བོད་ཀྱི་སྐད་ཡིག་གི་རིན་ཐང་།
ས་མཐའི་སྐྱོ་གླུ།
གསེར་ནག་ཕ་བང་སྟ་རེས་གཤགས་ནས།།
གོང་ཚོད་བརྒྱབ་ཀྱང་ཁུག་ཐབས་མེད་པའི།།
དབྱངས་གསལ་སོ་བཞིའི་མེས་པོའི་ཕ་ཡིག།
དེང་སང་གད་སྙིགས་གསེབ་ཀྱི་འབུ་རེད།།
ཉི་ཟླའི་དཀྱིལ་འཁོར་ཐང་ལ་ཕབ་ནས།།
འོད་རིས་བརྩེགས་ཀྱང་གསལ་ནུས་མིན་པའི།།
བཀའ་བསྟན་གསེར་གྱི་མེས་པོའི་མ་ཡིག།
དེང་སང་ཕྱི་གླིང་འཚོང་པའི་ཟོག་རེད།།
བསམ་འཕེལ་ནོར་བུའི་བང་མཛོད་གཏོར་ནས།།
རིན་གོང་སྒྲིག་ཀྱང་ཉོ་ཐབས་མེད་པའི།།
པུ་རྒྱལ་བཙན་པོའི་རིགས་ཀྱི་མ་སྐད།།
དེང་སང་སྤྲང་པོའི་ལུས་ཀྱི་ཤིག་རེད།།
བེ་རི་འཇིགས་མེད་ཀྱིས། ༢༠༡༥/༡༡/༢༥/
ས་མཐའི་སྐྱོ་གླུ།
གསེར་ནག་ཕ་བང་སྟ་རེས་གཤགས་ནས།།
གོང་ཚོད་བརྒྱབ་ཀྱང་ཁུག་ཐབས་མེད་པའི།།
དབྱངས་གསལ་སོ་བཞིའི་མེས་པོའི་ཕ་ཡིག།
དེང་སང་གད་སྙིགས་གསེབ་ཀྱི་འབུ་རེད།།
ཉི་ཟླའི་དཀྱིལ་འཁོར་ཐང་ལ་ཕབ་ནས།།
འོད་རིས་བརྩེགས་ཀྱང་གསལ་ནུས་མིན་པའི།།
བཀའ་བསྟན་གསེར་གྱི་མེས་པོའི་མ་ཡིག།
དེང་སང་ཕྱི་གླིང་འཚོང་པའི་ཟོག་རེད།།
བསམ་འཕེལ་ནོར་བུའི་བང་མཛོད་གཏོར་ནས།།
རིན་གོང་སྒྲིག་ཀྱང་ཉོ་ཐབས་མེད་པའི།།
པུ་རྒྱལ་བཙན་པོའི་རིགས་ཀྱི་མ་སྐད།།
དེང་སང་སྤྲང་པོའི་ལུས་ཀྱི་ཤིག་རེད།།
བེ་རི་འཇིགས་མེད་ཀྱིས། ༢༠༡༥/༡༡/༢༥/
འཛིན་ཆགས་སེམས་ཀྱི་འཆར་སྒོ་མ་འགག་བར།།
བདེ་སྡུག་མ་ངེས་ལས་ལ་ཟད་དུས་མེད།།
ནམ་ཞིག་སེམས་ཀྱི་གནས་ལུགས་མཐོང་བའི་ཚེ།།
བློ་བདེ་ཉི་མ་ཁོང་ནས་འཆར་བ་དང་།།
རེ་དོགས་འཁྲུལ་བའི་མུན་ཁུང་བརྡིབ་པར་འགྱུར།།[鲜花]
བདེ་སྡུག་མ་ངེས་ལས་ལ་ཟད་དུས་མེད།།
ནམ་ཞིག་སེམས་ཀྱི་གནས་ལུགས་མཐོང་བའི་ཚེ།།
བློ་བདེ་ཉི་མ་ཁོང་ནས་འཆར་བ་དང་།།
རེ་དོགས་འཁྲུལ་བའི་མུན་ཁུང་བརྡིབ་པར་འགྱུར།།[鲜花]
ཉི་ཟླ་གླིང་བཞིའི་ཁྲོད་ནས་རྒྱུ་བ་དང་། །
རི་དབང་ཆུ་གཏེར་གོས་དང་མ་བྲལ་བར། །
ཁོར་ཡུག་ས་འཛིན་གནས་པ་དེ་སྲིད་དུ། །
བདག་གི་བླ་མའི་ཞབས་པད་བརྟན་གྱུར་ཅིག །[鲜花]
རི་དབང་ཆུ་གཏེར་གོས་དང་མ་བྲལ་བར། །
ཁོར་ཡུག་ས་འཛིན་གནས་པ་དེ་སྲིད་དུ། །
བདག་གི་བླ་མའི་ཞབས་པད་བརྟན་གྱུར་ཅིག །[鲜花]
✋热门推荐