༄༅།།ཨོཾ། ཡེ་ཤེས་ལྷ་ལ་རྣམ་རྟོག་མི་མངའ་ཡང་།།
དེའི་འཁོར་བཀའ་ཡི་སྲུང་མ་དམ་ཚིག་ཅན།།
ཐུགས་དང་འགལ་བར་གྱུར་བ་བཟོད་པར་གསོལ།།
ཡུན་གྱི་སྒྲུབ་པ་མཆིས་ན་སྒྲུབ་པ་སྦྱོངས།།
ཕྲད་ཀྱི་རྐྱེན་གེགས་མཆིས་ན་རྐྱེན་གེགས་བཟློག།
ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ།།
ཨོཾ་བཛྲ་ས་ཏྭ་ཧཱུྂ།

རཾ ཡཾ ཁཾཿ ཨོཾ་ཨཱ་ཧཱུཾཿ
ཚོགས་རྫས་འདོད་ཡོན་ཡེ་ཤེས་རོལ་བའི་རྒྱན།།
ཚོགས་རྗེ་ཚོགས་བདག་རིག་འཛིན་བླ་མ་དང་།།
གདན་གསུམ་དཀྱིལ་འཁོར་གནས་ཡུལ་ཉེར་བཞིའི་བདག།།
དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་ཚོགས།།
འདིར་གཤེགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་བཞེས།།
འགལ་འཁྲུལ་ནོངས་དང་དམ་ཚིག་ཉམས་ཆགས་བཤགས།།
ཕྱི་ནང་བར་གཅོད་ཆོས་ཀྱི་དབྱིངས་སུ་སྒྲོལ།།
ལྷག་གཏོར་བཞེས་ལ་འཕྲིན་ལས་འགྲུབ་པར་མཛོད།།
ཨོཾ་གུ་རུ་ངྷེ་ཝ་ཌཱཀྐི་ནི་དྷརྨ་པཱ་ལ་ག་ན་ཙཀྲ་པཱུཙྪ་ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧིཿ

ཨྱོན་རིན་པོ་ཆེ་ལ་གསོལ་བ་འདེབས།།
འགལ་རྐྱེན་བར་ཆད་མི་འབྱུང་ཞིང་།།
མཐུན་རྐྱེན་བསམ་པ་འགྲུབ་པ་དང་།།
མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།།

ཀུན་བཟང་དགའ་རབ་ཤྲཱི་སེང་པདྨ་འབྱུང་།།
ཀློང་ཆེན་རབ་འབྱམས་རྩ་བའི་བླ་མ་ལ།།
དགོངས་བརྡ་སྙན་བརྒྱུད་བླ་མར་གསོལ་བ་འདེབས།།
རྫོགས་ཆེན་དགོངས་པ་རྟོགས་པར་བྱིན་གྱིས་རློབས།།

ཕན་བདེ་འབྱུང་བའི་གནས་གཅིག་པུ།།
བསྟན་པ་ཡུན་རིང་གནས་གྱུར་ཅིག།
བསྟན་པ་འཛིན་པའི་སྐྱེས་བུ་རྣམས།།
སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག། །།

༈ རཾ ཡཾ ཁཾཿ ཨོཾ་ཨཱ་ཧཱུཾཿ

རང་བྱུང་ལྷུན་གྲུབ་རྩ་གསུམ་དམ་ཅན་ལ།།
དམིགས་མེད་ཚོགས་མཆོད་འཁྲུལ་རྟོགས་བཤགས།།
བདག་ལྟ་བདག་མེད་ཀློང་དུ་བསྒྲལ་བའི་བསྐང་།།
ཕྱི་ནང་བར་གཅོད་ཆོས་ཀྱི་དབྱིངས་སུ་སྒྲོལ།།
ལྷག་གྲོན་གཏོར་མའི་བརྔན་ནོ་འདོད་རྒུར་སྒྲུབས།།

ཨུཥྩི་ཊ་བྷ་ལིང་ཏ་ཁཱ་ཧིཿ

࿐མི་ལ་ཧ་ཅང་དྭངས་གཙང་གི་སེམས་ཤིག་དགོས། བཞིན་རིས་དང་གྱོན་གོས་ཇི་ཙམ་མཛེས་ཀྱང་། སེམས་ཀྱི་མཛེས་པ་ནི་མཛེས་སྡུག་རྣལ་མ་དེ་ཡིན། དེ་ལ་དབུལ་ཕྱུག་མེད། དེ་ལ་མཐོ་དམན་མེད། སེམས་ཀྱི་མཛེས་སྡུག་ནི་ཆེས་རིན་ཐང་ལྡན་པའོ།

