རུ་སྡེ་སྨུག་ལ་འདྲེས་པའི་རྫ་བརྒྱུད་དུ།།
ཆུ་མོ་དྭངས་ཤིང་གཙང་བ་འོ་ཆུ་བཞིན།།
མི་མེད་དབེན་པའི་གནས་སུ་བཞུར་བ་ན།།
ཤ་བ་ཕོ་ཆེན་སྐོམ་པས་རི་ལ་བསྙེགས།།



རྩ་སྐྱ་རླུང་ལ་འདྲེས་པའི་གཞུང་ཆེན་དུ།།
དཀར་དམར་སྣ་བརྒྱའི་མེ་ཏོག་ལྷ་ཡུལ་བཞིན།།
ཕ་ས་གཅིག་ཏུ་མཛེས་སྡུག་བཀྲ་བ་ན།།
གཏིང་མ་བྱིས་པའི་ཚོར་སྣང་ཞེ་ལ་ཐོགས།།

དུ་ཞག་སྤྲིན་པར་འདྲེས་པའི་སྡེ་མཐའ་རུ།།
འབྲི་མོའི་ངུར་སྒྲ་མ་བུར་འཕྲད་པ་བཞིན།།
བརྩེ་བའི་ས་ཆེན་དལ་གྱིས་སྐྱོམ་པ་ན།།
རས་གོས་རྙིང་རལ་ཅན་གྱི་མ་ལོ་དྲན།།

མདོ་སྔགས་བསྟན་འཛིན

༄༅།། རྒྱབ་རིའི་ཕྲག་གོང་ནས་ཡལ་བའི་ཉི་མ་འོད་པོ་ཆེ་དྲན་པའི་གདུང་དབྱངས་ས་ཆེན་སྐྱོམ་པའི་ང་རོ།

<<༧རང་རེའི་ཞིང་གི་བདག་པོ་དཔལ་ལྡན་བླ་མ་དམ་པ་སྐྱབས་རྗེ་སེ་ར་མཁྱེན་པ་ངག་དབང་གསུང་རབ་རྒྱ་མཚོ་མཆོག་གི་དགོངས་པ་ཆོས་དབྱིངས་སུ་ཐིམས་པའི་རྗེས་དྲན་སྙན་ངག>>

ཁག་ལྔ་པ།
_______མཚོ་བྱང་།

ཀ་རྫི།

ཁྱེད་ཉིད་དོན་དམ་འཇའ་ཚོན་བདས་ཕྱིར་དུ།།
ཀུན་རྫོབ་སྐྱེ་འཆིའི་བགྱི་བ་ལྷུར་བླངས་པས།།
རྣམ་དག་སེམས་པའི་འབྲོང་རྒོད་རེ་ཆད་དེ།།
སྐྱོ་གདུང་ན་བུན་སངས་ཆེད་ས་མཐར་ཡན།།

ཉི་ཟླའི་འཆར་ནུབ་ཉིན་ཞག་རེས་སུ་འཁོར།།
ལོ་ཟླའི་འཕེལ་འགྲིབ་སྤྱི་བོའི་ལས་སུ་གྲུབ།།
ཡོངས་ཁྱབ་གང་དག་གདེང་གིས་ཟིན་མོད་ཀྱང་།།
ཁྱེད་སྐུ་མུ་ཏིག་སྒྲོམ་བཟང་ཆག་པས་ཕངས།།

དམར་སེར་ལི་ཁྲིའི་ཚོན་གྱི་མདངས་བྱུག་པ།།
དམ་ཆོས་རྒྱ་མཚོ་འཕེལ་བའི་རླབས་འཕྱུར་བ།།
དགའ་ལྡན་ཆོས་འཕེལ་གླིང་བའི་སྙན་པ་ཅན།།
ཁྱེད་སྐུའི་གཟིགས་སྐྱོང་བྲལ་རྗེས་ཉམ་རེ་ང་།།

གཡུ་མདོག་ནམ་མཁའ་སྔོན་མོའི་རྒྱབ་ཡོལ་ལ།།
སྤྲིན་གྱི་ཐོར་ཚུགས་བཅངས་པའི་གསེར་ཏོག་ཆེ།།
ལྷ་ཟླས་གནམ་མཐའ་བསྐོར་པའི་ཐུགས་ཕམ་གྱིས།།
རྡུལ་གྱི་གོས་ལྭ་སྲབ་བུའི་ཐོག་ཁེབས་མནབས།།

