࿐ལོ་རྒྱུས་ནི་ནམ་ཡང་མི་ཡི་ལོ་རྒྱུས་ཏེ། མི་ཡི་རྣམ་པར་དཔྱོད་པའི་བློ་གྲོས་དང་ཞུམ་པ་མེད་པའི་སྙིང་སྟོབས་ཁོ་ནས་ལོ་རྒྱུས་ཀྱི་འཁོར་ཕྱོགས་ལ་ཁ་ལོ་བསྒྱུར་ཅིང་སྒྱུར་བའི་ཆོས་ཉིད་ལ་སུས་ཀྱང་བསྙོན་དུ་ག་ལ་ཡོད། དེང་གི་ཉམ་ཐག་པའི་འུ་ཅག་གི་ངོས་ནས་བལྟས་ན་ཡང་། འདས་པའི་ཆག་འཇིག་གི་རྩ་བ་རང་ཐོག་ནས་སྨིན་པ་ཡིན་ལ། མ་འོངས་པར་རྒྱལ་ཕམ་གྱི་རྩ་བ་ཡང་རང་ཉིད་ལ་རག་ཡོད་པ་རེད། གལ་ཏེ་ཡུལ་གང་ཅན་པའི་སྐྱེ་བོ་རེ་རེས་ཆོས་ཉིད་དེ་རྟོགས་ཤིང་གནས་ལུགས་དེ་མཁྱེན་ནས་རང་འཁྲིའི་ལས་འགན་རེ་རེ་ཕྲག་ཏུ་བླངས་པ་ཡིན་ན། དེ་ལ་ལེགས་བཟང་དགེ་གསུམ་གྱི་འབྲས་བུ་ཉག་གཅིག་སྨིན་པར་སུ་ཞིག་ཚོམ་ཨང་།

—— ངྷརྨ་ཙིནྟས་ཟིན་བྲིས།

࿐ད་རེས་དགེ་ལྡན་བསྟན་པའི་ཆུ་མགོ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་གི། ཤཱཀྱའི་དགེ་སློང་མཁན་པོ་རིན་པོ་ཆེའི་རྒན་ངག་དབང་ཆོས་འཕགས་ལགས་ཀྱི་ཐུགས་རྗེ་དང་བཀའ་དྲིན་ལ་བརྟེན་ནས། སྐུ་རྒྱུ་གསེར་ཟངས་ལས་གྲུབ་ཀྱང་ངོ་མཚར་མཚན་དཔེའི་གཟི་བྱིན་འོད་སྟོང་འབར་བའི་བདུད་འདུལ་ཐུབ་པ་ཆེན་མོའི་སྐུ་འདྲ་བྱིན་ཅན་ཞིག་བདག་ལ་རྟེན་སྐལ་དུ་གནང་བྱུང་།
བདུད་འདུལ་ཐུབ་པ་ཆེན་མོ་ཞེས་པ་ནི་གཙུག་ཏོར་ཆེན་མོའི་སྔགས་སྐུའི་གཟུངས་ཀྱི་གཙོ་བོར་བཞུགས་སུ་གསོལ་བ་ལས་འདོགས་པ་ཡིན་ཏེ། དེ་བཞིན་གཤེགས་པའི་གསང་བ་སྒྲུབ་པའི་དོན་མངོན་པར་ཐོབ་པའི་རྒྱུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྤྱོད་པ་རྒྱ་མཚོ་སྟོན་པ། སངས་རྒྱས་ཀྱི་གཙུག་ཏོར་དཔའ་བར་འགྲོ་བ་ཞེས་བྱ་བ་ཐེག་ཆེན་པོའི་མདོ་༼ཞོལ་བཀའ་འགྱུར་མདོ་ཝ་བ ༥༩༢༽ལས། གཙུག་ཏོར་བལྟར་མི་མངོན་པའི་མཚན་གྱི་འོད་ཟེར་ལས་བྱུང་བའི་དེ་བཞིན་གཤེགས་པས་གསང་སྔགས་ཀྱི་ཚིག་འདི་དག་བཀའ་སྩལ་ཏོ། ན་མོ་སྨི་ཏཱ་ཏ་སུ་ག་ཏཱ་ཡ། ཞེས་པ་ནས། ཧཱུཾ་ཏྲཱུཾ་ཕཊ་སྭཱཧཱ། ཀུན་དགའ་བོ། དེ་བཞིན་གཤེགས་པའི་གཙུག་ཏོར་ལས་བྱུང་བའི་གདུགས་དཀར་པོ་ཅན་ཞེས་བྱ་བ་འདི་གསང་བ་ཟབ་མོའི་ཚིགས་སུ་བཅད་པ་ངོ་མཚར་རྨད་དུ་བྱུང་བའི་དོན་ལས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་བྱུང་། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་སྙིང་བོའི་སྔགས་འདི་ལ་བརྟེན་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པོ། ཞེས་དང་། ༼ ཞོལ་བཀའ་འགྱུར་མདོ་ཝ་བ་༥༨༡༽ལས། སེམས་རྩེ་གཅིག་པས་ངའི་གཙུག་ཏོར་ཆེན་མོའི་སྔགས་འདི་ཟུངས་ཤིག་གལ་ཏེ་བཟླ་བར་མི་ནུས་ན་བསམ་གཏན་གྱི་ཁང་བུ་ལ་འབྲི་བའམ། ཡང་ན་ལུས་ལ་བཏགས་ན་བདུད་ཀྱིས་འཚེ་བར་མི་ནུས་སོ། ཁྱོད་ཀྱིས་ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐར་ཐུག་པའི་གོ་འཕང་བསྒྲུབ་པའི་ཕྱིར་གོང་མའི་ཁྱད་པར་ཐོབ་པ་ལ་བརྩོན་ཅིག ཕྱི་མའི་ཞལ་ཆེམས་བཞག་པ་ཡིན་གྱི་ཆེས་ཆེར་གུས་པར་གྱིས་ཤིག ཅེས་གསུངས་པ་ལྟར་གཙུག་ཏོར་ཆེན་མོའི་སྔགས་འདི་ཉིད་གཟུངས་ཀྱི་གཙོ་བཞུགས་སུ་གསོལ་བའི་ཐོག རིང་བསྲེལ་དང་འཕེལ་གདུང་། སྐུ་རུས་དང་དབུ་སྐྲ། གདུང་ཚྭ་དང་གདུང་རྟེན། ན་བཟའ་དང་ཕྱག་ཕྲེང་། རིས་མེད་སྐྱེས་ཆེན་དུ་མའི་དམ་རྫས། རྟེན་རྙིང་གི་སྐོར། དཀྱིལ་འཁོར་གྱི་རྡུལ་ཚོན་སྐོར། གནས་ཆེན་ཁག་གི་ས་སྣ་དང་ཆུ་སྣ། སྨན་རྫས་རྩ་ཆེན་སོགས་དམ་རྫས་སྲིད་ན་དཀོན་པ་ཤ་སྟག བདུད་འདུལ་ཐུབ་པ་ཆེན་མོའི་གཟུངས་གཞུག་ཏུ་ཕུལ་ཏེ། བོད་རབ་རྒྱན་ཆུ་ཡོས་ལོའི་ས་ག་ཟླ་བའི་དུས་ཆེན་སུམ་འཛོམས་ཀྱི་༼ སྤྱི་ལོ་༢༠༢༣-༦-༤༽ཉིན། འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་ནས་རབ་གནས་དཀར་ཆག་དང་བཅས་པ་ལེགས་པར་གྲུབ་པའོ། གཟུངས་གཞུག་ཞིབ་རྒྱས་ཀྱི་སྐོར་དཀར་ཆག་ལས་གསལ་བ་ལྟར་འདིར་བྲིས་ན་མང་དུ་དོགས་སོ།