ལོ་རྒྱུས་ཀྱི་ཕྱིར་མིག

འདི་ནས་ཡར་བརྩིས་པའི་བགྲང་བྱ་སུམ་བརྒྱ་སོ་དྲུག་སྟེ་ཕྱི་ལོ་1688ལོ་ནི་སའི་གོ་ལ་འདིའི་རྒྱབ་ལོག་ན་(གཟི་བརྗིད་ཆེ་བའི་གསར་བརྗེའི་)ལས་འགུལ་ཞིག་སྤེལ་ནས་རྒྱལ་ཁ་ཐོབ་པའི་ཀུ་སྒྲ་སྒྲོག་བཞིན་གདའ།  གསར་བརྗེ་དེ་ནི་འགྲོ་བ་མིའི་རིགས་ཀྱི་ངོ་ལོ་སྟོང་ཕྲག་དུ་མར་བརྒྱུད་པའི་རྒྱལ་པོའི་ལམ་ལུགས་དང་སྒེར་གཅོད་ལམ་ལུགས་ཀྱི་གདོང་ལ་བཏབ་པའི་མཆིལ་ཞགས་ཐོག་མ་དེ་ཡིན།  འདིས་རྒྱལ་པོ་རྣམས་ཀྱི་གསེར་ཁྲི་ཁ་འདུག་པའི་དབང་ཆ་ལྷ་ཡིས་གནང་བར་འདོད་པའི་རྨི་ལམ་གྱི་ཤེལ་གོང་རྡོ་ལ་བརྡབས་ཤིང་།  གཡོག་པོ་རྣམས་ལུགས་མཐུན་གྱིས་གཞན་གྱི་གཡོག་ཏུ་བྱེད་པ་ལྷ་ཡི་ཆད་པར་རློམ་པའི་རྫུན་རྐུབ་ཀྱང་བརྡོལ་བར་རེད།

ཕྱི་ལོ་1649ལོའི་ཟླ་5པའི་ཚེས་1ཉིན།  ལིའོ་རྦིམ་དང་ཁོང་གི་གྲོགས་པོ་གསུམ་གྱིས་ལོན་ཏོན་མཆོད་རྟེན་བཙོན་ཁང་གི་དཀར་ཆའི་འོག་ནས་《མི་སེར་གྱི་སྤྱི་ཆིངས་》ཀྱི་མ་ཕྱི་བྲིས་པ་ནས།  མི་རྣམས་ལ་ལོ་21ཡན་གྱི་སྐྱེས་པ་ཡོངས་ལ་འདེམས་བསྐོའི་དབང་ཆ་རིས་མེད་དུ་ཡོད་པའི་གོ་བརྡ་དངོས་སུ་སྤྲད་ཅིང་།  ཤུགས་ལ་མི་སུ་ཡིན་ཡང་དང་པོ་ཉིད་ནས་རྒྱལ་པོའམ་གཡོག་པོའི་ཁྱད་པར་མེད་པར་བསྟན་ཡོད་དེ།  མི་ཐམས་ཅད་དཔོན་པོར་འགྱུར་རུང་དུ་བསྟན་ཡོད།

དབྱིན་ཇིའི་མི་སེར་རྣམས་ནི་ལོ་ངོ་སུམ་བརྒྱ་ལྷག་གི་གོང་རོལ་ནས་རང་ཉིད་མི་ཡིན་པར་ངོ་ཤེས་ཤིང་།  མི་ཞིག་ཡིན་ཕྱིན་སྐྱེས་ནས་བཟུང་མ་མཐའི་ཐོབ་ཐང་སྟེ་(སྨྲ་བརྗོད་རང་དབང་།) (རྒྱུ་འབྱོར་རང་དབང་།) (ཚེ་སྲོག་རང་དབང་)ཡོད་པར་ཤེས་ཡོད།  འདི་དུས་ངས་ལོ་ངོ་ཉིས་སྟོང་ལྷག་གི་གོང་རོལ་ནས་སུས་ཀི་ར་ཐེ་ཡིས་(ང་སུ་ཡིན་)ཞེས་པའི་དྲི་བ་དེ་དང་(རང་ངོ་ཤེས་པར་གྱིས་)ཞེས་པའི་བསླབ་བྱ་གཉིས་ཀྱི་རིན་ཐང་རྟོགས་ཡོང་།

