༄༅། ། འཇམ་མགོན་བླ་མ་ཤར་ཙོང་ཁ་བ་ཆེན་མོར་བསྟོད་པ་དྲི་ཟའི་དབྱངས་ཀྱི་མཆོད་སྤྲིན།

དྷཱིཿཚ།

ཀ་རྫི།

ཚོགས་གཉིས་འོ་མཚོ་བསྲུབས་པ་ལས་བྱུང་སྐུ་མཆོག་ནོར་བུའི་མཚར་སྡུག་འོད།།
ལུང་རིགས་ཉི་ཟླའི་རྣ་ཆས་རབ་བརྒྱན་ངང་བའི་བུ་མོའི་མཛེས་སྡུག་ཕྲོགས།།
ཐོས་བརྩོན་མཚམས་སྤྲིན་གོས་སུ་རྣམ་རོལ་དགེ་མཚན་དབྱར་རྔས་ས་གསུམ་ཁྱབ།།
ཟུར་ཕུད་ལྔ་བའི་མཁྱེན་རབ་གཅིག་བསྡུས་འཇམ་མགོན་བླ་མ་གཙུག་ན་རྒྱལ།།

དབང་ཕྱོགས་ཙོང་ཁ་ལྷུན་པོའི་སྤོ་ལས་བསོད་ནམས་ཆུ་འཛིན་ལྟོ་བ་བརྡོལ།།
བྱིན་རླབས་གྲུ་ཆར་ཟེགས་མ་ཉིལ་བས་མཉེས་གཤིན་ལྗོན་པའི་རྩ་ལག་རྒྱས།།
ཐེག་མཆོག་ཆོས་ཀྱི་པད་མའི་ཚལ་ལ་སྐལ་བཟང་ཉི་དགའ་མེ་ཏོག་འཁྲུངས།།
འཁོར་འདུས་ཕུན་ཚོགས་རྟག་པར་བཟླས་ཀྱང་བརྗོད་པས་མི་བཟད་ལྷ་རྣམས་ངལ།།

ཟབ་མོ་རྟེན་འབྱུང་རིགས་པའི་དར་ཚོན་མཁྱེན་དཔྱོད་རལ་གྲིའི་ཡུ་བར་དྲངས།།
སྲིད་པའི་ལོངས་སྤྱོད་མཐར་འཛིན་དྲ་བ་གཡོ་མེད་ཐོས་བསམ་རྩེ་རུ་བཀལ།།
མཁའ་ཁྱབ་སྐྱེ་རྒུའི་རྨོངས་མུན་སྟུག་པོ་དཀའ་ཐུབ་རྡོ་རྗེའི་ཕྲག་ཏུ་བཞེས།།
ལེགས་ཚོགས་ཀུན་གྱི་འབྱུང་གནས་གཅིག་པུ་བླ་མའི་ཞབས་རྡུལ་སྤྱི་བོར་ལེན།།

མ་སྨད་རྣམ་དཀར་ཚུལ་ཁྲིམས་གཞི་ལ་ངེས་འབྱུང་མེ་ཏོག་ཐགས་སུ་བཀྲ།།
མདོ་སྔགས་གཞུང་བརྒྱའི་ཀུ་མུད་ཚོམས་ལས་མང་ཐོས་ཡལ་ག་ཕྱོགས་སུ་རྒྱས།།
སྨིན་ལེགས་སྒོམ་བྱུང་འབྲུས་བུའི་བཅུད་ཀྱིས་གྲངས་མེད་གདུལ་བྱ་ཚིམ་པར་མཛད།།
མཚུངས་མེད་གྲགས་སྙན་བ་དན་དཀར་བོ་སྲིད་གསུམ་འཛིན་མའི་ཁྱོན་ལ་བསྒྲེངས།།

མཛེས་སྡུག་དབང་བོ་ཀུན་དའི་གཉེན་གཅིག་སྒྱུ་སྐར་གཙོ་བོ་རི་བོང་འཛིན།།
ནོར་འཛིན་སྒེག་མོའི་ལང་ཚོའི་ཆོམ་རྐུན་པད་མ་རྒྱས་མཛད་ཉིན་མོའི་མགོན།།
མཐོན་མཐིང་དབྱིངས་སུ་འོད་ཀྱིས་དྲེགས་ཀྱང་མཁྱེན་པའི་ཟླ་གཞོན་ཁྱོད་མཐོང་ཚེ།།
སྐུ་ཡི་གཟི་བརྗིད་སྙིང་གིས་མ་བཟོད་འགྲོས་ལྡན་སྤྲིན་ལ་བཅིབས་ནས་བྲོས།།

