དགེ་བཤེས་ཤིག་བཙོན་དུ་ཚུད་ནས་མཐའ་མ་སྲོག་ཐོག་གི་ཉེས་པ་བཏང་སྟེ་མེ་མདའ་རྒྱབ་ལ་ཉེ་བའི་སྐབས་སུ་ཁོང་གིས། དེས་ན་རྗེ་བཙུན་བླ་མ་ཐུགས་རྗེ་ཅན།། མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་ཀུན།། མ་ལུས་ད་ལྟ་བདག་ལ་སྨིན་པ་དང་།། བདག་གི་བདེ་དགེ་གཞན་ལ་བཏང་བ་ཡིས།། འགྲོ་ཀུན་བདེ་དང་ལྡན་པར་བྱིན་གྱིས་རློབས།། ཞེས་པའི་བླ་མ་མཆོད་པའི་ཚིགས་བཅད་དེ་གསུངས་ནས། དེ་རྗེས་མེ་མདའ་བརྒྱབ་ནས་དཀྲོངས་པའི་ལོ་རྒྱུས་ཡོད། ལོ་རྒྱུས་དེ་འདྲ་བ་ཧ་ཅང་མང་པོ་རེད། ལོ་རྒྱུས་དེ་དག་ལ་བརྟེན་ནས་ང་ཚོས་ཅི་ཞིག་ཤེས་དགོས་ཤེ་ན། གནས་བབ་ཐབས་རྡུགས་ཅི་འདྲ་ཞིག་ཏུ་ལྷུང་རུང་། སེམས་ཅན་ཐམས་ཅད་བརྗེད་མི་ཉན་པ་ཞིག་ཡིན་པ་ཤེས་དགོས།

གསུམ་པ། ཟུར་ཚང་མཆོད་ཁང་།
三、苏尔吉佛堂
ཟུར་ཚང་མཆོད་ཁང་ནི་སྐུ་འབུམ་དགོན་པའི་ཉེ་འདབས་ཀྱི་གུང་ཧོ་གྲོང་རྡལ་གྱི་ཟུར་ཚང་སྡེ་བར་ཡོད། ངག་རྒྱུན་དུ། ཟུར་ཚང་ཞེས་བ་ནི་རྗེ་བླ་མའི་ཡབ་ཀླུ་འབུམ་དགེ་ཉིད་དཔོན་པའི་ལས་ཐོག་ལས་བབས་ཏེ་ཡུལ་འདིར་ཟུར་དུ་བཞུགས་པས་“ཟུར་ཚང་”ཞེས་མིང་ཐོགས། མཆོད་ཁང་འདི་རྗེ་བླ་མའི་ཨ་ཅེ་ཡི་ཁྱིམ་གཞིས་དང་རྗེ་བླ་མ་ཉིད་སྐུ་ན་གཞོན་དུས་འདིར་ཐེངས་མང་ཕེབས་པར་བཤད། དེང་གི་ལོ་འགའ་ཡི་སྔོན་གྱི་ངོ་སྤྲོད་རྡོ་རིང་དང་མཚམས་སྦྱོར་ལས་རྗེའི་མ་ཡུམ་གྱི་གཞེས་ཀ་ཡིན་པར་བྲིས་པ་ནི་གསར་བྱུང་གི་གཏམ་ཡིན། སྔོན་མཆོད་ཁང་འདིར་བཞུགས་པའི་མཆོད་རྟེན་རྙིང་བ་ཞིག་ཏུ་རྗེ་བླ་མས་ཡབ་ཀླུ་འབུམ་དགེ་ལ་དབུས་ནས་བསྐུར་བའི་རྗེ་ཚེ་འབུམ་མའི་ཞལ་ཐང་བྱིན་ཅན། རྒྱབ་ངོས་སུ་ཕྱག་ཞབས་ཀྱི་རྗེས་གསལ་བར་ཡོད་པ་ཞིགས་བཞུགས། ཕྱི་ལོ་༡༩༤༠ལོའི་ས་ག་ཟླ་བར་སྐུ་འབུམ་དགོན་གཞུང་ལ་ཕུལ་ཏེ་ད་ལྟ་རྗེ་གསེར་སྡོང་ཆེན་མོར་བཞུགས་སུ་གསོལ་བའོ།།

གཉིས་པ། ཆུ་དཀར་རི་ཁྲོད།
二、静房寺
