#ས་ག་ཟླ་བའི་དུས་མཆོད།
བུ་སྟོན་རིན་ཆེན་གྲུབ་གྱིས་གྲུབ་མཐའི་དེབ་འདི་མཛད་སྐབས་དགུང་ལོ་སོ་གསུམ་པ་སྤྱི་ལོ་༡༣༢༢ལོ་ཡིན་པ་རྣམ་ཐར་བསྡུས་པར་གསལ། ཁོང་གི་ཡབ་རྙིང་མའི་བླ་ཆེན་བྲག་སྟོན་རྒྱལ་མཚན་ཞུ་བ་ཡིན་ཞིང་། དགོང་ལོ་ལྔ་ནས་མ་ཡུམ་ལས་ཀློག་བསླབས་ཞེས་པར་བརྟགས་ན་ཁོང་གི་ཡུམ་ཡང་ཤེས་ཡོན་ཅན་ཞིག་ཡིན་པར་འདུག ཁོང་གིས་དགོང་ལོ་སོ་གསུམ་སྟེང་བོད་ཀྱི་ཆོས་འབྱུང་ཀུན་གྱི་ཕྱི་མོར་གྲགས་པ་༼བུ་སྟོན་ཆོས་འབྱུང་༽མཛད་ཐུབ་པ་ཡང་ཡབ་ཡུམ་གཉིས་ཀྱི་སློབ་གསོར་འབྲེལ་ཡོད་ངེས།།
རང་གྲོལ་ལགས་ཀྱིས་མི་ལོ་ལྔ་ཡི་རིང་གསུང་རྩོམ་དེབ་དྲུག་བརྩམས་གནང་ཐུབ་པ་ཡང་བྱིས་དུས་ཀྱི་སློབ་གསོར་འབྲེལ་ཆེ་ཞིང་། ཁོང་བྱིས་དུས་དགུ་རོང་ཨ་ལགས་འཕྲིན་ལས་ཀྱི་སློབ་མའི་གཙོ་བོར་གཏོགས་པ་གྲལ་ཟུར་ཀླུ་འབུམ་རྒྱལ་གྱི་ཚ་བོར་སྐྱེས་པས་ཆུང་དུས་མི་ལའི་རྣམ་མགུར་ངག་ལས་མང་དུ་ཐོས་ཤིང་། ཀུན་བཟང་བླ་མའི་ཞལ་ལུང་ཡང་ཐོས་ཤོས་ཆེ། ཕྱིས་སུ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རབ་འབྱམས་ཞིབ་འཇུག་སློབ་མའི་མཐར་ཕྱིན་འབྲས་རྟགས་སུ༼་མགུར་གླུའི་བྱུང་འཕེལ་དང་ཁྱད་ཆོས༽་ལྟ་བུའི་ཆེད་དེབ་ཅིག་རྩོམ་ཐུབ་བྱུང་བ་ཡང་ཁོང་གི་ཁྱིམ་ཚང་སློབ་གསོར་འབྲེལ་ཆེ། ཁྱིམ་ཚང་སློབ་གསོ་ཞེས་པ་གལ་ཆེ་བ་ནི་མཁས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བསྔོགས་ན་རྟོགས་སླ།ད་རེས་སྟབས་ལེགས་པ་ཞིག་ལ་དགུང་གྲངས་སུམ་ཅུའི་ནང་ལ་བརྩམས་པའི་དེབ་གཅིག་དང་དགུང་གྲངས་སུམ་ཅུའི་མི་ཚེར་བསྐྱར་བརྟགས་བྱས་པའི་དེབ་གཉིས་བཀླགས་ཤིང་། སྔ་མ་ས་ག་ཟླ་བར་ཆེད་དུ་དམིགས་ནས་བསྡམས་ཤིང་། ཕྱི་མ་གྲགས་པས་བསྒུལ་ནས་བཀླགས། གུས་པ་རང་ཡང་མི་ལོ་སུམ་ཅུར་སླེབས་ཙམ་ལ་མཇལ་དགོས་པའི་དེབ་གཉིས་མཇལ་ཐུབ་སོང་། བསམ་བློ་གཏོང་ས་ཡང་མང་ཞིག་རྙེད་སོང་།།

