ས་ག་ཟླ་བ།
དུས་ཆེན་གསུམ།
སྐུ་འཁྲུངས།
སངས་རྒྱས།
མྱ་ངན་ལས་འདའ།
ཤར་ཕྱོགས་ཉི་ཟླ་འཆར་ལམ་དུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
ལྷོ་ཕྱོགས་གཤིན་རྗེའི་ཡུལ་ཕྱོགས་སུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
ནུབ་ཕྱོགས་ཉི་ཟླ་ཕེབས་ལམ་དུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
བྱང་ཕྱོགས་ཐང་ཆེན་མཐའ་མེད་དུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
སྟེང་ཕྱོགས་ལྷ་ཡི་གྲོང་ཁྱེར་དུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
བར་ཕྱོགས་མི་ཡི་གནས་རིས་ལ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
འོག་ཕྱོགས་ཀླུ་ཡི་ཡུལ་ཁམས་ལ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
དེ་བཞིན་དམྱལ་བ་ཡི་དྭགས་དང་།།
དུད་འགྲོ་ལྷ་མིན་གནས་དག་ཏུ།།
གཞན་དབང་ལས་ཀྱི་ཁ་ལོ་པས།།
རྡུལ་རེའི་སྟེང་ན་ལན་ཁྲི་འབུམ།།
སྐྱེ་ཤིའི་ལས་སུ་བསྐྱལ་བ་ཐོས།།
ད་རེས་སྟོན་པ་ཉི་མའི་གཉེན།།
ཤཱཀྱའི་རིགས་སུ་སྐུ་འཁྲུངས་ཤིང་།།
འགྲོ་ཀུན་ཆེད་དུ་མངོན་སངས་རྒྱས།།
རྟག་བརྟན་བྲལ་བའི་བརྡ་མཚོན་དུ།།
རྩྭ་མཆོག་གྲོང་དུ་མྱ་ངན་འདའ།།
དེས་གདམས་སེམས་ཀྱི་བདུད་རྩི་ལ།།
རོལ་ན་རང་དབང་འཚོ་བ་ཞིག།
ཐོབ་པར་གསུངས་པའི་དུས་ཚོད་འདི།།
གཅེས་སྤྲས་བགྱིད་པའི་གནས་སུ་འོས།།
དུས་ཆེན་གསུམ།
སྐུ་འཁྲུངས།
སངས་རྒྱས།
མྱ་ངན་ལས་འདའ།
ཤར་ཕྱོགས་ཉི་ཟླ་འཆར་ལམ་དུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
ལྷོ་ཕྱོགས་གཤིན་རྗེའི་ཡུལ་ཕྱོགས་སུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
ནུབ་ཕྱོགས་ཉི་ཟླ་ཕེབས་ལམ་དུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
བྱང་ཕྱོགས་ཐང་ཆེན་མཐའ་མེད་དུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
སྟེང་ཕྱོགས་ལྷ་ཡི་གྲོང་ཁྱེར་དུ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
བར་ཕྱོགས་མི་ཡི་གནས་རིས་ལ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
འོག་ཕྱོགས་ཀླུ་ཡི་ཡུལ་ཁམས་ལ།།
སྐྱེ་བ་བླངས་པ་གྲངས་མེད་ཟེར།།
དེ་བཞིན་དམྱལ་བ་ཡི་དྭགས་དང་།།
དུད་འགྲོ་ལྷ་མིན་གནས་དག་ཏུ།།
གཞན་དབང་ལས་ཀྱི་ཁ་ལོ་པས།།
རྡུལ་རེའི་སྟེང་ན་ལན་ཁྲི་འབུམ།།
སྐྱེ་ཤིའི་ལས་སུ་བསྐྱལ་བ་ཐོས།།
ད་རེས་སྟོན་པ་ཉི་མའི་གཉེན།།
ཤཱཀྱའི་རིགས་སུ་སྐུ་འཁྲུངས་ཤིང་།།
འགྲོ་ཀུན་ཆེད་དུ་མངོན་སངས་རྒྱས།།
རྟག་བརྟན་བྲལ་བའི་བརྡ་མཚོན་དུ།།
རྩྭ་མཆོག་གྲོང་དུ་མྱ་ངན་འདའ།།
དེས་གདམས་སེམས་ཀྱི་བདུད་རྩི་ལ།།
རོལ་ན་རང་དབང་འཚོ་བ་ཞིག།
ཐོབ་པར་གསུངས་པའི་དུས་ཚོད་འདི།།
གཅེས་སྤྲས་བགྱིད་པའི་གནས་སུ་འོས།།
ཕུན་ཚོགས་དགེ་ལེགས་བྱེ་བས་བསྐྲུན་པའི་སྐུ།།
མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།།
མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།།
ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ།།
མཐའ་ཡས་འགྲོ་བའི་རེ་བ་སྐོང་བའི་གསུང་།།
མ་ལུས་ཤེས་བྱ་ཇི་བཞིན་གཟིགས་པའི་ཐུགས།།
ཤཱཀྱའི་གཙོ་བོ་དེ་ལ་མགོས་ཕྱག་འཚལ།།
ས་ག་ཟླ་བ་ནི་སྟོན་པ་སངས་རྒྱས་ཀྱི་དུས་ཆེན་སུམ་འཛོམས་ཡིན། སྟོན་པ་རྗེས་དྲན་གྱི་ཕྱིར་དུ་ཟླ་བ་འདི་བོད་གངས་ཅན་གྱི་དཀར་ཟས་ཟླ་བ་དང་སྡིག་མེད་ཟླ་བ་ཞིག་ཏུ་འགྱུར་བའི་རེ་བ་ཆེ། ཟླ་བ་འདིའི་ནང་ཀུན་གྱིས་ཤ་སྤང་བ་དང་དགེ་སྒྲུབ་སྡིག་སྤོང་ཅི་ནུས་བྱེད་པར་ཞུ།
—•— མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།
—•— མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས།
✋热门推荐