གཞན་ཡང་རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དག་ཚར་གཅིག བོད་ཤོག་གི་གཞུང་བཀའ་པོད་ལྔའི་རྩ་བ་ཚར་གཅིག དགའ་ལྡན་ཅ་ཡིག་ཆེན་མོ་ཚར་གསུམ། གསེར་གདུང་ཆེན་མོའི་མདུན་གྱི་རྗེ་ཡབ་སྲས་གསུམ་གྱི་སྐུ་ཤའི་གསེར་མང་པོ།


འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཚེམས་པར་བྱིན་ཅན། རྗེ་ཙོང་ཁ་པ་ཆེན་པོའི་མཛད་ཆེན་བཞིའི་ཡ་གྱལ་དགའ་ལྡན་སྟག་རྩེ་སྒྲུབ་མཆོད་ཉིན་བདུན་གྱི་རིང་དགེ་འདུན་བརྒྱ་ཕྲག་དུ་མས་ཡི་དམ་གསང་བདེ་འཇིགས་གསུམ་གྱི་སྒོ་ནས་སྒྲུབ་གནས་མཛད་པའི་རྟེན་འདུས་བདུད་རྩི་རིལ་བུ་ཁྱད་འཕགས་ཅན།
མཁན་རིན་པོ་ཆེ་ཁོང་གི་ཐུགས་བཀོད་ནང་བཞིན་བཞེངས་པས་རྗེ་ཡབ་སྲས་གསུམ་དང་མགོན་ཆོས་ལྷ་ལྔ། ཚེ་ལྷ་རྣམ་གསུམ། མར་མི་དྭགས་གསུམ། རྒྱལ་ཆེན་བཞི་སོགས་ལྷན་བཞུགས་ཀྱི་ཐང་ཀ་ལྔ། རྗེ་ཡབ་སྲས་གསུམ་གྱི་ན་བཟའ་བྱིན་ཅན། དགའ་ལྡན་གླིང་ནས་སྐྱེས་པའི་དགའ་ལྡན་མཁན་པ་སོགས་རྟེན་སྐལ་བྱིན་ཅན་མང་པོ་སྩལ་གནང་བྱུང་བས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུའོ།

སྨྲས་པ། ངོ་མཚར་དགེ་ལེགས་འབུམ་གྱི་བརྗིད་ཆགས་པའི།། ཐུབ་བདུད་འདུད་ཆེན་མོའི་སྐུ་ཡི་རྟེན།། ལེགས་པོར་བཞེངས་པའི་དཀར་ཆགས་གང་མཆིས་པ།། ཐུབ་བསྟན་ཕྱོགས་བཅུར་རྒྱས་པའི་རྒྱུ་རུ་བསྔོ།། དེ་འཛིན་མཁས་གྲུབ་སྤྱི་དང་ཁྱད་པར་དུ།། འཕགས་མཆོག་ཕྱག་ན་པདྨོ་ཡབ་སྲས་ཀྱི།། རླབས་ཆེན་ཐུགས་ཀྱི་དགོངས་པ་གང་མཆིས་པ།། གེགས་མེད་འཕྲལ་དུ་འགྲུབ་པའི་རྒྱུར་ཅིག། གདན་ས་གསུམ་གྱིས་མཚོན་པའི་ཆོས་སྡེ་རྣམས།།རྒྱུད་སྡེ་བཞི་དང་གཞུང་ཆེན་བཀའ་པོད་ལྔའི།། འཆད་ཉན་ཉི་ཟླ་ཟུང་གི་སྣང་བའི་གཟིས།། འཇིག་རྟེན་མི་ཤེས་རྒུད་པ་འཕྲོག་གྱུར་ཅིག།