ཉམས་རྟོགས་ཡེ་ཤེས་རང་གསལ་བླ་མའི་ཚོགས།།
བློ་གྲོས་ཐབས་རྩལ་རྒྱས་པའི་བཤེས་གཉེན་ཁག།
དབང་ཐང་མཁའ་དང་ཉམ་པའི་དཔོན་སློབ་རྣམས།།
ཁྱེད་སྐུ་འདས་གྲོངས་ཕྱིན་པས་མ་གདུང་སུ།།

སྨག་མུན་གཏིང་མཐའ་རིང་བོའི་ས་སྲོད་དེར།།
སྐྱེ་འཆིའི་རླུང་དམར་ལྡང་བ་བསིལ་ཞིང་གྲང་།།
སྐར་ཆེན་མིག་ཟུང་སྒོར་མོའི་མཆི་མའི་རྒྱུན།།
ནམ་ཞིག་སྐེམ་པའི་ཉི་གཞོན་འཆར་བར་ཤོག།

ཚོགས་གཉིས་ལྗོན་བཟང་བྱམས་པས་སྨིན་བྱས་ཤིང་།།
མི་ཟད་གཡུ་ལོ་ཞིང་འདིར་ཡང་བཀྲ་སྟེ།།
ཉོན་མོངས་ཚ་གདུག་སེལ་བའི་བསྐལ་བཟང་ཞིག།
འགྲོ་བ་བྱིངས་ལ་འཐོབ་པའི་སྙིང་རྗེས་གཟིགས།།

ཐུགས་སྨོན་གསེར་གྱི་སྒོ་ངའི་སྦུབས་གྲོལ་ནས།།
འཁྲུལ་མེད་ཁྱེའུ་དཀར་པོ་ལྟམས་འགྱུར་ཞིང་།།
མཁའ་ཁྱབ་སེམས་ཅན་དམིགས་མེད་བརྩེ་བ་ཡིས།།
བདེ་ཆེན་ཞིང་མཆོག་ཆེན་མོར་འགོད་ནུས་ཤོག།

རྫོགས་སོ།།

སརྦ་མངྒལཾ།

སློབ་དཔོན་ཨོ་རྒྱན་པད་མའི་ཞལ་ནས།
ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །
བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་གསུངས།
རང་ཉིད་ཀྱི་མགོན་དཀོན་མཆོག་གསུམ་ཡིན་ནས་བཟུང་ཡིད་ལ་ཅི་བསམས་པ་ཐམས་ཅད་མགོན་ཁྱེད་ཤེས་ཁྱེད་མཁྱེན་གྱི་ཡང་དག་པའི་དད་པ་ཞིག་ཡོད་ན་རང་ཉིད་ལ་བྱིན་རླབས་འཇུག་པ་དང་། དཀོན་མཆོག་གསུམ་ནི་རང་ཉིད་ཀྱིས་བློ་ཁེལ་ས་ཞིག་ཨེ་ཡིན་ན་བསམས་པའི་ཐེ་ཚོམ་གྱི་བློ་དེ་བྲལ་ན་ཉིད་ཀྱི་ཅི་བསམ་ཐམས་ཅད་དོན་འགྲུབ་ནི་རེད་གསུངས་པས། ཚང་མས་ཡང་དག་པའི་ངང་ནས་དཀོན་མཆོག་གསུམ་ལ་དད་པ་གཞག་རྒྱུ་ནི་གལ་ཆེའོ། །

邬金莲师言教
具有坚信得加持,
若离疑心成所愿。
自从自己的怙主是上师三宝之后,心里要是具有自己所意之事愿上师三宝知晓的坚信之心就能得到加持。若能离开对上师三宝可否依靠的疑心就能心想事成。因此,大家以纯洁的坚信上师三宝是至关重要的。


发布     👍 0 举报 写留言 🖊   
✋热门推荐
  • 曝光行动|2022(十七) 客货运车辆逾期未检验以下车辆均为面包车,均已到检验日期。机动车未按规定定期进行安全技术检验仍上路行驶的,交警部门依据《中华人民共和国
  • 她用艾叶来对病人进行灸灼,对咱们后世产生了很大的影响,并一直沿用至今‼️#艾艾贴艾奋斗网红团队##艾艾贴艾奋斗招商团队##艾艾贴艾奋斗团队# 【常识普及-何为真
  • 特别是从粮食问题切入,将粮食→能源→货币三大问题贯穿了起来,等于谈清楚了人类的底层逻辑(这是迄今很少有人谈及的)可复制 ##X-8S203Y4oEAiqSy##
  • 彦 你知道吗 我以前每天都好开心,从来都没说过上不下去 ,为什么现在一切都变了,也是怪我自己没有努力考个好高中怪我没有学好专业听别人说什么就是什么,真的上不下去
  • #喜欢你让我下沉##我和秋天有个约会##张敬轩#你们两个人之间的第一次见面,决定了日后你们会不会发生关系01前言:现在社会上有的人迟迟找不到自己的另一半,不是
  • 白羊座:智商速降2B状态开启金牛座:只是谈个恋爱却已经想好了和他的一生双子座:流量不够用了巨蟹座:没有娃却有了当妈的感觉狮子座:明明是女汉子却只想当个小女孩处女
  • 小V领相对来讲,就比较适合那些保守但又追求时尚的妹子,因为它的开口面积可以说是恰到好处,既起到了修饰脖颈线条的作用,又不会让大家觉得过于暴露。而高级两个字,一方
  • 在最近国家卫健委的例行发布会上,卫健委人口家庭司副司长已经承认:当前90后、00后作为新的婚育主体,婚育推迟现象十分突出,婚姻推迟增加了女性终身不婚的可能性不婚
  • 许多富贵人家会把门槛修得很高,这样就能体现出来尊贵的地位,生活中有人说某人门槛高,让人高攀不起,说的就是这个意思。民间流传着这么一句话:“一命二运三风水,四积阴
  • 不要与外境对立,因为心外无境,对立外境,其实是在对立自己的心。金刚经云:无诤三昧,人中最为第一;一切法无我,得成于忍。真心修行的人,一定要学会无诤,安忍柔顺,与
  • 想到妻子一个晚上不接电话,原来是和别人偷欢,男子怒火中烧,决定给他们一个教训! 此事令人唏嘘,庞某因为气不过,想教训郭某,没想把他给打死了。
  • 贾平凹:《暂坐》里人物众多,又没有离奇的故事,仅仅有个轮换去医院照顾夏自花的线索,那么,为了写好人物,就得注重日常生活,注重日常生活的细节,注重这些人物微妙的心
  • 上世纪九十年代末期,在一次聚会时,他郑重提醒我们几个学生:“现在戏说历史成风,实在令人气愤!可是,历史论文、专著,只是圈子里的人看,社会影响有限,有精力最好写历
  • 都不是,治愈我的是一场大病,癌症,它让我与生活和解,我不再执着挣钱,我不再着急换房,我不再追求换车;我不在拼命换取那点窝囊费,我不再说老公挣的少,我开始关心儿
  • 经过半年的运营,这些网点的工作和服务能力普遍提高,高效低毒、 价格实惠的“零差率”农药得到了广大农户们的青睐。农药零差率统一配供是禄口中心社今年重点开展的为农服
  • 而且,他听对方说,这段时间,这名男子每天都会在那里卖电动车,如果民警不信,他可以带民警去找。在民警几轮的心理攻势下,嫌疑人终于明白自己瞒不住了,不得不承认自己盗
  • 但专家特别指出,预制菜口味的丰富程度和添加剂不完全相关,因为很多香辛料都是天然的,虽然鱼露、酱油等调料里有添加剂,但是家庭烹饪也会用到。” 介绍,理论上说,和用
  • 两个人为啥就相爱了呀,在一起之后可以说给身边的每个人都造成了挺大的伤害,未知的爸妈,光的妈妈和医院,未知原来准备结婚的对象,还有她的好朋友。成年人的理性和权衡利
  • 国庆假期第4天,早晨去4S店送修上个月被刮的车车,然后打车去找Raymo和진진,同样是月湖雕塑公园,同样是露营,画风和前一天完全不同,气温从35度骤降到20度,
  • 【弗里达】墨西哥的四个居民——弗里达的伙伴鬼脸的骷髅——墨西哥儿童在亡灵节摆弄的小骷髅的放大版本,意象征着死亡,和那怀孕的神像一样,骷髅也在小女孩的视线方向上,