བདག་གཞན་ཐོག་མེད་དུས་ནས་ད་ལྟའི་བར། །
自他无始时迄今
འཁྲུལ་བའི་དབང་གིས་སྡིག་ལྟུང་གང་བགྱིས་པ། །
迷乱所牵造堕罪
ལྷ་མཆོག་ཁྱེད་ཀྱི་སྤྱན་སྔར་མཐོལ་ལོ་བཤགས། །
胜尊您前发露忏
སྒྲིབ་མེད་དག་ཅིང་ཚངས་པའི་མཆོག་སྩོལ་ཅིག །
祈赐无障普清净
རྡོ་རྗེ་སེམས་པའི་སྙིང་སྔགས་ནི།
ཨོཾ་བཛྲ་ས་ཏྭ་ཧཱུྃཿ
金刚萨埵心咒:嗡班匝儿萨埵吽~

བླ་མ་རྩེད་ཆས་མ་བྱེད།

མི་དགའ་སྡང་བས་ཡིན་ཟེར་ན།།
ཅི་བྱ་ཅི་བྱེད་ཁྱེད་ཅག་ཤེས།།
སྙིང་ནས་དད་པའི་སེམས་ཡོད་ན།།
འབྱོན་བཞུགས་ཀུན་ལ་ཉེས་ཆེན་ལྟར།།

ལྐོག་ནས་པར་བརྙན་བླངས་བྱས་ཏེ།།
ཆགས་སྡང་མོད་པའི་དྲྭ་སྟེང་དུ།།
ཅི་འབྱུང་གང་ཤར་མི་སྤེལ་བར།།
བླ་མའི་ཐུགས་དགོངས་བསྒྲུབ་པ་གནད།།

གསང་གསུམ་མཛད་པར་དགའ་ཟེར་བཞིན།།
བླ་མས་རྩེད་ཆས་བྱེད་པ་འདི།།
དྲིན་ཆེན་དྲིན་ལ་དྲིན་ལོག་དང་།།
གཡང་ལྷ་རྡོ་བརྡུང་བྱས་དང་མཚུངས།།

དེའི་ཕྱིར་དྲན་དང་ཤེས་བཞིན་ངང་།།
ལེགས་ཉེས་བླང་དོར་ཤེས་བྱས་ཏེ།།
བྱམས་བརྩེའི་གཏེར་མངའ་བདག་གི་མགོན།།
ལྷིངས་འཇགས་ངང་ནས་བཞུགས་སུ་ཆུག།

བླ་མར་དད་སྐད་ཀྱི་མི་འགའི་བྱ་སྤྱོད་ལ་སུན་བཞིན་གུ་རུ་ཉི་མས། 2024

5 15

ཀུན་སྒྲོལ་གླིང་དུ་ཁྱི་གཉིས་ཡོད། གཅིག་གི་མིང་ལ་པིས་བུར་ཟེར་དབྱིན་སྐད་ཀྱི་མིང་ཞིག་རེད། ནང་དོན་སྐབས་གཞན་ནས་དགོས་པ་ཡིད་ན་བཤད་ཆོག། གཅིག་གི་མིང་ལ་ལོ་མ་ཟེར་བོད་མིང་རེད། ངས་ཁོང་ལ་བཏགས་པ་ཡིན། ཁོང་གཉིས་ཀྱི་ལས་ཀ་གཙོ་ནི་བསྐལ་བཟང་ཟླ་བ་ངེད་གཉིས་ཆོས་ཚོགས་ནང་ཕར་ཚུར་གང་དུ་བྱིན་ན་ངེད་གཉིས་མཉམ་དུ་རྒྱུགས་འདུར་བྱེད་རྒྱུ་དང་། མགྲོན་པོ་སུ་ཡོང་ན་རྔ་མ་གཡུག་གཡུག་བྱེད་ནས་དགའ་བསུ་བྱེད་རྒྱུ་གཙོ་བོ་དང་། གཞན་སྲོག་ཆགས་དུག་ཅན་ཉེ་འཁོར་ལ་ཡོང་ན་སྲུང་སྐྱོབས་བྱེད་རྒྱུ་དེ་དག་ནི་རྒྱུན་ལྡན་གྱི་ལས་དཀའ་འདྲ་བོ་རེད། ཡིན་ཡང་མཆོད་མཇལ་བ་དང་མགྲོན་པོ་གསར་བའི་ནང་གྱོན་ཆས་ནང་ལ་ཕ་ཐུང་དང་རྐང་ནམ་སུག་ཐུང་ཅན་སྦག་སྦག་ཞོན་ནས་རྒྱབ་ཁུག་ཁུར་ནས་ཡོང་མཁན་ཡོད་དེ་ཚོ་ལ་མི་དགའ་བའི་རྣམ་འགྱུར་ངང་ཟུག་སྐད་བརྒྱག་ལ། ངར་ལིང་ནས་སོ་འཐམ་ལ་ཁད་ཡང་བྱེད་སྲིད། དེ་མིན་ལུས་གཟུགས་མཛེས་ལ། གྱོན་ཆས་སོགས་ཡ་རབས་དང་མཛེས་སྤྲས་ཅན་ཚོར་ལྷག་ཏུ་དགའ་བསུ་བཞིན་འདུག། ཅུང་ངོ་ཤེས་ནས་འདྲེས་སོང་ན་མཉམ་དུ་རྩེ་མོ་རྩེ་བ་ནི་ཆེས་སྤྲོ་ཤོས་རེད། ལོ་མ་དང་ཐོག་མི་གཞན་ཞིག་གི་ཀུན་སྒྲོལ་ཆོས་ཚོགས་ཀྱི་སྒོ་ཁ་ན་བཞག་འདུག།

