威力过于高强者,
此乃送命之前行, 
沙场之上死亡者,
多半皆为强力士。

萨迦格言
ཧ་ཅང་མཐུ་རྩལ་ཆེ་དྲགས་ན།།
ལྕེབ་པའི་སྟ་གོན་བྱེད་པ་ཡིན།།
གཡུལ་དུ་བསད་པ་ཕལ་མོ་ཆེ།།
མཐུ་རྩལ་ཅན་ལ་བྱུང་བ་མང་།།

ས་སྐྱ་ལེགས་བཤད།

གཞན་གྱིས་ཅི་ཟེར་དང་ཅི་བསམ་ལ་མ་ལྟོས་པར་རང་ཉིད་སྔར་བཞིན་ལྷག་བསམ་རྣམ་དག་གིས་འཚོ་ན། དེ་ཡང་རང་གཞན་གཉིས་ཕན་གྱི་འཚོ་སྟངས་ཤིག་ཏུ་སེམས། དུས་ནམ་གྱི་ཚེའང་ལྷག་བསམ་གཙང་མ་ཞིག་ནི་ཆེས་གལ་ཆེ་ཤོས་ཤིག་རེད་འདོད་ཀྱིན་ཡོད།

མི་རྣམས་རེ་བའི་ཀློང་དུ་འཚོ་བ་ནི་ཆེས་མཚར་སྡུག་གི་དུས་སྐབས་ཤིག་ལ་ངོས་བཟུང་ན་ཆོག་གམ་སྙམ།

ང་རང་ད་ལྟའི་དུས་ཚོད་འདིིའི་མཁའ་དབུགས་དང་བརླན་གཤེར།

སྐྱེ་དངོས་ཀྱི་ཚེ་སྲོག་ཕྲ་མོ།

ཉི་འོད་ཀྱི་ཟེར་དྲོད།

བསིལ་རླུང་འཇམ་པོ།

སོས་མདངས་རྒྱས་པའི་རི་ལུང་དང་ཆུ་བོ་སོགས་ན་ཚོད་སྨིན་འགྱུར་གྱི་སྐྱེ་དངོས་ཆོས་ཉིད་ཀྱི་བསྐྱེད་འཕེལ་གོ་རིམ་འདི་ཁོ་ན།

ལོ་རེའི་ནང་དུ་དུས་སྐབས་གཅིག་ལས་མི་འབྱུང་བས། ཚེ་སྲོག་གི་དཔལ་འབར་ཞིང་རེ་བཞག་གི་སྤོབས་པ་དང་ལྡན་པ་ཞིག་མ་ཡིན་ནམ།



ང་ཚོའི་ལུང་སྐད་དུ་མེ་ཏོག་“སྔ་འམ་འཕྱི་”ཡང་ན་“སྔ་ལམ་སྐྱེས་”ཟེར་མོད།

“སྔོན་ལ་སྐྱེས་”ཞེས་པ་སྒྲ་མ་དག་པར་ནོར་བ་རྒྱུན་འབྱམས་སུ་གྱུར་བ་ཡིན་ནམ་སྙམ།

མེ་ཏོག་འདི་སྐྱེ་དངོས་ཕྲ་མོའི་ཚེ་སྲོག་དང་མཉམ་དུ་སྐྱེས་ཤིང་ཧ་ཅང་བཞད་སྔ་བ་ཞིག་ཡིན་པས་སོ། །

ལམ་འགྲམ་དག་ཏུ་སྐྱེ་ཥེའི*་སྡོང་ཕྲན་དག་ལས་འཐུལ་ཡོང་བའི་བསུང་ཞིམ་དག་གིས་མི་སེམས་སུ་ཟད་མེད་ཀྱི་མྱོང་བ་གསར་པ་དང་མཛེས་རྟོག་གི་འཆར་སྒོ་ཡིད་དུ་འོང་པ་རེ་ངང་གིས་སྐྱེ། དེ་བས་དུས་ཚིགས་འདི་ནི་ཐོན་འགྱུར་གྱི་དབྱར་ཟླ་མགོ་མར་ཕེབས་བསུ་བྱེད་པར་རེ་བས་བརྟས་ཤིང་། ཡོད་ཚད་ལ་མཚར་སྡུག་གིས་ཕྱུག་པ་ཞིག་རེད་ཨང་།



