之前也只是听听,如今有图有真相,不经让人[吐])师兄弟粉 也真的太会了吧[吐]前有qin粉惹事
  • 明白「一心三藏」的道理,它能普摄于一切的万法,而成就各种不同根机的众生。明白「一心三藏」的道理,它能普摄于一切的万法,而成就各种不同根机的众生。
  • 在入手兰蔻大眼精华后,真的感觉眼周肌肤状况改善了很多,反正我自己用下来感觉还是非常nice的~最稀饭的就是它的按摩亮珠,用起来超舒服~ 尤其是按摩眼周附近,能感
  • -✅幸老五面馆这个面馆陪伴了我整个青春,开了20多年~超好吃的小面,以及他们招牌,牛肉、牛筋、肥肠(份量又多,肉质也好)-今天的分享就到这里啦记得关注小金❗️❗
  • 不过从过去一段时间集度 CEO 夏一平在其新浪微博上所做的一些技术和产品讨论来看,集度汽车机器人身上还有很多非常值得期待的悬念。大概一个月后,集度的首款「汽车机
  • 26.对待自己温柔一点,你只不过是宇宙的孩子,与植物、星辰没什么两样。--《全球高考》33.你被安稳地爱着呢,应当有做任何事的勇气。
  • 健#健‮肤康‬课堂# 康❤️2022.03.18圈如‮护何‬肝肝脏是个“哑巴”器官,脂‮肝肪‬人群应该‮么这‬吃每天吃够一斤蔬菜,尤‮多其‬吃深‮蔬色‬菜,如‮
  • 《等待戈多》是戏剧史上真正的革新,也是第一部演出成功的荒诞派戏剧。摒弃传统戏剧的戏剧冲突、悬念,贝克特试图传达的,其实就是一种存在的虚无,关于存在的意义,生命
  • ”台下的学生一愣,随即爆发出热烈的掌声……那一天,接近耳顺之年的超级天才、迄今为止唯一获得图灵奖的科学家姚期智,辞去人人艳羡的美国高等学府的终身教职,决定回到中
  • #就这一刻# 经过了这么久,妹妹还是两颗牙,长牙路漫漫啊,但最起码不再吃啥都撇嘴了,开始吃鸡蛋羹、蒸鱼、馒头、南瓜羹了,而且终于开始爬了,小小的床拦不住她了,一
  • 4、异响噪音的解决对策 针对异响和噪音,在使用罗茨流量计前,首先要对罗茨流量计有基本的认识,尤其是其技术指标,包括流量范围、公称压力、精确度等进行选择,要选择
  • 诗瑶#曹承佑有望出演少年法庭第2季# 【Netflix连一位的《少年法庭》第二季曹承佑有望出演】 《少年法庭》导演洪钟灿通过采访表示:"如果能够制作
  • 在1.3中,依然是通过苏格拉底和色拉叙马霍斯的激烈辩论,苏格拉底点出“正义者是快乐的,而非正义者是痛苦的”我们也可以把这一小节理解为正义的重要性。比如“正义”再
  • 其中不乏一些很激烈的态度:把煤电行业全面推向市场化,现在煤价这么高,发一度电就赔一度,发电企业凭什么要亏本去发这个电?图片我总是鼓励对煤电失去信心的人,也经常给
  • 摆了一个多星期没吃的梨子,下次再也不买要削皮的水果[苦涩]身材焦虑严重到我必须从床上下来看自己马甲线还在不在了[裂开]昨天在食堂买的紫薯椰奶粥,居然是蓝色的,不
  • 微博浅同步一下最近的幸福生活有大半年没有打开过我的微单了,上一次的照片居然还是在玉渊潭看樱花的时候拍的,然后翻到雪天和gyl在操场上拍的照片,当时没有化妆,觉得
  • 就分开半个月,感觉又跟不上10后的节奏深夜不想睡,于是有了下面的对话:麻麻,我想勇敢做自己:嗯…可以啊,你想怎么做自己呢?(虽然震惊这么有自我意识觉醒的话从不到
  • 修狗跟了我一路 聪明伶俐的修狗奖励大鸡腿子一只 希望大家都可以善待善待小狗 我招呼招呼他就一路跟着了 送我直到我车来 可可爱爱的 世界的人心真的是参差不齐的
  • 很多生命中的痛苦,不是吃饱穿暖就可以解决的第二天为了时间好过点,硬是睡到两点腰酸背痛…小有期待地出门做核酸,虽有预期还是被晒到有气说不出的两个钟;大妈们听到红码