“རྣམ་པ་ཀུན་ཏུ་སེམས་ཀྱིས་ཡོངས་བརྟགས་ཀྱང་། །
བདག་ལས་ཆེས་སྡུག་འགའ་ཡང་མ་མཐོང་བ། །
དེ་ལྟར་སོ་སོར་གཞན་ལའང་རང་སྡུག་པ། །
དེ་ཕྱིར་བདག་གིས་གཞན་ལ་གནོད་མི་བྱ། །

བདེ་བ་འདོད་དང་སྡུག་བསྔལ་མི་འདོད་པར། །
སྐྱེ་བོ་ཀུན་ཀྱང་ཤིན་ཏུ་མཉམ་པའི་ཕྱིར། །
བདག་གི་ཚུལ་ལ་བལྟས་ནས་འགྲོ་བ་གཞན། །
ཤིན་ཏུ་ཕོངས་པར་གྱུར་ལ་སྙིང་རྗེར་བྱེད། །”

ས་ག་ཟླ་བ་ནི་སྟོན་པ་ཤཀྱ་ཐུབ་པ་སྐུ་འཁྲུངས་པ། ཆོས་ཀྱི་འཁོར་ལོ་བསྐོར་པ། མྱ་ངན་ལས་འདས་པ་སྟེ་དུས་ཆེན་སུམ་འཛོམས་ཡིན་པས། རང་རེ་ནང་པ་རྣམས་ལ་དུས་ཚེས་ཁྱད་པར་ཅན་ཞིག་ཡིན།

རང་རེ་རྣམས་ཀྱིས་ནི་རང་གི་ཆོས་བརྒྱུད་ཀྱི་བླ་མ་དང་དགོན་པའི་བླ་མ་ལ་སོགས་ལ་མཆོད་པའི་དུས་སྟོན་བྱེད་པ་ལས། སྟོན་པ་ལ་མཆོད་པའི་དུས་སྟོན་བྱེད་མཁན་ནི་ཆེར་མེད། རང་གི་བླ་མ་ལ་མཆོད་པའི་དུས་སྟོན་བྱེད་པ་ནི་ཚོགས་བསགས་ཁྱད་པར་ཅན་ཡིན་པས་དེ་ལྟ་བུ་བྱེད་པ་ནི་སྨོས་ཅི་དགོས་ཀྱང་། ང་ཚོ་ནང་པ་སྤྱིའི་ངོས་ནས་སྟོན་པ་རྗེས་སུ་དྲན་པའི་དུས་ཆེན་ནི་ཅིས་ཀྱང་བསྲུང་དགོས་པའི་དུས་ཆེན་ཡིན། དེ་བས་ངེད་ཅག་སློབ་གླིང་གི་དབུ་འཛིན་རྣམ་པས་ཀྱང་དགོས་པ་དམིགས་བསལ་བ་ཆེར་མཐོང་སྟེ་སྟོན་པ་རྗེས་སུ་དྲན་པའི་དུས་སྟོན་སྤེལ་བ་ལགས། དེ་ཡང་འདུལ་བ་གནས་མལ་གཞི་ལས་བྱུང་བ་བཞིན་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ཏེ་རྒྱལ་བུ་དོན་ཀུན་གྲུབ་པའི་སྐུ་གཟུགས་རྒྱལ་བུ་གཞོན་ནུའི་ཆ་ལུགས་ཅན་དར་ཐོད་སོགས་ཀྱིས་བརྒྱན་པ་ཁྱོགས་ཀྱིས་བསྐུར་ཏེ། དེ་ལ་གདུགས་དང་རྒྱལ་མཚན་བ་དན་དག་བསྒྲེང་། ལམ་པོ་ཆེར་དག་ཏུ་མེ་ཏོག་གི་ཕྲེང་བའི་ཟ་མ་ཏོག་སྟེ་མེ་ཏོག་ཕྲེང་བའི་སྣོད་བྱས། དེ་ལ་དྲིའི་ཟ་མ་ཏོག་ཡང་བྱས། དགེ་འདུན་གྱི་སྡེས་ཞབས་འབྲང་བྱས། འགའ་རེའི་ལྷའི་བུ་དག་གི་གཟུགས་སུ་མེ་ཏོག་གཏོར། འགའ་རེའི་དྲི་ཟའི་གཟུགས་སུ་སིལ་སྙན་བྱེད་པ་དང་། རོལ་མོ་མཁན་གྱིས་དུང་དང་རྔ་བོ་ཆེ་སོགས་པའི་རོལ་མོ་ཡང་བྱས།

སྐུ་གཟུགས་དེ་ལ་མཆོད་ཡོན་འབུལ་བ་དང་། ཞབས་ལ་དྲི་ཆབ་གསོལ་བ་སོགས་མཆོད་པའི་རི་མོ་སྣ་ཚོགས་པ་བྱས་ཏེ་སྟོན་པའི་མཛད་པ་དང་རྣམ་ཐར་ཡིད་ལ་བྱས།

ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་སྟོབས། །
བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ། །
ཆོས་མཐུན་བཀུར་སྟིའི་བཞུགས་གྲལ་གོ་ལོག་དུ་བསྡེབས་ནས། །
སེང་གེ་ཁྱི་ཡི་གཡོག་ཏུ་གྱུར་ཚུལ་འདི་སྐྱོ་བ། །

མཁས་དབང་དགེ་འདུན་ཆོས་འཕེལ་གྱིས།


发布     👍 0 举报 写留言 🖊   
✋热门推荐
  • 最新最全!一图读懂8省市新高考改革方案
  • 哈佛的学生都在看这种视频,每天 15 分钟,英语水平暴增
  • 重磅!中注协公布2018注会考试合格率!审计通过率已超31%!2019注会考试趋势同曝光!
  • 一大波老师被实名举报!
  • 这张请假条居然能让语文老师“集体传阅”,我真是气不打一处来
  • 特别关注!新版《各学科答题规范》官方要求,请转给身边每位考生!
  • 第十六届南方医科大学英语演讲大赛通知
  • 2035年养老金将耗尽?人社部回应了→
  • 韩国网友号召为螺蛳粉申请非遗????
  • 惊呆了!素媛凶手将被释放具体是什么情况?这到底是个什么梗
  • 迪士尼收购福克斯、Netflix上位,好莱坞“新六大”重新洗牌
  • 6省份深度老龄化,两因素叠加导致,将面临什么问题?
  • 首款产后抑郁症药问世、小猪佩奇被批性别歧视、东京奥运火炬揭晓丨今日天下
  • 郑爽发布会扇嘴巴,演绎“疼痛”青春 网友:是个狠人
  • 三星长女滥用麻醉 网友却纷纷提起“凤凰男”前夫
  • 关晓彤晒清宫装造型,手拿小帕娇羞动人,话题一夜之间上热搜!
  • 阴曹地府货币发行量即将输给委内瑞拉
  • 刀锋|重磅!科创板首批名单出炉(概念股大全)
  • 沪指坚守3100点?写在跌破2440之前...
  • 流浪大师真实身份是什么?抖音流浪大师背景资料