(2) སྐབས་དེར་ལུས་ཉམས་ཆུང་ལ་རུས་ཁོག་རྐྱང་གཟུགས་ཙམ་མི་འདུག། ཕོ་ལྟོག་ནས་ལུས་འཁྱལ་འཁྱོར་གྱི་གོམས་འགའ་སྤ྄ོས་རྗེས་སུག་བཞིའི་ཤད་ཀྱིས་མི་ལྕོག་པར་ས་ལ་འགྱེལ་བཞིན་འདུག། བདག་པོ་སུ་ཡིན་མི་ཤེས་མོད་ངོ་མ་སྙིང་རྗེས་ཚོར་བ་ཤ་ཟུག་ན་སླེབས་སོང་།

ཉིན་དེའི་དགུང་མོ་ནས་ངེད་གཉིས་མཁའ་འགྲོ་གསང་བ་ཡེ་ཤེས་ཀྱི་སྒོ་ནས་ཟླ་མཚམས་ཞིག་བསྡད་པ་ཡིན། མཚམས་གཡོག་ཚོས་ཉི་མ་རེ་ལ་ངེད་གཉིས་ལ་ཟས་བསྐྱེལ་ཡོང་སྐབས་ཁྱི་ཆུ་ལོ་ཡང་རྐང་གསུམ་འཁོར་ལོའི་ནང་མ་མཉམ་དུ་ཡོང་བཞིན་འདུག། ཟླ་མཚམས་གྲོལ་རྗེས་ལོ་མ་ཆེས་ཕྱིན་ནས་ལུས་གཟུགས་མཛེས་ལ་ཤུགས་རྩལ་ལྡན་ཞིང་རྩེད་མོ་རོལ་བཞིན་འདུག། དེ་རྗེས་ངེད་ཅག་མཉམ་དུ་ཀུན་སྒྲོལ་གླིང་དུ་གནས་ལ་ཚང་བ་དགའ་བའི་ཁྱི་ཞིག་གོ།

—- རྨེའུ་མཐོང་གྲོལ་རྒྱ་མཚོ།
༢༠༢༤/༠༦/༡༥

禅修中心的小狗平时特别喜欢玩,我在转禅修中心内部,安心坐着,后来格桑去山边打坐完后来了,我的小狗特别开心着玩的不停,哈哈哈哈 #佛法看世界##泰国根珠林禅修中心##佛教##智慧人生##泰国旅行##人生智慧#