རིམ་གཉིས་ལམ་གྱི་ཐུན་མཚམས་བརྒལ་བས་ཁྱེད་སྐུའི་མངའ་ཐང་བསྒྲུན་དུ་མེད།།
ཀུན་རྨོངས་དབུལ་བ་ལྷག་མེད་བཅོམ་པས་ཁྱེད་གསུང་ཆུ་གཏེར་བྲི་བ་མེད།།
དཔག་ཡས་ཡོན་ཏན་མ་ལུས་གཟིགས་པས་ཁྱེད་ཐུགས་དབང་གཞུ་བདས་ཟིན་མེད།།
བདག་རྒྱུད་སྨིན་ཕྱིར་ཡོན་ཏན་མཚོ་ལས་ཟིལ་ཐིགས་རྡོག་ཙམ་བརྗོད་པ་ལགས།།

༢༠༢༡.༦.༨ཉིན་བྲིས།

མཛེས་པ་མིག་གིས་འཚོས་པའི་འཛུམས་འཚེར་གྱི་གཞི་མ།།
བརྩེ་སེམས་ཞེ་ནས་བཅངས་པའི་མཛའ་གཅུག་གི་རྣ་ཆ།།
དུང་ཞེན་གཞི་ནས་མ་རྙིང་ཀུན་ད་ཡི་འདབ་མ།།
དཔྱིད་དཔལ་ལྷ་མོའི་འཛུམས་དཀར་མ་བོས་ཀྱི་འགྲོན་པོ།།

སློབ་གསེང་ངལ་གསོའི་ཁོམས་དུས་འཕྲལ་མར་སྦྱར་བ་གཙང་སད་པས།

འཚོ་བ་འཇིག་རྟེན་མི་ལ་རེ་བ་མ་བཅས། །
ལ་རྐེད་སྨུག་སྤྲིན་མན་ལ་གོམ་ཁ་མ་བཞག །
གནམ་སའི་མཚམས་ན་བསྒྲིགས་པའི་རི་རྩེ་འགྲིམས་ནས། །
སྤངས་རྟོགས་ཚད་དུ་བསྐྱལ་བ་མི་ལ་རས་པ། །

རང་བྱུང་རྡོ་ལེབ་སྟེང་ནས་ཏིང་འཛིན་ཟས་ཟོས། །
ཁ་བ་བུ་ཡུག་ཁྲོད་ནས་གཏུམ་མོའི་གོས་གྱོན། །
བྲག་ཆའི་རོལ་མོའི་རྒྱུད་ནས་རྟོགས་པའི་མགུར་བླངས། །
སྙན་གྲགས་བོད་ལ་བཞག་པ་མི་ལ་རས་པ། །

གཅེས་འཛིན་སེམས་ཀྱི་ཞེན་པ་རི་ནས་བཅད་དེ། །
རང་དོན་མཐའ་རུ་ཕྱིན་ནས་འགྲོ་དོན་སྒྲུབ་དུས། །
གཡུ་ཆུང་དྲུག་དཀར་ཙམ་རེའི་གཞན་ཕན་དོན་དུ། །
ལུས་སྲོག་བློ་ཡིས་འདོར་ནུས་མི་ལ་རས་པ། །

དཀའ་སྡུག་འཚོ་བས་མནར་ནས་མིག་ཆུ་འཐོར་མྱོང་། །
སྒྲིབ་སྦྱང་མཁར་ལས་བྱས་ནས་ཟུངས་ཁྲག་བཞུར་མྱོང་། །
དགའ་སྐྱིད་གྲུབ་པ་བརྙེས་ནས་གླུ་ཆུང་ལེན་མྱོང་། །
མ་མྱོང་དགུ་མྱོང་མྱོང་མཁན་མི་ལ་རས་པ། །

ཨ་མའི་ངག་བཞིན་གྲུབ་པའི་བུ་ཆུང་ཁྱེད་ཡིན། །
བླ་མའི་གསུང་བཞིན་གྲུབ་པའི་སློབ་མ་ཁྱེད་ཡིན། །
དགྲ་བོ་རྩ་མེད་བརླགས་པའི་དཔའ་བོ་ཁྱེད་ཡིན། །
བསམ་བསམ་འདོད་ཐོག་འགྲུབ་ནུས་ཁྱེད་རང་ཙམ་ཡིན། །

ཞེས་པ་འདི་ནི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ནང་གི་ཨ་མ་མྱང་ཚ་དཀར་རྒྱན་གྱི་འདོར་མི་ཐུབ་པའི་འཁོན་འཛིན་དང་འགྲན་སེམས། སྒྲ་བསྒྲར་མར་པ་ལོ་ཙཱའི་དཔག་དཀའ་བའི་དགོངས་རྟོགས་དང་ཐུགས་གཤིས། རྗེ་བཙུན་མི་ལ་རས་པའི་བཟོད་སྲིན་གྱི་སྙིང་རུས་དང་དད་བརྩོན་དག་རྣམ་ཐར་དེ་ཉིད་ཀློག་པ་པོ་དག་ལ་དགའ་སྡུག་དང་ངོ་མཚར་སྐྱེ་བའི་གྲུབ་ཆ་གཙོ་བོར་སོང་ཡོད་པར་ཤེས་ཏེ། ལོ་རྒྱུས་སྙན་ངག་གི་བླ་སྲོག་དེ་ཚོའི་རང་བཞིན་བརྗོད་པའི་བསྟོད་པ་འདིའང་ཆུང་ནས་བཟུང་སྙན་རྩོམ་འབྲི་བ་ལ་གོམས་པའི་དགའ་ཕྱོགས་ཀྱི་བག་ཆགས་རེས་བསྐུལ་ནས་མདོ་རྡོ་རྗེ་བྲག་ཏུ་འཆི་མེད་རིག་འཛིན་གྱིས་སྨྲས་རིམ་བཞིན་གཞན་ལ་ཡི་གེར་ཕབ་ཏུ་བཅུག་པའོ། ། ༢༠༢༣ / ༢ / ༡༥