ཕ་ཁྱིམ་དུ་འཐེན་པའི་རི་ལམ་ཀྱག་ཀྱོག་འདི་བརྒྱུད་དུས།

དྲན་པའི་སྣུམ་བག་གིས་ཟིན་པའི་བྱིས་དུས་ཀྱི་ལོ་དང་ཟླ་བ། ཞག་དང་རྨི་ལམ་སོགས་ཡིད་ལ་ལྷང་ངེར་འཁོར་བྱུང་། དུས་ཚོད་ཀྱི་བྱབས་ཁྲུས་ལ་ཞུགས་པའི་ཕ་ཡུལ་གྱི་ངོ་གདོང་ནི་སྔར་ལྟར་ཞི་ཞིང་འཇགས་ལ་སྙིང་དུ་སྡུག

འགྱུར་བག་རྒོད་པོའི་རླུང་གིས་འཁུར་གྱིན་པ་ནི་རང་ཉིད་དེ།

འཁྲུལ་སྣང་གི་རྫབ་རྫོབ་ལས་ཡོད་ཚད་དུས་ཚོད་ལ་ཤོར་སོང་བའི་ཕང་སེམས་ལྷག་མ་རེ་ཡང་སྐྱེ་མི་འོང་ངམ།

ཨ་མ་ལགས་ཀྱིས་སྲོས་པའི་གོ་ཁ་འདི་ཁོ་ན་ཚེ་སྲོག་གི་སྨུག་སྨུག་གོ། །

ཡུལ་འདིིའི་སྐྱེ་ཁམས་ཁོར་ཡུག་ནི་དབྱར་དགུན་གྱི་དུས་ཚིགས་མངོན་པར་གསལ་ལ།

མཚོ་འཕགས3100–3200ཡས་ཀྱི་མཚམས་སུ་གནས་ཡོད་པས་བོད་ཟླ་ལྔ་པ་དང་དྲུག་པ་ནི་ལོ་རེའི་ཆེས་རྫོགས་ལྡན་གྱི་དུས་ཚིགས་ཡིན།

མཁའ་དབུགས་གཙང་ཞིང་གྲོང་ཁྱེར་དང་བར་ཐག་གིས་ཆོད་པས།

འུར་ཟིང་དང་འབག་བཙོག་ལས་རིང་དུ་གྱེས་ཤིང་།

གནམ་སྔོན་ཐང་ལ་བརྡལ་ཞིང་གཡུ་ཞུན་བླུགས་འདྲའི་སྣོད་བཅུད་དཔལ་ཡོན་གྱི་རུ་མ་ལྟེམས་མེར་ལྡེམ། སྐྱེ་དངོས་ཁྲི་སྟོང་མང་པོའི་ཚེ་སྲོག་གི་འཚར་བསྐྱེད་དང་འཆམ་མཐུན་གྱི་འཚོ་བའི་ཞིང་ཁམས་སུ་བརྗོད་ན་ཐལ་མི་ཆེའོ། །