ཆུ་དཀར་རི་ཁྲོད་ནི་སྐུ་འབུམ་དགོན་པའི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་ལྔའི་མཚམས་ཀྱི་ཆུ་དཀར་ཐང་ལུང་བའི་ཉིན་ངོས་སུ་ཆགས་ཡོད། སྔོན་ཆོས་རྗེ་དོན་གྲུབ་རིན་ཆེན་ཉིད་བླ་མས་ལུང་བསྟན་བཞིན། དབུས་གཙང་ནས་མདོ་སྨད་ཕྱོགས་སུ་ཕེབས་ཏེ་སྐུ་འབུམ་དང་ཐག་མི་རིང་བའི་གནས་ཆུ་དཀར་རི་ཁྲོད་འདིར་སྒྲུབ་པ་ཉམས་ལེན་ལ་བཞུགས་སྐབས། རྨི་ལམ་དུ་དཔལ་རྡོ་རྗེ་འཇིགས་བྱེད་དང་མཇལ་ཏེ་“རྒྱུན་དུ་ཞལ་ཡང་ཡང་བསྟན་དུ་གསོལ་”ཞེས་གསོལ་བ་བཏབ་པར། “སང་ཕོད་ད་ཙམ་ལ་ལུང་བ་འདིའི་མདའ་རུ་མཇལ་ཡོང་། དེ་བར་དུ་བདེ་བར་གྱིས་”ཞེས་གསུངས་པ་ལྟར། ལོ་རྗེས་མར་རྗེ་ཙོང་ཁ་བ་མཆོག་སྐུ་བལྟམས་པ་མངོན་ཤེས་ཀྱིས་གཟིགས་ཏེ་རྟེན་འབྲེལ་བསྒྲིག་པར་དགོངས་ནས། གསོལ་རས་དང་བདུད་རྩི་བསྲེས་པའི་རིལ་བུ། སྲུང་མདུད། རྡོ་རྗེ་འཇིགས་བྱེད་ཀྱི་བྲིས་སྐུ་བྱིན་རླབས་ཅན། བུ་ཆུང་སྐྱོང་ལུགས་ཀྱི་ཡི་གེ་བཅས་ཡབ་ཡུམ་གཉིས་ལ་བསྐུར། དགུང་ལོ་གསུམ་གྱི་ཚེ་ཡབ་ཡུམ་གཉིས་ཀྱིས་ཆོས་རྗེ་མཆོག་གདན་དྲངས་ནས་བསྙེན་བཀུར་མཛད་དེ་བུ་ཆུང་བླ་མ་ལ་ཕུལ། བཤད་རྒྱུན་ལ། ད་ལྟ་ཡང་སྒྲུབ་ཕུག་གི་ངོས་སུ་ཕྱག་རྗེས་ཤིག་ཡོད་པ་དེ། རྗེ་ཙོང་ཁ་པ་མཆོག་སྐུ་འཁྲུངས་དུས་ས་རྣམ་པ་དྲུག་ཏུ་གཡོས་ཏེ་སྒྲུབ་ཁང་ཡོམ་ཡོམ་དུ་འགུལ་བ་ན། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་སྒྲུབ་ཁང་གི་བྲག་གྱེན་དུ་བཏེགས་པའི་ཕྱག་ཤུལ་ཡིན་པར་བཤད། ཕྱིས་སུ་དམ་པ་མང་པོ་བཞུགས་ཏེ་རིམ་གྱིས་སྒྲུབ་སྟེ་ཆགས་སོ།།


发布     👍 0 举报 写留言 🖊   
✋热门推荐
  • 一切都要靠自己去打理,别指望身边人,心里憋闷了,就多做深呼吸,出门去溜达,自己给自己梳理好情绪,这痛那痛不舒服,日常备好食物和药,充饥,服药,然后躺着等复活,有
  • 我爱的男孩 1999年9月21号出生在重庆九龙坡 现就读于北京电影学院 他的英文名是karry 他的粉丝名是小螃蟹 应援色是蓝色 他喜欢西瓜 他喜欢吃重庆小面
  • 心,是可以沉入到另一个世界的,凝听来自另一个生命的呢喃低语,于是,所有的负累,所有的纷争,在此时此刻,开始了阔别,然而,我却在书页的字里行间,变换了不同的角