རང་ཉིད་མི་རུ་ཤེས་ནས།  ད་གཟོད་མིའི་ཐོང་ཐང་བརྩོན་ལེན་བྱེད་པ་ནི་གནས་ལུགས་ཤིག་ཏུ་འདོད་ན།  ངེད་ཅག་གདོང་དམར་ཚང་གིས་ད་དུང་རང་ཉིད་སུ་ཡིན་ཤེས་མེད་པར་འདྲ་སྟེ།  ཁ་ལ་ཟ་རྒྱུ་ཞིག་དང་རྒྱབ་ལ་གྱོན་རྒྱུ་ཟིག་རག་ན་དེ་གས་ཆོག་པར་འདོད་པའི་ཆོག་ཤེས་འདིས་སྤུ་མེད་པ་ཡི་ཕག་པ་དང་ཁྱད་པར་ཅི།

གཞན་སྡེ་ལོ་ངོ་སུམ་བརྒྱ་གོང་རོལ་ནས་དེང་རབས་ཀྱི་བསམ་བློ་དང་དེང་རབས་ཀྱི་ལས་ལ་ཞུགས་པར་འདོད་ན།  ལོ་ངོ་སུམ་བརྒྱ་སོ་དྲུག་གོང་གི་གདོང་དམར་ཚང་ནི་ད་དུང་སྒེར་གཅོད་ལམ་ལུགས་ཀྱི་འོག་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཟེར་བ་ཞིག་གི་འཛུབ་མོ་གར་བསྟན་ཤར་ཟེར་བའི་དཔེ་ལྟར་བསྡད་ཡོད།

དེ་དུས་ཀྱི་ལོ་རྒྱུས་ལ་བལྟས་པར་ཡིན་ན།  ང་ཚོས་བོད་ཀྱི་ཆབ་སྲིད་དེ་སྡེ་སྲིད་དང་ཚངས་དབྱངས་རྒྱ་མཚོ་གཉིས་ལས་གང་རུང་ལ་དབང་ཞེས་པའམ།  ཡང་ན་སྡེ་སྲིད་དང་ལྷ་བཟང་གང་རུང་གི་ཡིན་ཟེར་ནས་ཡོད།  དོན་དམ་པར་བོད་ཀྱི་ཆབ་སྲིད་བོད་མི་རིགས་ལ་དབང་བ་ཡིན་མིན་སུས་ཀྱང་བསམ་མྱོང་མེད་དེ།  དེ་དུས་ཀྱི་བོད་མི་ལྟ་ཞོག  ད་ལྟའི་བོད་མི་ལའང་ཆེ་ས་ནས་རྒྱལ་ཁབ་དང་མི་རིགས།  ཆུང་ས་ནས་ཚོགས་སྡེ་དང་དགོན་སྡེ་ཐམས་ཅད་མི་སྒེར་ཞིག་ལ་དབང་བར་འདོད་ཡོད།  དགོན་སྡེ་ལྟ་བུར་མཚོན་ན་བླ་མ་ཆེ་གེ་མོའི་དགོན་སྡེ་ཡིན་ཟེར་ན་ཁྲིམས་མཐུན་ལུགས་མཐུན་དུ་འདོད་ཀྱིན་ཡོད་པ་འདིས་ཀྱང་བོད་པའི་བསམ་བློ་ད་དུང་གནའ་རབས་བློ་བསམ་དང་གཉིས་མེད་དུ་མཚོན་གྱིན་ཡོད།

དེས་ན་ལོ་ངོ་བཞི་བརྒྱ་ལྷག་གི་གོང་ནས་ཕུ་ཐྲོ་ཡས་འཛམ་གླིང་ལོ་རྒྱུས་ཀྱི་སྒོ་འཕར་ཕྱེས་ཤིང་།  ལོ་ངོ་སུམ་བརྒྱ་ལྷག་གི་གོང་ནས་དབྱིན་ཇི་ཡིས་གཟི་བག་གི་གསར་བརྗེ་བྱས་པའི་འོད་སྟོང་འབར་བའི་ལོ་རྒྱུས་ལ་བལྟས་ཡོང་ན།  ངའི་ཡ་ཁོག་ན་ཉར་བའི་མི་རིགས་རིང་ལུགས་ཀྱི་ང་རྒྱལ་ཆུང་ཆུང་དེ་ལ་བསམ་ཡུལ་ལས་འདས་པའི་ས་ཡོམ་རྒྱུགས་སོང་ངོ་།།

༢༠༢༤/༥/༨ཉིན་དབྱིན་ཇིའི་(གཟི་བག་ཆེ་བའི་གསར་བརྗེའི་)ལོ་རྒྱུས་བལྟས་རྗེས་བྲིས་པའི་སེམས་ཚོར་ཅུང་ཟད་དོ།།