发布     👍 0 举报 写留言 🖊   
✋热门推荐
  • 每个人都以为自己活着就可以了,可是对很多人来说,自己活着能去浪费别人的时间,也能耽误自己的价值,很多时候我们的每个不注意,能把自己的出现耽误别人的思维,能把自己
  • 去年在一起的时候既是中秋节也是国庆节所以每年的中秋和国庆 都意义深刻呢[太开心] ​​​昨天和妈妈一起去看了姥姥晚上在家吃了团圆饭海鲜宴表哥买了新鲜闸蟹 飞
  • 你们的哭戏很有感染力,尤其是亲情线和大结局时的最后四集,非常感谢你们的出演啊!(可以说是很悲催了)剧中所有的父母都很爱自己的孩子,照顾、陪伴着他们,让他们活出自
  • #First种草记# 新品分享[打call]DONKEY MILK MOISTURIZING TONER PAD,新推出的驴奶保湿TONER PAD[抱一抱][
  • 不要辜负了这良辰美景,此时此刻,唯有月亮才是我的知音,渴望乘风归去,在明净的月宫里,把横笛吹得响彻云霄,唤起人们对美好境界的追求和向往。在月宫的琼楼玉宇上,仙女
  • #Beyong乐队# 《BEYOND正传3.0:1983-2013》 Beyond,一支成立于弹丸之地的乐队,从一无所有,到红遍整个华人社会,他们经历了怎样的风
  • #每日一善[超话]##阳光信用# 己心温暖,则世间温暖,活出好心态。己心妩媚,则世间妩媚,悟透真意境。宁愿跑起来被拌倒无数次,也不愿规规矩矩走一辈子。就算跌倒
  • 今天我又在停车场看到了它,它还认得我,带我走到了一扇门前示意让我打开,打开了之后一只骨瘦如柴的小白猫冲了出来,似乎被关了好久。本来我是想着小橘会带着它生存的吧,
  • 作为江汽集团旗下独立的商务车品牌,瑞风汽车脱颖而出成为此次会议的接待专车,以标杆式的产品体验为会议提供了全方位的用车服务,并赢得了参会嘉宾一致好评。本次会议的宗
  • #大湾区中秋电影音乐晚会# 大湾区的节目质量真的高,老牌艺人看的人泪目,中间穿插的电影片段真的戳人内心,和朋友讨论了一下,朋友说:“是不是因为咱们“老了”才会越
  • 奇瑞新能源大蚂蚁前后双备箱设计,全车28处储物空间,后备箱容积高达1250L,帐篷、天幕、食物盒、露营椅……你想怎么装,就能怎么装。五种行驶模式包括运动,道路,
  • 有的时候不禁感慨,TXT有这样一个优秀的不得了的大哥真的是一件又威风又骄傲的事情,虽然作为大哥,作为所谓的“黑传练”“4th GEN IT BOY”是一件很累又
  • “如”你温暖, “约”定此生。遇见你就是一辈子的事陪你见证更多的美好#刘宇宁国子监来了个女弟子主题曲mv# /#刘宇宁WMF品牌代言人# /#爱豆V力量# /❤
  • 她出演的角色,也从以往单纯的美,开始往知性的美过度。在即将播出的《精英律师icon》中,高圆圆就扮演了一名在男人众多的律师界里,敢于破局的女律师。
  • #悠塔[超话]##咨询➕V:TG19970326# 热乎乎的美白饮4个月白的也太太太明显了好么美白饮一天1-2瓶喝了4个月妥妥的从黑红黑红的逆袭冷白皮化妆都好通
  • 有想象力和有创意的人都很会听歌,这个世界太需要感情和创意了,听歌也不能少,若是不能在听歌的时候有所想象,那我会感觉歌声是聒噪多余的,我需要想象和创意,让歌更加丰
  • 成毅与君歌 成毅齐焱@成毅#孟鹤堂周九良[超话]#两个人之间已经可以不顾忌所谓的“社交”想说话就说,想说什么都可以~一方不会担心另一个人会不开心或者多心一方不会
  • 特别是体现个人价值的事件的总是得不到顺人心的结果,事件接踵而至的来击败受影响的朋友对自我价值的追求。也通过朋友们的倾诉,有种心疼的感觉,只希望对你们感受的总结发
  • 开始,益民菜市按照超市化模式进行装修、布局;去年1月,开在社区居民“家门口”的首家益民菜市社区mini店正式运营;去年12月,方便上班族将“新鲜”带回家,“益民
  • #每日一善[超话]##阳光信用##每日一善# 【指路互动,勿带/hui,不吞必hui,只互较好及以上】助人为乐是社会主义人道主义的基本要求,我国自古就有“君子成