གཞི་རང་བྱུང་གི་རིག་པ་གཏན་ལ་ཕབ།།
ལམ་ཉམས་ལེན་ལ་ཡེ་གྲོལ་ཕྱག་རྒྱས་བཏབ།།
མཐར་འབྲས་བུ་ཡི་སྐུ་གསུམ་རྩོལ་མེད་གྲུབ།།
ཡབ་དྲིན་ཆེན་གྱི་བླ་མ་སྙིང་ནས་དྲན།།

རྗེ་ཀློང་ཆེན་དང་འཇིགས་གླིང་ཡབ་སྲས་ཀྱི།།
ལམ་ཟབ་གསང་གི་མན་ངག་གཏེར་འཛོད་ཀུན།།
འཁོར་སློབ་ཚོགས་ལ་འདོད་རྒུར་འཇོ་བའི་ཉིན།།
དུས་ད་ལྟ་རང་དྲན་ན་ལོ་རྒྱུས་ཙམ།།

གནས་འཁོར་བ་ཡི་གཡང་སར་འགྲིམ་པའི་ཚེ།།
ལས་སྐྱིད་སྡུག་གི་སྣང་བ་གང་ཤར་ཡང་།།
མགོན་ཁྱེད་ཉིད་ལས་རེ་ས་གཞན་མེད་པས།།
ཐུགས་མཁྱེན་བརྩེ་ཡིས་མ་དོར་ཡབ་ཆེན་རྗེ།།
བོད་ཟླ༤-༢ཉིན་གྱི་ཞོགས་པར་རྨ་མདུད་གྲོལ་གྱིས།

༢༠༠༢ལོའི་བོད་ཟླ་༤ཚེས་༢ ཉིན་གྱི་ཐོ་རེངས་སྟག་གི་དུས་སུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས།

#. ☁️

གཉིད་དང་འདུ་འཛི་ལྟོ་གོས་གཏམ་ལ་ཆགས།།
ད་དུང་སྣང་བ་མི་མངོན་དབྱིངས་སུ་གཟིམས།།
བསམ་ཞིང་བསམས་ན་སྐྱེ་ཕོ་ང་འདྲ་བའི།།
དོན་ཞིག་འགྲུབ་ན་ལས་འབྲས་ཆོས་ཉིད་བརྒལ།།

རི་བོ་གནམ་ལྕགས་འབར་བ་གསུམ་དང་། རི་བོ་མ་ལ་ཡ་གཉིས།

ཀོང་པོ་ཡུལ་གྱི་རི་བོ་གནམ་ལྕགས་འབར་བ་ནི་ཧི་མ་ལ་ཡའི་རྒྱུད་ཀྱི་ཆེས་ཤར་སྣེའི་རི་བོ་མཐོ་ཤོས་དེ་ཡིན་ལ། རྟ་མཆོག་ཁ་འབབ་བམ་ཡར་ཀླུང་གཙང་པོས་གཡས་བསྐོར་དུ་བསྐོར་ཏེ་ནུབ་ལ་འབབ་ཀྱི་ཡོད། སྦལ་ཏི་ཡུལ་གྱི་རི་བོ་གནམ་ལྕགས་འབར་བ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆེས་ནུབ་སྣེའི་རི་བོ་མཐོ་ཤོས་དེ་ཡིན་ལ་སེང་གེ་ཁ་འབབ་བམ་སིན་དྷུ་གཙང་པོས་གཡོན་བསྐོར་དུ་བསྐོར་ཏེ་ལྷོ་ལ་འབབ་ཀྱི་ཡོད།

སིང་ག་གླིང་གི་རི་བོ་མ་ལ་ཡ་གནམ་ལྕགས་འབར་བ་ནི་རྙིང་རྒྱུད་ལྟར་ན་གསང་སྔགས་བསྟན་པའི་འབྱུང་གནས་ཀྱི་རི་བོ་མ་ལ་ཡ་ཡིན། རྒྱ་གར་ལྷོ་ཕྱོགས་ཀྱི་རི་བོ་མ་ལ་ཡ་ནི་རིན་པོ་ཆེའི་ལྗོན་ཤིང་ཙན་དན་ཚལ་གྱི་རི་བོ་གྲགས་ཆེན་དེ་ཡིན་ནོ།།


发布     👍 0 举报 写留言 🖊   
✋热门推荐
  • #武汉同城#【小区里竟搭起麻将棚!居民:半夜吵得睡不着】武汉市民唐先生说,从今年夏天开始,就有人在小区四栋和五栋之间的空地上搭棚子打麻将,棚子不仅搭在公共区域走
  • 天天准时醒来…… 说我内向腼腆不爱问不爱说话那是因为跟你还不熟[微笑][微笑] 不可全信 不可不信 小时候反正不到10岁有次☔失足掉到自家盖房子挖的石灰眼好
  • 【原创】年轻就选它试驾一汽大众“玩不坏的探影” 说起大众,大家都有些什么印象呢,都说人生绕不过的一台3系,真是不巧,我就绕开了,不过我觉得大众可以说是非常符合这
  • #二四的碎碎念# 总有一些人觉得自己的一切大过天,所有人都得配合他演出。 不好意思,没人伺候你。he,tui。 ——来自一个感冒好几天还不好浑身无力只有负能量
  • 一直疑惑我这么清心寡欲的人到底哪里花钱那么多 直到我整理最近的发票…… 以下只是我上次从上海回来之后十天内的医药费支出(。)而且还不包括在药店买的十几盒药……药
  • 【智利获封全球最佳绿色旅游及探险旅游目的地 | Chile es reconocido como Mejor Destino Verde y Mejor Des
  • 易茗《无限荣光》 平原上,黄河长哎,生我养我好地方。大风吹来晃一晃吆,酒过千觞。 少年狂,强中强哎,一生来去有主张。好马好枪好姑娘吆,与我想当。 烽火动天地,中
  • Kru | 衡山路199号永平里 一家台湾创意料理 将台湾菜和西餐结合 夜幕低垂 星星灯火亮起 吹着晚风 听着欧美小调 店铺环境真的hin小资了 和小姐妹或者男
  • #推文##bg书集# 月见千岁《蜜糖不如你的唇角甜》。现代超短篇。还行。。梗有意思,感情线一般,错别字就当没看到[嘻嘻] 三流写手一朝成了豪门大佬的新婚妻子,签
  • 叠字名字是否对女性感情不利 很多女性的名字中都是叠字类型的,而在姓名学中叠字的名字是否会对女性的名字有影响呢?如果你也想知道其中的关系的话那就来看看下面的相关
  • #闪耀暖暖[超话]#让我来一个阴谋论[doge]7R小姐姐是叠纸请来的演员,7R刚引起大家的关注的时候,叠纸把一篇一篇小论文发给7R,然后让她激起微博氪金大佬的
  • 找替身 #Y沫凡# 上传 阿梅昨天给我留下了一个悬念,今天下班阿梅说:“午夜是最适合讲恐怖故事的,所以今晚告诉你一个诡异的故事。这个故事是我去年在广州遇到的一个
  • “勇” 这种品质 有多少人拥有 又有多少人没有 每个人都有梦 但往往都缺乏了勇气去追梦 有多少梦想败给了现实 儿时的勇往直前,横冲直撞 随着时间 随着日渐增长的
  • 《博人聚焦》 日阳高照博人笑 点到剋家去趣聊 清汤一碗长寿面 牡蛎生料黄酒蚝 今日家人晓聚焦 庆贺博友几客到 各各带来诗一首 谁的作品挂位高 东邻一首李三
  • #吴亦凡[超话]#有的时候真的在想,为什么会真的在乎一个从未谋面的人呢?见不得他半点不好,见不得他被别人的冷嘲热讽,见不得他难过 我想,喜欢大抵就是,一眼便是一
  • #麓七[超话]# 麓七,真的好久不见啦。 自从开学以后的糖苏,是真的很难在直播间里看见你了。有时候闲下来的时候会放空,在想很多很多事情呀。在被所有难过包围之后,
  • #蔡徐坤[超话]# 【蔡徐坤的时尚-黑天鹅】 星星发亮是为了让每个人有一天都能找到属于自己的那一颗,等待了这么久的时间,也许就是为了发现他光芒万丈的那一刻。
  • #杨紫黄梓瑕# [加油][加油]#杨紫林之校# 不会画画,本来想尝试涂鸦一下,留着不要脸地给杨紫表白的[允悲]如图二 但是!年底打投来临,杨紫今年《亲爱的热爱
  • 感觉这周可能都是大股为主的行情,大股只有拉出高度,才能吸引场外资金进场,这样子才能在后期更好的发动持续性的行情。今天直播到此,明天直播回来继续! 需要诊股的朋友
  • 知足是一种心态,也是一种人生修养,岁月弄人,时过境迁,一切都将遥远、模糊、消失。打败我们的,往往不是风雨,而是:平凡。在风雨中,我们激励自己,发挥潜能,度过一次