བདུད་རྩི་སྐྱིད་ཀྱི་གློག་བརྙན་བརྩམས་ཆོས༼སྨོན་ལམ་གཙང་པོའི་ཕ་རོལ༽ཧྥ་རན་སིའི་ཁན་ནཱ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་ཁྲོམ་རའི་བྱ་འགུལ་སྟེང་གཟིགས་འབུལ་ཞུ་རྒྱུ་རེད། 青年导演德子吉的电影作品《姆兰河那边》参加戛纳电影节主办的2024年戛纳电影市场(Marché du Film)活动,敬请关注。[烟花][烟花][烟花] https://t.cn/A6HUflNt

༸སྟོན་པ་སངས་རྒྱས་མཆོག་དགུང་ལོ་བརྒྱད་ཅུའི་བར་དུ་རྒྱ་གར་གྱི་གནས་གང་དང་གང་དུ་ལོ་ཅི་ཙམ་རེར་བཞུགས་ཚུལ་༼བྱེ་བྲག་བཤད་མཚོ་༽ལས་འདི་ལྟར་གསུངས།

ཆོས་འཁོར་གནས་དང་ཡངས་པ་ཅན།།

ས་དཀར་ཅན་དང་ལྷ་ཡི་གནས།།

བྱིས་པ་གསོད་དང་ཀཽ་ཤམྦྷི།།

འབྲོག་གནས་མཆོད་རྟེན་རི་དང་ནི།།

འོད་མའི་ཚལ་དང་དགྲར་བཅས་དང་།།

སེར་སྐྱ་ཡི་ནི་གྲོང་ཁྱེར་ཏེ།།

འདི་རྣམས་སུ་ནི་ཐུབ་པ་ཡི།།

སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས།།

འབར་བའི་ཕུག་གི་གནས་སུ་གཉིས།།

སྨན་གྱི་གནས་སུ་ལོ་བཞི་སྟེ།།

རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ།།

དཀའ་བ་སྤྱད་པ་ལོ་དྲུག་སྟེ།།

ཉི་ཤུ་རྩ་གསུམ་མཉན་ཡོད་དུ།།

ཉི་ཤུ་རྩ་དགུ་ཁབ་གནས་སུ།།

རྒྱལ་བ་དེ་དག་བརྒྱད་ཅུ་ལ།།

ཐུབ་མཆོག་དམ་པ་མྱ་ངན་འདས།།

ཐམས་ཅད་མཁྱེན་པ་བཞུགས་པ་ཡི།།

བསོད་ནམས་གནས་ནི་དེ་དག་ལ།།

རྟག་ཏུ་ལུས་དང་ངག་དང་ཡིད།།

གུས་པས་འདུད་དོ་ཕྱག་འཚལ་ལོ།།
ཞེས་ཆོས་འཁོར་བསྐོར་བའི་གནས་ཝ་ར་ཎ་སི་དང་ཡངས་པ་ཅན། ས་དཀར་ཅན་དང་ལྷའི་གནས་སུམ་ཅུ་རྩ་གསུམ། བྱིས་པ་གསོད་པའི་ཡུལ་དང་ཀཽ་ཤམྦྷི་ཡུལ། འབྲོག་གནས་མཆོད་རྟེན་རི་འབྲས་སྤུངས། འོད་མའི་ཚལ་དང་དགྲར་བཅས། སེར་སྐྱའི་ཡུལ་རྣམས་སུ་ཐུབ་པ་མཆོག་ལོ་རེ་ལོ་རེ་བཞུགས་ལ། འབར་བའི་ཕུག་གི་གནས་སུ་ལོ་གཉིས། སྨན་གྱི་གནས་སུ་ལོ་བཞི། རྒྱལ་པོའི་ཁབ་ཏུ་ལོ་ལྔ། དཀའ་བ་སྤྱད་པ་ལོ་དྲུག ལོ་ཉི་ཤུ་རྩ་གསུམ་ལ་མཉན་ཡོད་དུ་བཞུགས། ལོ་ཉི་ཤུ་རྩ་དགུར་སེར་སྐྱའི་གྲོང་གི་རྒྱལ་པོའི་ཕོ་བྲང་བཅས་སུ་བཞུགས་པར་གསུངས་སོ།། ༼འདིར་བྱེ་བྲག་བཤད་མཚོའི་ལུང་སུམ་པ་ཚང་གི་ཆོས་འབྱུང་དུ་དྲངས་པ་ལྟར་རོ།།༽