____ རེ་ཀི

____ * སྐྱེ་ཥེ་ནི་ང་ཚོའི་ཕ་ཡུལ་དུ་སྐྱེས་པའི་སྐྱེ་དངོས་ཤིག་སྟེ་ལོ་མ་ཕྲ་ལ་མེ་ཏོག་གློ་ཁྲ་དང་སྔོ་ཁྲ་ཡོད་པ་ཞིག


发布     👍 0 举报 写留言 🖊   
✋热门推荐
  • 很多事情,即使你许诺的时候认为能够办到,但是很可能情况发生了变化,你到后来什么都办不到了,别人还指望着你的帮助。即使没有这个想法,如果一个人总是用这样的小事情去
  • 高质量的朋友圈文案1.热情有限爱要及时2.晚风声声呼唤我清醒3.遇见记得给我买束花4.温柔迷人且落落大方5.不要预支明天的烦恼6.不做任何人的第二选择7.出门不
  • 该案被告人收集废弃油脂加料熬制火锅底油销售给顾客食用,属于在生产、销售的食品中掺入有毒、有害物质,且生产、销售时间长、数量大,生产、销售金额巨大,应当认定为《中
  • 人到暮年,以一个不一样的视角,辛波斯卡思考了关于梦境、回忆、迷宫,青春、生活、自然, 总会有一个人,看你写过的所有状态,读完你写的所有微博,听着你听的歌,相约一
  • #王者荣耀铠[超话]#为了庆祝铠子哥上任,也为了庆祝我成为了铠铠吹后援会,以后请叫我胖援谢谢[酷],铠子哥的胖援来搞一个抽奖了[赞](之前因为我真的憨憨的原因搞
  • 从这可以看出,这一批90后面临的压力有多大,而且下一批的重点劳动力还是得靠这些人,不知道你们有没有关注过工地哪些技术工种,全部都是70后占据大多数,而且这些技术
  • 风热型鼻炎特点:鼻流黄浊脓涕当肺里面有了热,它就变得像炼丹炉一样,会把津液炼化的黏黏稠稠,所以你一看,流出的是黄浊涕,你就知道,要用清热解毒的思路。第二部分:苍
  • 今天休息和小胡见面了 他一直打游戏不理我给我气半死 我不理他他就一口一个宝贝叫 乖乖收起手机和我说话 晚上一起吃了牛肉火锅 这家真的好好吃哦我好爱 吃完饭散步路
  • 【来囤一点】袋鼠医生医用一次性口罩官方价格:【6.9】元/包,不包邮趣评测上新价:【19.9】元/10包(非偏远地区包邮)购买链接:■或直接进入微店趣评测商城,
  • 飘雪、热咖啡、礼物,还有见面8愿望清单中,你是我最想要的未来·•┈┈┈┈•·9世上本无圣诞老人,所有礼物与惊喜都来自爱你的人10全世界都在祝你圣诞快乐,你可一定
  • #种草花花万物##微博小店##周五优选日#❗ ❗ 随时发红包群❗❗进群不要等没券了就只有后悔了哦! #种草花花万物##微博小店##周五优选日#❗ ❗ 随时
  • 通过奇门遁甲起卦测算,结果分析如下:1、在奇门局中,日干和时干都为丁,代表你和你所问的这件事,落巽宫属木,丁下临庚,庚为阻碍之神,说明这个事情办起来并不容易,下
  • 翻身后仰投篮,杜兰特19投10中(他只要翻身就不用后仰了,出手点在那儿搁着呢);德罗赞37投21中,勒布朗38投19中。78%的罚球率,生涯最高。
  • #盐城商业报告# #盐城城建发布# ©️开发区月日,全市高质量发展项目观摩推进会在盐城经济技术开发区举行 先后观摩了动力电池、天合电池、润阳光伏研究院、百佳
  • [害羞],一蹦一蹦的实验人[跪了]烤玉米,跟我家煮的一个味道那么大茶pai+a萨姆听说红酒味道很好喝,我[费解]在食堂吃出了在家吃饺子的感觉好好ci的布丁[亲亲
  • 直观的看这部电影看到的是两个人莫名其妙的相爱到分开,细究深层次意义,他们的抛出给对方的橄榄枝,他们相爱以后的各种开心快乐,暗恋时的小心翼翼,都像是遇到爱情时候的
  • 可能这也是我爱做梦的原因吧,很多人羡慕我只要一睡觉就能做梦,羡慕我在另一个世界也有不一样的生活,我何曾不想要那样的人生呢?我总说我的爱是没人要的垃圾,其实也不
  • 高德打车免佣联盟双旦上线“流水保底”计划 让司机跑车更安心今日,记者从高德打车免佣联盟获悉,为了更好的保障大家在圣诞节和元旦节期间的出行需求,高德打车免佣联盟
  • 那就来啊——凯~” 【图片来自半赤木老师约稿】一路上弄丢了很多东西,比如肆意哭笑的能力,比如那些简单又能让你充实的东西,再比如曾经并肩同行的人。直至合籍大典,本
  • 看完搁置在文件夹里很久的众人眼里的老好片子要洗澡了这又可以看出我对伤口一点概念也没有了舍友说要帮我洗头,还说洗澡要把手捆好,别沾上一点水我早忘了,抛之脑后等到要