ཟླ་བ་འདི་ནི་བདག་ཅག་གི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་བལྟམས་པ་དང་སངས་རྒྱས་པ་དང་མྱ་ངན་འདས་པའི་དུས་ཆེན་སུམ་འཛོམས་ཡིན་པས་རྗེས་འཇུག་པ་སྐྱ་སེར་ཡོངས་ཀྱིས་སྟོན་པ་རྗེས་སུ་དྲན་པའི་ཆེད་དུ་སྟོན་པའི་སྐུ་པར་ལ་མིག་གིས་ཡང་ཡང་ལྟ་བ་དང་སྐུ་ལ་མཆོད་པ་འབུལ་བ་དང་མདོ་ཀློག་པ་དང་སངས་རྒྱས་ཀྱི་མཚན་དང་སྙིང་པོ་བཟླ་བ་སོགས་ཅི་ནས་ཀྱང་དོན་ཆེ། སངས་རྒྱས་དང་འབྲེལ་བའི་དགེ་རྩ་ནི་ཟགས་བཅས་ཀྱི་དགེ་རྩའི་ནང་ནས་ཆེས་ཕུལ་དུ་བྱུང་བ་དང་གྱ་ནོམ་པ་དང་རླབས་ཆེ་བ་དེ་ཡིན་ནོ།། འདི་ལྟར་རྩོད་མེད་ཀྱི་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པ་རྗེས་སུ་དྲན་པའི་བྱེད་སྒོ་སྣ་ཚོགས་པ་ཆེ་ཆུང་དང་གྲ་རྒྱས་མིན་ལ་མ་ལྟོས་པར་སྤེལ་རྒྱུ་བྱུང་ན་བོད་ཀྱི་ལུང་པ་འདི་སངས་རྒྱས་ཀྱི་བྱིན་རླབས་ཞུགས་པའི་ཞིང་དང་།   མི་རིགས་འདི་སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་ནང་པ་ཡིན་ཟེར་བ་དེ་དོན་ལ་གནས་པ་ལས་དེ་མིན་དཔང་རྟགས་གཞན་བཙལ་དགོས་པ་འདྲའོ།།   ཁྱིམ་ཚང་རྣམས་ཀྱིས་རང་གིས་བརྒྱད་སྟོང་པ་དང་ཐར་མདོ། མདོ་སྡེ་བསྐལ་བཟང་སོགས་བཀླགས་མ་ཤེས་ན་ཡང་ལུང་པ་རེ་ལ་ཨ་མཆོད་བྱེད་པའི་བླ་གྲྭ་མང་པོ་བཞུགས་འདུག་པས་དེ་དག་གདན་དྲངས་ཏེ་སྟོན་པ་རྗེས་དྲན་གྱི་ཆེད་དུ་མདོ་དེ་དག་བཀླག་ཏུ་བཅུག་ན་དགེ་རྩ་བསམ་གྱིས་མི་ཁྱབ་པས་དེ་དག་ལ་འབད་པར་འཚལ།   
སྟོན་པའི་མཚན་ནི། བླ་མ་སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།།   མཆོད་དོ།།   སྐྱབས་སུ་མཆིའོ།།   མཚན་སྔགས་ནི། ཏདྱ་ཐཱ།    ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སྭ་ཧཱ།།   

འདི་ན་དབང་མེད་ཉམ་ཆུང་བུ་རུལ་བདག།
བྱམས་བརྩེའི་ཟུངས་ཁྲག་དྲོད་མོའི་གསོས་པའི་མ།།
མ་དབང་གཤིན་ལག་ཤོར་ནས་ལོ་གཅིག་ལྷག།
བཞུད་ཟིན་སྡུག་གི་མཆི་མས་ད་དུང་བརླན།།

སྐྱེ་འཆི་འདུ་འབྲལ་འབྱོར་རྒུད་སྒྱུ་མའི་འཕྲུལ།།
ཡང་ཡང་འཁོར་བའི་ལས་ཀྱི་བག་ཆགས་འདིའི།།
ས་བོན་འཇོམས་པའི་ཐབས་ཚུལ་མི་ལྡན་པའི།།
ཀུན་གྱི་སྡུག་མཐའ་འདི་ཉིད་ཟད་དཀའ་རུང་།།

ནམ་ཞིག་རྨོངས་པའི་སྤྲིན་ཚོགས་ཆོས་དབྱིངས་མཁར།།
དེངས་ནས་གནས་ལུགས་ཨ་མའི་རང་ཞལ་ཉིད།།
མཇལ་ཚེ་འབྲལ་མེད་རྟག་པར་མཉམ་འགྲོགས་ཤིང་།།
མཐར་ཐུག་བདེ་སྐྱིད་ཉི་མ་ནུབ་དུས་མེད།།

དེའི་ཕྱིར་སྙིང་ནས་བརྩོན་པའི་གོ་བགོས་ཏེ།།
ཐེག་མཆོག་རྩེ་མོའི་ཆོས་ཀྱི་གསང་ལམ་དུ།།
དད་དམ་འགྱུར་བ་མེད་པའི་བརྟུལ་ཞུགས་ཀྱིས།།
ཚེ་འདི་ཉིད་ལ་གཏན་སྲིད་ཟིན་པར་ཤོག།

ཨ་མ་དྲན་བཞིན་གུ་རུ་ཉི་མས། 2024 5 12

ཤེས་ཀྱང་ཚིམ་སླ་མི་བྱ་ཞིབ་ཏུ་སྦྱང་།།
རྟོགས་དཀའ་གྱུར་ཀྱང་མི་ཞུམ་ཡུན་ཏུ་བསླབ།།
མི་དྲག་མི་དལ་ཆུ་བོའི་རྒྱུན་བཞིན་བརྩོན།།
ཐོས་པའི་ལོངས་སྤྱོད་གསོག་ན་དེ་འདྲ་དགོས།།
རྡོ་གྲུབ་བསྟན་པའི་ཉི་མ་ནས།[咖啡][鲜花][咖啡]


发布     👍 0 举报 写留言 🖊   
✋热门推荐
  • #刘宇宁开始推理吧#|#刘宇宁南珩离十六#|#摩登兄弟[超话]#清醒,知趣,明得失,知进退,不管多煎熬,人生都要眉眼带笑。@摩登兄弟刘宇宁刘宇宁开始推理吧[给力
  • 生活是枯燥的,快乐是自己给的,愿我们在鸡零狗碎的日子里,都能找到闪闪发光的快乐。没有诗和远方,公园散散步,拍拍琐碎的小美好,致我们平庸的小生活。
  • 医院以高端的设备,精确的诊疗技术,经验丰富的医生,为无数血管瘤患者带来了健康,成为了广大血管瘤患者首选的医院!磨刀不误砍柴工,好的设备才能更好的治疗血管瘤患者。
  • [微笑]༼ ས་ག་ཟླ་བ། ༽ཚེ་སྲོག་གི་ཆེད་དུ། བདེ་ཐང་གི་ཆེད་དུ། གཞན་ཕན་གྱི་ཆེད་དུ། ང་ཚོས་མ
  • #营业图[超话]# 日常照片 大多数都有实况 价格不等大概0.99-2.1-3.9 经常出去玩喜欢拍美食美物风景美甲环球欢乐谷动物园部位图首饰美妆餐厅ktv果茶
  • 当我老了,退休了,我会回顾美好的回忆和许多美好的时光,如果没有他(克洛普)这一切都不可能实现,但愿在俱乐部和国家队的美好时光还会继续。我非常感谢他为我、为我的家
  • 南无阿弥陀佛   学佛不仅能得到智慧,学佛之后生命完全不同,哪怕只是念一句佛号功德就大得不得了,念佛获益多多,基本如下:   经常念佛,你会心地善良,思想平静,
  • 在碰撞测试中,理想L6展现了其卓越的安全性能,特别是在被大卡车前后夹击的极端情况下,其A/B/C柱均未出现明显变形,这证明了其车身结构的坚固和可靠性。仔细研究了
  • 晚餐还有黑木耳炒黄瓜炒蛋,这个也吃完了,没有像看到豆腐、三文鱼、青豆等食物一样,一看就立刻拒绝。#记录生活# 20240605孩子早餐:大列巴面包+榴莲+芝士片
  • 和迪玛希在幕后!我们为这首不那么容易的歌排练了一次,每个人(乐队,背景,当然还有迪玛希)都做到了!!有人按了“调换”键,所以我惊慌失措,不得不用我认为比写的高1
  • 4、实验室鉴定:缴费完成后,采集好的样本送往当地成都正规亲子鉴定机构的实验室开始做DNA鉴定,当地成都正规亲子鉴定机构一般在5-7个工作日出结果。1、咨询了解:
  • 孩子的常见病,90%是脾胃不好引起 最近很多粉丝找我,说自己家孩子鼻炎。我多问几句,发现,孩子基本都有这些症状:经常感冒、发烧、口臭、面色萎黄、睡觉爱磨牙
  • 战争开始的头几天,当炮弹在他们家附近响起时,米沙和娜塔莉亚不想干等着接下来会有什么意外,于是他们开车去了市中心,他们的儿子叶夫根(Yevgen)在东部的亚速钢铁
  • 算是蒙混过关了哈哈哈还玩了问答和选择游戏最后饼饼说:我觉得我是最幸运的,我们一起做很多的事情,(our song开始播放)今天见面很开心,不是直播形式,而是面对
  • 当时港大一再发邮件询问为什么突然不想去了……至今回想起仍自觉问心有愧虽然“特异人士”终究是将这都市“换季”——因为某些原因,今日之东方之珠已是明珠蒙尘 荣光不归
  • 見ている皆さんにも共感して、応援していただけるような、何度でも見たくなるような作品にしていきたいと思いますので、楽しみにしていてください!——————ちよみ役・
  • 又送饭又送票爱了哥(晚上转场吃了火锅)也是第一次去搞了赛前互动跟喜欢的选手拍手了哈哈哈p10-12 5.3 狼:JDG 跟一个网友换了票,位置ok的。佑禾的巧克
  • #摩登兄弟[超话]##摩登兄弟[超话]# 刘宇宁 翻越山海,奔赴万里,所有热爱皆是为你,你是独一无二不可替代的美好存在。@摩登兄弟刘宇宁刘宇宁开始推理吧[给力]
  • #阳光信用#[嘻嘻] #每日一善# 在人生的旅程中,每个人的生活都离不开别人的帮助,因为自然界的任何事物都是一个普遍联系的整体,没有谁能够脱离周围的事物而孤立地
  • 所以为了保护小五不受流言蜚语的伤害,让小五不再落寞委屈地看到自己没有第一,以及让我们五推不被其他家粉丝和“路人”群嘲,拜托大家在这最后一次投票机会里的最后一