  • 我也知道,祖国意味着什么,但我也明白,今天祖国又意味着什么:杀人和奴役!离开了人类就没有我的祖国,我没有杀人的虚荣心,我什么都知道,保拉,我跟你一样,对一切都看
  • 这个舞蹈里有一幕镜头被网友热议,更是表示跳舞的程潇比任何时候的程潇都要闪闪发光。如果没有,你们真的会错过一支惊艳的国风舞。
  • #杭州滨江租房[超话]#(地铁7号线)【龙湖天玺】地铁口零距离,采光一级棒,方便晾晒! 以下为视频图片: #杭州租房滨江区[超话]#(地铁7号线)【龙湖天玺】地
  • 本次大赛共19支队伍,参赛总人数达200余人,与我校同在本科校园组的有湖南工商大学、长沙师范学院、湖南中医药大学等传统强队,我校女篮队的同学们不畏强手,顽强拼搏
  • #光遇陪玩[超话]# 避雷 对这种人真的没话说 我问那么多次是想要一个解决办法而不是一个表情包敷衍过去 知道团长都很忙 也不至于那么多天 天天都在朋友圈派单 不
  • 黄小琥在《重来》这首歌里唱: " 如果能重来,成熟地去对待,彼此都没疑猜,就没有理由分开,如果能重来,回忆当作尘埃,心不曾被伤害,就能无瑕疵地爱,但是
  • 【套装内容】kureha娃娃主体,发饰丝带,衬衫,蝴蝶结,束腹裙子,丝袜,文胸,女子底裤,小挎包,踝带鞋,磁铁底座(圆盘型) 头部:采用软塑料材质的头部配假发
  • 他们是公益岗位人员,领头的听说是给我们工作队搬家,一讲来了六七个人,大家都很给力,我反而不好意思了。忙活一天,我们请几位辛苦的大叔婶子吃了饭,可他们却觉得不好意
  • 【#河北磁县回应农民春耕办不了通行证#:全县静默,目前还不能办】#不让农民下地影响国家粮食安全大局# 抗疫重要,种地也很重要,民以食为天,一刀切不让种地,实在
  • 最近我的皮肤状态大家是有目共睹的吧真的没想到哺乳期熬夜养娃还能有这种状态……怀孕前我就用的1.0滋润版的,现在升级了毫不犹豫入的新版的轻盈版。我比较喜欢晚上用它
  • 每逢周末都是我最头痛心疼的[泪]究竟我哪里错了呢?这是打情骂俏!这是王与骑士!这是十指相扣!这是笨蛋情侣!这是刀与刀鞘!这是遇见就花光了所有运气!这是好啦快张嘴
  • 寒假末班车 一些碎片情人节自己买了花花 和(我的好闺蜜zi)去看了场电影 呜呜呜第一次看电影踩雷了…喝到了心心念念的喜小茶 真的很不擦 送了的弟弟上学 梦回高中
  • 随着90、95后成为奶粉市场的消费主体,其对产品的包装越发看重,尼尔森数据显示,70%的Z世代都有颜控倾向,因此好看的奶粉罐更能让消费者第一时间进行选择从而提升
  • 每天像极了一个操碎了心的老母亲,一会儿担心签到怎么又少了,一会儿担心互动量怎么上不去,下周金超稳了没有[二哈]就是说某室和某会能不能支棱支棱,那些什么热搜啊,词
  • 我们是摆龙门阵的高手,我们是爱唱歌的麦霸,我们是热爱舞蹈的小仙女……哈哈,我们就是这样一群可爱的人,如果你也愿意为未来挥泪撒汗,统统都跟我们走!我们是摆龙门阵的
  • #热带宇林[超话]#这是偏意识流的极速短打之前的他的最爱不是我 有在码字只是需要比较久的时间一开始只想搞个上中下 可是后来发现假如真的要讲述完 可能要搞个长篇
  • 『记2022年11月18日』在平常的一天不上班竟然可以做那么多事情一起去中医院看病光影总能带给我平静也总会被我看见虽然我们错过了下午三点的阳光也错过了铺满落叶的