བདག་ཀྱང་ས་ལམ་བགྲོད་པ་མཐར་ཕྱིན་ཏེ།། གཞན་དོན་སྒྲུབ་ལ་ནམ་ཡང་མི་ངལ་བར།། བཤད་སྒྲུབ་བསྟན་པའི་ཁུར་ཆེན་འདེགས་པ་ལ། རྒྱལ་བ་ཙོང་ཁ་བ་དང་མཚུངས་པར་ཤོག། ཅེས་ཐུབ་པ་བདུད་འདུད་མའི་གཟུངས་བཞུགས་ཀྱི་དཀར་ཆག་གསལ་བར་བཀོད་པའི་སྨོན་ཚིག་དང་བཅས་པས་ཕྱི་ནང་ཐམས་ཅད་ལ་བཀྲ་ཤིས་གྱུར་ཅིག

༢༠༢༣-༩-༢༢ ཉིན་འབྲོག་རི་བོ་དགེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ། སྤྲུལ་མིང་བ་རུ་སྔུན་བླ་མས་རང་གི་བརྗེད་ཐོར་བཀོད་པའོ།

࿐དེ་ཡང་རྒྱལ་སྨན་སློབ་དཔོན་ཆེ་མོ་གོ་འཇོ་དབང་འདུས་མཆོག་གིས། ཉམ་ཐག་དབུལ་འཕོངས་ལ་སྨན་སྦྱིན་གནང་རྒྱུའི་ལམ་ལུགས་ནི། ༧མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོའི་སྐུ་དུས་ནས་སྲོལ་བཙུགས་པ་དང་། དེ་ནས་རིམ་བཞིན་ལྕགས་རི་རིག་བྱེད་གླིང་ལ་བརྒྱུད་ཅིང་། དེ་ནས་ལྷ་ས་སྨན་རྩིས་ཁང་ལ་བརྒྱུད་པ་དང་། ད་ཙམ་བགྲང་བྱ་སུམ་རྒྱ་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དམིགས་བསལ་གྱི་སྲོལ་བཟང་ཞིག་རེད་ཅེས་གསུངས་པ་བཞིན། ངེད་ནྱ་གྲོ་ཏ་བོད་སྨན་ལག་ལེན་ཚོགས་ཆུང་གི་རྡོ་རྗེ་སྤུན་གྲོགས་ལྔ་པོ་རེ་གཟའ་པ་སངས་ཀྱི་ཕྱི་དྲོ་བོད་མིའི་འབྱུང་གནས་ཡར་ཀླུངས་རྩེད་ཐང་ནས་རྡོག་ཐོན་བྱས་ཏེ། ཡར་གཞི་ལྷ་ཡི་ཐེམ་སྐས་ཡར་འབྲོག་སྒང་པའི་ཆར་གཏོགས་ཀྱི་མདོ་ཆོས་གཞུང་དུ་བསྐྱོད། ལམ་བར་དུ་གཡུ་འབྲུག་སྔོན་མོ་ས་ལ་འཕོས་པ་འདྲ་བའི་ལུ་གུ་ལ་མོ་བརྒལ་ཞིང་། འབྲོག་སྡེ་ཆེན་མོ་མཚོ་སྨད་བྲག་རྩ་དང་ཡར་འབྲོག་སྐར་མ་གླིང་གི་དཀྱེལ་ཡངས་ཁྲ་ཆུང་མིག་གི་གོང་བུར་གླན་ཏེ། སྣུབས་མཚོ་ཆེ་མོའི་རླབས་སྒྲར་སེམས་རྩ་གཉོམ་པོས་རྣ་བ་བླག་ཞོར་ཆུ་ཚོད་བཞིའི་རླངས་འཁོར་གྱི་བགྲོད་ཞུད་འོག་ཡུལ་མདོ་ཆོས་ག་ལ་བ་འདིར་འབྱོར། ནུབ་གཅིག་མདོ་ཆོས་ཤང་ཐོག་ཏུ་ཞག་སྡོད་བྱས་རྗེས། རེ་གཟའ་སྤེན་པའི་ཉིན་མོ་སྟེ། རྒྱལ་བ་ལྷ་ལས་བབས་པའི་ཁྱད་འཕགས་ཀྱི་དུས་ཆེན་ཉིན་མོར་མདོ་ཆོས་ཤང་གདོང་རྒྱ་གྲོང་ཚོར་སྨན་སྦྱིན་གསོ་བཅོས་ཀྱི་ཞབས་ཞུར་བསྐྱོད། སླར་ཡང་ཡུལ་འདིའི་མང་ཚོགས་ཀྱི་ལྷད་མེད་ཀྱི་འཛུམ་མདངས་དང་། ཁ་ཞེ་གཉིས་མེད་ཀྱི་སྨན་པར་ཡིད་ཆེས་དང་བློ་གཏད་ལིངས་བཅོལ་གྱི་སྐོམ་པ་ཆུ་འདོད་ལྟ་བུའི་རེ་སྒུག་གི་མིག་ཟུང་། བཅོས་མིན་ལྷག་བསམ་འདི་དག་མིག་གི་མཐོང་ཞིང་། སེམས་ཀྱིས་ཚོར་དུས། ཕྱིའི་འབྱུང་བཞི་འཁྱགས་པས་བསྡམས་རུང་། ནང་སེམས་པ་དྲོད་ཀྱིས་གཏམས་སོང་ལ། ད་ཐེངས་ཀྱི་སྨན་སྦྱིན་གསོ་བཅོས་ཀྱི་བགྱི་བ་འདི་ཆུད་ཟོས་སུ་སོང་མེད་པར་མང་ཚོགས་ཀྱི་ཚོད་མཐོའི་གདེང་འཇོག་དང་། མང་ཚོགས་དང་ངེད་ཅག་གི་སེམས་པ་འོ་ཆུ་གཅིག་ཏུ་འབྲེལ་བ་དེ། རྒྱུད་ལས་གསུངས་པའི་གསོ་བྱ་གསོ་བྱེད་བསོད་ནམས་ལས་ཀྱིས་འབྲེལ། ། ཞེས་གསུངས་པ་ཇི་བཞིན་འདི་ནི་རང་རེའི་ཚོགས་ཀྱི་ཚེ་རབས་དུ་མའི་ལས་འབྲེལ་དང་བསོད་ནམས་ཀྱི་འབྲས་བུ་ཐེངས་འདིར་སྨིན་པར་སེམས་སོ། ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་སྔ་ལས། འགྲོ་བ་ནད་པ་ཇེ་སྙེད་པ། །ནད་སོས་གྱུར་གྱི་བར་དག་ཏུ། ། སྨན་དང་སྨན་པ་ཉིད་དག་དང་། ། དེ་ཡི་ནད་གཡོག་བྱེད་པར་ཤོག ། ཅེས་གསུངས་པ་བཞིན། མ་འོངས་སྨན་དོན་གྱི་ལམ་བུར་སེམས་བསྐྱེད་དང་སྨོན་ལམ་འདི་འདྲ་བར་རྟར་དྲང་ཏེ་འགྱོད་མེད་གདེང་ཚད་ལྡན་པའི་ངང་ནས་ཆས་པར་བྱའོ། །#སྨན་སྦྱིན་ལེའུ།##义诊服务# https://t.cn/z822Mu0


发布     👍 0 举报 写留言 🖊   
✋热门推荐
  • 6-4.旅行就是在路上放空自己,去听听别人的故事,认识不同的人,来治愈自己的生活。58.想要未知的疯狂,想要声色的张扬,想要在最好的时光在最美的地方。
  • #奶精的头盔[超话]# 差16分,⛽️,求托托公主使劲踢踢~王#正能量艺人王一博# wyb#王一博# 一#王一博冰雨火# wyb#王一博陈宇# 博#王一博有翡#
  • 若有男子女人闻是佛名者,是人得遇恒河沙佛广为说法,必成菩提。若有男子女人闻是佛名者,是人得遇恒河沙佛广为说法,必成菩提。
  • #期货[超话]# 【奇顺投资11月16日】沥青期货操作大行情 BU 继日内偏强走势后,夜盘窄幅震荡。成本方面,隔夜原油偏强震荡,外盘放缓加息几乎成为了市场共