发布     👍 0 举报 写留言 🖊   
✋热门推荐
  • 请相信,你运动时流下的每一滴汗,#武汉婚纱照#【知识点闯关挑战】第1️⃣期⭐世界上最早提出启发式教学的教育家是? #武汉婚纱照#我们能做的只是要拼尽全力,即使
  • 第一个,这个分享奖励就是我们平常大家都知道的这个直推奖励,我们销售一台,销售一台可以直接赚取的一个利润,第二个它叫做加权分红,加权分红,就是当我们达到一定的业绩
  • A. 透明感:让光成为穿搭的一部分(图1/2/3)理想的透明感应是“透而不露”这种设计可以做得很日常,其中要点,便在于将“透明”融入细节之中。人一辈子,无非就是
  • 宋湘波露宿街头快2年了。他和马云一起吃过饭,做过财经记者,采访过世界上20位富豪,做过公司高管,发表过上百篇文章,被称为年轻作家。他毕业于重庆工商大学,现在四处
  • !!
  •     多单:美盘若有回撤12600下方激进可逐步做多,稳健依旧等待日内安全点位12480-12520做多,12380补多,止损12300,目标看12820离场
  • 命运卡牌数量众多,卡面精美,非常有收藏价值,且能够带来不错的战斗力收益,但是为了让收益最大化,可以尽早使用到命运技能,这里建议经纪人优先收集单一的主题,经纪人可
  • 【护肤合集】要入护肤品的宝都可以看看,明晚20点开抢~ 先领券: 购:【94】AHC 小黑管全脸眼霜60ml 先领券: 购:【147】AHC 小神仙水水乳10
  • 十五、治干咳三法1、食油白糖煮鸡蛋有一种咳嗽(俗称干咳嗽)无痰且不发烧,可将半茶缸水煮沸,放食油(花生油最好)1两汤匙,再放适量白糖,然后将一个鸡蛋打碎加入茶缸
  • 为了让全国各地的消费者品尝到鲜美的华南荔枝,南航物流的“荔枝航班”也应运而生。冰糖桃皮薄肉软,对运输要求较高,而通过航空运输,不仅高效保证了“天山冰糖桃”快速进
  • 南无莲池海会佛菩萨(三称) 《佛说阿弥陀经》 姚秦三藏法师鸠摩罗什译   如是我闻。一时佛在舍卫国,祇树给孤独园。与大比丘僧,千二百五十人俱,皆是大阿罗汉,众
  • 第二次出差,到深夜1点15分才入住酒店,为了找一间相对便宜的酒店,深夜一点背着包在马路上一个人行走在陌生的城市,瞬间觉得挺心酸的,没有一个挂念在外的我,我到底是
  • Neroli Oranger 和光同橙一个很简单的柑橘橙花,和其他同类型香水比这支的特点应该是柔和吧,略带皂感甚至有点奶里奶气(刚喷出来可能有点点刺激,过几分钟
  • 入院后再次做了一次心电图,没太大异常,我也更加放心了,因为这次心电图距离患者心衰发作已经有5-6个小时了,如果真是心梗,早就应该有心电图表现了。晚上有人发了张国
  • 也不知道该感谢赶在上班点儿来的大雨,还是该感谢把伞忘在办公室的ju脑子,短暂偷来小半天,听听音乐看看书可能是太焦虑了,不长的时间,被人推着、催着,好像走了好远,
  • 行莫于恭敬,善莫于用心。 行莫于恭敬,善莫于用心。
  • 这种邪门歪道真的不要去做,还好我把大哥给救了这大哥一早就找到我,说是现在手里缺米,想在我这里弄台车,就想弄那个一千九就能提车的日产蓝鸟,然后跟我说提完车之后,能
  • 但孩子太多了,感觉无法好好照顾,就一直算比较努力地在出,价格也55到现在40出头送走,但到新的地方好好的就好,还是有感情的,有点不舍。最后告诉我是送人的,我就有
  • 拿着海汽集团,农业银行,宝塔实业,中国银行,广州浪奇,永泰能源,惠博普,中成股份,浦东建设,兆驰股份,湖南天雁,吉林化纤,*ST大集,包钢股份,中国能建,天沃科
  • 晚上妈妈特意做的红烧肉有点肥我吃了一些就不吃了我说我要减肥今天口才课上 老师真问我减肥的事了但妈妈觉得可能是有点不可口了我是从来没说过妈妈做的什么不好吃喜欢吃我