发布     👍 0 举报 写留言 🖊   
✋热门推荐
  • #黄仁俊[超话]##黄仁俊killing part制作家# #黄仁俊天生焦点#维纳斯黄仁俊唯一绿卡【主唱领舞&清纯钓系】美与爱的化身NCT唯一2⃣️支【千万Co
  • 如果哪天你感到天突然好冷了,要知道那是我对你的思恋和关怀太深了,所以你要记得:天冷了,要多穿衣服哦!人能接受A带来的好,为什么就不传递出去给B或者c d e这份
  • 《莺歌儿》36 前文 ——♡ 《莺歌儿》36 莺歌儿是在第二天夜里醒的,迷迷糊糊睁了眼,借着屋里昏黄的光发了好一会愣
  • 招桃花运风水一、带来好桃花如果你想要有一个好姻缘,有一个理想的对像,不妨在每一年红鸾方动手脚,今年的红鸾方在东南方,每天晚上11点到1点之间在红鸾方点一盏黄色的
  • 也警示自己,对待任何事物,保持开阔的视野,即使可能我活几千年都看不清世界的全貌,我也依然好奇,进步,学会更温柔的爱任何事物。不能保持谦卑太对来对待生活,和其他人
  • 因此在各家产品临床效果相差不大的情况下,为保障自家产品成功入院,打通院长、药剂科主任、科室主任这几个环节,拉拢掌握处方权的医生成为最直接的方式。做自媒体多年,一
  • 想到黑a和ssy了,他们没有和普通人一样的价值观和道德观,如果没有人拘束——比如白柳如果没有陆驿站(虽然不知道是不是真的这样,目前来说我觉得是)的约束和一直以来
  • #任嘉伦[超话]#rjI#任嘉伦411生日快乐# rjl#任嘉伦长意# rjl#任嘉伦代言周大生# 这是陪你过的第二个生日,《锦衣之下》入坑 因为陆绎认识了你,
  • #TFBOYS[超话]##如果你可以##TFBOYS415八周年# 如果我可以,真的很想回到2013年。你看,连你们也已经两年没有见面了“历史远比演绎精彩,也比
  • #早安# 早安,愿你能过得简单和从容慢慢觉得所有回不去的日子都有它的道理,而所有回不来的人,也自有他的原因。#早安心语##人生感悟##致自己##愿你遇到的人都
  • 近3个月时间里,吾守拉洪和妻子一直给手机充电,等失主电话,这个没还回去的包,成为两位老人一直惦记的心事。”他只好打开包,想从里边找到线索,但是67岁的他和妻子
  • 唐代陆羽在《茶经》中就有“福州之方山”产茶的记载,当时闽茶已成为贡品。#非遗日历# 2022年04月16日| 生活的奥秘存在于艺术之中 花茶制作技艺福州茉莉花茶
  • 本以为我可以顺利等着十指全开产下你,你却在开五指的时候胎心不稳,突然间身边人忙碌了起来,我已经不受自己控制任人摆布,感觉那时神经紧张,意识模糊,就这样我被推进了
  • ◆恒力石化:本次员工持股计划通过专项金融产品取得并持有公司股票,专项金融产品资金总额上限为73.8亿元,员工持股计划的资金总额上限为36.9亿元;本员工持股计划
  • 山阳交警提示:请广大交通参与者,#不要乘坐货车#、#三轮摩托车上路#。      山阳交警提示:请广大交通参与者,不要乘坐货车、三轮摩托车上路。
  • 四角豆菜的分量非常大,脆脆的,超大一个盘子端上来,而这道菜性价比真的杠杠的[强][强]虾新鲜的虾清蒸是对食材的尊重,虾的分量食物,和爱一样温柔Food, as
  • #访谈录# 玛吉·吉伦哈尔谈[暗处的女儿]首次当导演与编剧,“我其实一直想当导演,但总觉得自己没有资格。”于是,她就成了我的家属,我的“小姨”任由我发疯发癫,自
  • #任嘉伦[超话]##任嘉伦生日祝福信箱#To:任嘉伦 ❤️一生一世一嘉人 此生不负任嘉伦❤️ 刚开始我以为我对你跟其他明星一样,也是三分钟热度,可是后来我开始
  • #驴友[超话]##相约读书##相约幸福# 暂休博,祝所有的朋友新年快乐,虎年好运 ~ [鲜花][鲜花][鲜花][心][心][心]疫情绊住了我们假期旅行的脚步,那
  • 停下的后果,就是远远落后于别人,当别人鲜花美誉拥满怀时,自己唯有与苦涩和羡慕相伴。停下的后果,就是远远落后于别人,当别人鲜花美誉拥满怀时,自己唯有与苦涩和羡慕相