  • 3、据悉,骁龙6 Gen 1移动平台也将采用全新的4纳米技术,相比骁龙8 Gen 1和骁龙7 Gen 1,骁龙6 Gen 1移动平台将会主要面对中低端手机产品,
  • 有时天空好不容易有了些不一样的颜色,我便开始刻意地喊着:“夕阳还是那么好看的。因为好多好多难忘的夕阳,我每天傍晚都会看向窗外,期待着再次风起云涌,天空会不会用它
  • ”昨日,市民陈女士向“总编接线”反映,原鲤城区妇幼保健院里的工地尘土飞扬,飘到了隔壁的鲤城区机关幼儿园,还给附近居民的生活带来了许多麻烦,希望相关部门能尽快处理
  • #CHAMPION六月刊# #李琰铁娘子是怎么炼成的# #CHAMPION体育画报# 【独家对话传奇冠军教练@短道李琰 】她是中国历史上首位短道与大道速度滑冰奥
  • 存了应该有两年吧,最近才开卷,着实忘了点开阅读时是怎样的心情状态——无论何时看这封面,都没有想阅读的欲望啊!如今书已读过半,因为它我买了微信读书的会员,每次翻开
  • 为此,我练就了一手高.超的化妆术,但是鼻子不好看这个问题通过鼻影遮盖后,真的是只能远观,不能近看。所以我就想做个鼻子,真正拥有一个好看的鼻子,毕竟年轻美美哒,以
  •   有一次在城区送炸鸡,何婷婷偶遇一名骑手,对方看到了她的车,说:“你这小车不行,根本跑不动。#母亲给儿子送饺子途中被撞身亡外卖员被公诉#  大街上,一辆辆疾驰
  • 我姥姥也不会做饭,神奇吧,这么多年都没做过,最多只是添添柴火,所以我姥爷是又既主外又主内哈哈哈,虽然他有很多缺点,但是他今天他在餐桌上自夸咱家玉米过人但被姥姥嘲
  • 2、#周口# 近日无法在漯河南下,也无法在平顶山南下平漯周只建设与郑万场郑州方向联络线,没法在平西借道南下,同时近期不建设与京广高铁联络线无法在漯河西上京广,在
  • 直到有一天,阿弗带回来一只人类的怀表,开始探究起时间的秘密,改变了整个老鼠家族的命运……索书号:I287.7/3444馆藏地点:少儿文学借阅室天赢居:短线回踩也
  • 26、你好像真的过得很好,完全不需要我得打扰27、迟不迟,晚不晚,能遇上就遇上,遇不上就这样28、好聚好散都是骗小孩子的 离开的时候就是很痛29、可你偏要在这个
  • #知書club[超话]# 蚂蚁世界的《荷马史诗》大生物圈的《战争与和平》从蚂蚁群体到人类社会再到整个生物圈,一个故事讲透大自然的统一法则“当代达尔文”、自然科学
  • 店内还有孃孃准备的精美周边等你哦~【生气很痛苦,哪哪儿都会堵,想要气顺畅,此穴来帮忙!但肯定有朋友还是会问,当到遇到那种环境状态下不可能不发火啊,那就只能发出来
  • #跑步打卡[超话]#这一天都干了些什么?早上,六点出门,带领FNR的女神们跑了一只小绵羊,特别可爱,下午, #adidasrunbase# AdidasRunb
  • 从东方G20花岛宿集民宿前台拾取一枚oisf贴纸,贴在您喜欢的海报空白处,为其投上您的宝贵一票,感谢您与我们共同探索振兴乡村可持续发展的理念。目前专职童书插画,
  • 没有人会不喜欢利,如果一个人无缘无故的对你好,那是因为你可爱;但那个人的好需要花很多钱,那一定是对方有所图谋。他要是为忠义不顾惜性命也就算了,偏是为了斗气,伤成