࿐༧སློབ་དཔོན་རིན་པོ་ཆེའི་ཞལ་ནས།
གསོལ་བ་དྲག་ཏུ་མ་བཏབ་ན། ། རྗེས་འཇུག་གང་ཟག་ཞན་པ་ཡིན། །
བྱིན་རླབས་གློག་ལྟར་མ་མྱུར་ན། ། པདྨས་བོད་འབངས་བསླུས་པ་ཡིན། །
གསོལ་བ་དྲག་ཏུ་མ་བཏབ་ན། ། རྗེས་འཇུག་གང་ཟག་ཞན་པ་ཡིན། །
བྱིན་རླབས་གློག་ལྟར་མ་མྱུར་ན། ། པདྨས་བོད་འབངས་བསླུས་པ་ཡིན། །
࿐ཆོས་རྗེ་་ཡིད་བཞིན་ནོར་བུའི་སྐུ་པར་བཞི་པོ་འདི་དམིགས་གསལ་གྱི་བྱིན་རླབས་ཅན་ཞིག་ཡིན། རྒྱུ་མཚན་ནི་སྐུ་པར་འདི་དག་སྒྲོན་སྐབས་ཁོང་གིས་ཐུགས་བསྐྱེད་ཚད་མེད་པ་གནང་ཏེ་རྫོགས་པ་ཆེན་པའི་རིག་པའི་ངང་ལ་བཞུགས་བཞིན་དུ་སྒྲོན་པའི་སྐུ་པར་ཤ་སྟག་ཡིན། ཁོང་གིས་སྐུར་པར་འདི་དག་གནང་སྐབས་སྲོག་བླུ་དགེ་སྐུལ་ཡང་མཉམ་དུ་གནང་གིན་ཡོད།
(༡)༡༩༨༤ལོར་བླ་རུང་དུ་སྙིང་ཐིག་ཡ་བཞི་དབང་གི་སྐབས་སུ་བསྒྲོན།
(༢) ༡༩༨༧ ལོར་རི་བོ་རྩེ་ལྔ་ནས་འཇམ་དཔལ་རྫོགས་པ་ཆེན་པོའི་ཆོས་སྐོར་རྣམས་གསུངས་པའི་སྐབས་སུ་བསྒྲོན།
(༣) ༡༩༩༠ལོར་རྒྱ་བལ་འབྲུག་གསུམ་གྱི་གནས་གཟིགས་གྲུབ་རྗེས་ལམ་བར་དུ་རྒྱ་ནག་གི་གྲོང་ཁྱེར་ཧོང་ཀོང་དུ་པར་ཁང་ཞིག་དུ་བསྒྲོན། སྐུ་པར་འདི་ནི་གནས་གཟིགས་གྲུབ་ནས་ཕྱིར་སློབ་གླིང་དུ་ཕེབས་སྐབས་སློབ་ཚོགས་ཡོངས་ལ་ཕྱག་རྟགས་སུ་གནང་རྒྱུའི་ཆེད་དུ་བསྒྲོན་པ་ཞིག་ཡིན།
(༤)༡༩༩༣ལོར་ནུབ་ཕྱོགས་ཀྱི་རྒྱལ་ཁག་ལ་ཆོས་འཁོར་སྐོར་བའི་བཀའ་དྲིན་སྐྱོང་སྐབས་ཁེ་ན་ཏའི་རྒྱལ་ཁབ་ནས་སྒྲོན་པ་ཞིག་ཡིན།
བླ་མ་བསོད་དར་རྒྱར་གྱིས་གསུང་ལས་བཤུས།

࿐དྲིལ་ཆུང་གི་རང་སྒྲ།
མཚམས་སྤྲིན་དམར་པོའི་འོད་ངོགས་དེ་ན།།
རྒྱ་ཕིབས་སེར་བོའི་མདངས་ལ་འཁྱུད་པའི།།
དྲིལ་ཆུང་སིལ་སྒྲ་རྣ་བར་ལྷུང་དུས།།
ལྷང་འཇགས་མཚན་མོའི་རྨི་ལམ་བོར་འགྲོ།
དམ་ཆོས་གླེགས་བམ་དུམ་པ་རེ་རེའི།།
ཤོག་དྲིལ་ཉིན་སྲུབ་ཀློག་འདོན་བྱེད་དུས།།
ངལ་དུབ་སྣང་བ་མོག་མོག་གསེབ་ནས།།
དྲིལ་ཆུང་རང་སྒྲའི་རྣམ་ཤེས་སྒུལ་ཡོང་།།
ཟླ་བ་སྒོར་སྒོར་སེམས་ཀྱི་འོད་ཡིན།།
སྐར་ཚོགས་ཚོམ་བུ་ལུས་ཀྱི་རྨ་ཡིན།།
སྐྱི་སེར་རླུང་གི་ན་ཟུག་ཐེབས་དུས།།
དྲིལ་ཆུང་སྐད་ལ་སྨོན་པ་གྲངས་མེད།།
སྐྱ་རེངས་བུ་མོ་འཛུམ་གྱིས་བསུས་ནས།།
སྐར་ཆེན་ཕྲ་བརྒྱན་ཐོད་ལ་བཏགས་ཏེ།།
རྡོ་བཅལ་སྔོན་མོར་སྐྱོར་དབྱངས་འགུགས་དུས།།
དྲིལ་ཆུང་རང་སྒྲའི་རམ་འདེགས་སྙན་སོང་།།
ངུར་སྨིག་རང་མདངས་འོད་དུ་འཚེར་བའི།།
རབ་བྱུང་བཙུན་པའི་ངྷི་སྐད་ཕྲ་མོར།།
བརྒལ་བརྟག་ལུང་རིགས་རྩལ་དུ་འདོན་དུས།།
དྲིལ་ཆུང་རང་སྒྲ་དབུགས་ཀྱི་རྒྱུན་ཡིན།།
དྲིལ་ཆུང་གཡེར་ཁའི་སྒྲ་ལས་མཆེད་དེ།།
ཚོར་སྣང་འདུ་ཤེས་སྟོང་གི་འཁྲུལ་བ།།
རང་སེམས་སྐྱོ་བའི་གླུ་རུ་དྲངས་ནས།།
གསེར་སྙན་གསོ་བའི་གསོས་སུ་འབུལ་ལོ།།

✋热门推荐