发布     👍 0 举报 写留言 🖊   
✋热门推荐
  • 小指月说,怒则气上,会失眠,会头痛,会口苦,会咽干,会肋胀,会血压高,会耳鸣,会吐血...... 张从正《儒门事亲》“九气感疾更相为治衍”曰,怒气所至,为呕血
  • (可我这样确定能瘦吗……[泪][泪][泪]体型个么是好了,但是数字好难变小)以及逐渐丧失拍照乐趣[二哈]『二十一』今日最开心就是我有可乐喝啦喝到那一口时的表情应
  • #朵色[超话]# 朵‎色​百叶‎​‎蔷‎薇滋润沐浴‎露‎ 特​‎‎别‎添​加​的​保加‎利​亚奥​图精油 沐​浴露‎‎‎的‎‎气​味‎都‎能‎让人很舒​服
  • 精心打扮去见想见的人的时候的用心打扮其实只是期待见面的一部分,但当这些小小的用心都被轻轻柔柔地承接住的时候,当他眨着亮晶晶的眼睛和你说“真的很漂亮”的时候,心脏
  • 面对股市暴跌,经济学家任泽平也开始反思“人生的意义是什么”字里行间透露出一种返璞归真的思想境界。有同感的股友欢迎点赞~#股票#面对股市暴跌,经济学家任泽平也开始
  • 支持杨洋维权,狠狠告,拒绝恶意造谣,但也有人表示怀疑,甚至扒出更多细节,还晒出杨洋最近行程反击,像是在说,真相永远藏不住一般。支持杨洋维权,狠狠告,拒绝恶意造谣
  • 老妈的肝硬化是1960年人造大饥荒年代,为了喂饱饥肠辘辘的我们姊妹4人而忍饥挨饿,罹患了急性肝炎,造成了不可康复的肝损伤而早逝的——须知当年,老爹是行政12级
  • 我想,我是贪婪的贼,可是却偷不走你的心,唯有清风和明月,相思伴酒香,一半明媚,一半忧伤。难过的是,大好年华,你却早早的离我们而去了。
  • 先,让我浅激动一下叭 我宣传部初试过啦! 然后一开始我还在沾沾自喜只有我一个人面试文稿,会不会没有竞争直接上岗 我错了,我大错特错,后来来了一帮人,全是文稿,我
  • #仙家军的家[超话]# 咱们这个家现在这么难,大嘴的官司近在眼前,你瞅瞅你们一天天都在干什么,窝里斗?有那本事干干逆徒,干干大胯,别再霍霍洋的仙家军了,你们大言
  • 『今天也感谢大家的观看和バブママ一起拍了照とりっぴぃ桑さん很帅,很开心大家ー!不要退却,请和バブママ、秀美好好相处!
  • #和exo携手同行#[给你小心心]#EXO[超话]#新年快乐[爱你]也祝我自己生日快乐[哈哈]第一次碰上元旦的农历生日新的一年,希望疫情快点结束祝愿家人朋友们幸
  • 等疫情过后,我们一起去山里看花吧~广州首批赏杜鹃花的人是你吗?[心]广州挂⭐了,不宜外出,想去大山里看春天也不方便了,只好在周边逛逛。
  • ”这时候的你自然想不到,以后这位“圣僧”会双目泛红,痛苦的求你不要走,找回了人的喜怒哀乐,再被狠狠抛弃,可以说是世上最为残酷的惩罚。”他说的话你根本听不懂,这让
  • #英国# #英国留学# #英国购物# #英国生活# #英国省钱快报# #英国留学生活# #英国活动# #英国折扣#【晒晒圈话题#我要爆料好折扣#|卡诗巨惠+送礼
  • #今日普法##漫说未成年人保护法# 之《妈妈的爱》 :《中华人民共和国未成年人保护法》是为保护未成年人身心健康,保障未成年人合法权益,促进未成年人德智体美劳全面
  • 海陆变迁、地动山摇,人与⛰️在这一刻的交汇,已经不可能看到这些⛰️的过去,只留下⛰️此时此刻的千万种雄奇姿态。昨天梦到这条老狗头垂在我手里突然吐血然后停止了呼吸
  • 在传统风水学中有,“屋老气退,须十五年一小修,三十年一大修”的说法,意思是说,旧宅由于年久,宅气不足,不能给居住者带来好的气场。一些空置的房屋,由于长期没有人的
  • #宫崎骏补完计划# ps 女主角シズク对《take me home, country road》的歌词翻译太可爱了,姑且摘录了下来:【正常版】白い雲、湧く丘をま
  • #幻塔[超话]#本人是原班吉斯23区小公会02的会长,班吉斯16到25合区了,开始都没事,昨天开始,合区后第一公会山巅自相逢,在我们公会,对着每个公会成员私下艾