༧རྒྱལ་དབང་ཀརྨ་པས་ཉེ་ཆར་བོད་ཀྱི་སྐད་ཡིག་གི་རིན་ཐང་དང་རྒྱུན་འཛིན་བྱེད་ཐབས་སྐོར་གསུངས་པ།ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་མདོ་འཛིན་པས་རྒྱལ་དབང་ཀརྨ་པར་ཕུལ་བའི་དྲི་བ།࿅༽ རིན་པོ་ཆེས་གསུངས་པ་ནང་བཞིན་གཞུང་ཆེན་སློབ་གཉེར་དང་། རིག་གཞུང་གཅེས་འཛིན། མི་རིགས་ཀྱི་ངོ་བོ་གནས་དགོས་པ་ཡིན་ན་གཙོ་བོར་བོད་པའི་སྐད་ཡིག་ལ་ཐུག་གི་ཡོད་རེད་བསམ་གྱི་འདུག རིན་པོ་ཆེ་ཁྱེད་ཀྱིས་ཀྱང་རྟག་པར་སྐད་ཡིག་སྲུང་སྐྱོབ་ཐོག་ལ་ཐུགས་སྣང་ཆེན་པོ་གནང་གི་འདུག    བོད་ཕྱི་ནང་གཉིས་ཀར་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་པར་ཕྱོགས་མང་པོ་ནས་འགལ་རྐྱེན་དང་གནོན་ཤུགས་ཡོང་གི་འདུག དེ་འདྲའི་དཀའ་ཁག་འོག་བོད་ཕྱི་ནང་གཉིས་ཀྱི་བོད་པ་ཚོས་སྐད་ཡིག་རྒྱུན་འཛིན་ཆེད་ཤུགས་ཇི་ལྟར་བརྒྱབ་ན་ནུས་པ་ཆེན་པོ་ཐོན་པ་དང་། སྐད་ཡིག་དེ་བོད་མི་རིགས་ལ་མཚོན་ན་གནད་འགག་ག་ཚད་ཅིག་རེད།༧རྒྱལ་དབང་ཀརྨ་པས་ཨེ་ཡ་རང་དབང་རླུང་ཕྲིན་ཁང་གི་མདོ་འཛིན་པར་གནང་བའི་ལན། ࿄༽    ངས་བསམ་ན་ང་ཚོ་བོད་ལ་མཚོན་ན་སྐད་ཡིག་དེ་རང་རང་དང་རང་རང་གི་ཆོས་དང་རིག་གཞུང{༡}་བར་ལ་འབྲེལ་བྱེད་ཀྱི་ཐག་པ་ལྟ་བུ་རེད། སྐད་ཡིག་སྲུང་སྐྱོབ་མ་ཐུབ་ན་དཔེར་ན་ཤོག་བྱ་མཁའ་ལ་བཏང་སྟེ་སྐུད་པའི་སྣེ་མོ་རང་གིས་བཟུང་ནས་ཡོད་པའི་ཤོག་བྱའི་ཐག་པ་ཆད་པ་བཞིན། རང་རང་དང་ཆོས་དང་རིག་གཞུང་བར་ལ་འབྲེལ་བ་ཆད་པར་འགྱུར་བ་རེད། དེས་ན་སྐད་ཡིག་དེ་བོད་པའི་ཆོས་རིག་གི་བླ་སྲོག་ལྟ་བུ་རེད། བླ་སྲོག་མེད་ན་རོ་དང་འདྲ་བར་འགྱུར་བས་ངེས་པར་དུ་ང་ཚོས་སྐད་ཡིག་ལ་སློབ་སྦྱོང་བྱེད་དགོས་འདུག      སྐད་ཡིག་སློབ་སྦྱོང་བྱེད་པ་ལ། བོད་ནང་ལ་མཚོན་ན་དེང་དུས་རྒྱ་སྐད་མང་པོ་བཤད་པ་དང་ར་མ་ལུག་སྐད་དེ་རྒྱ་སྐད་དང་བོད་སྐད་བསྲེས་ནས་ལབ་ཀྱི་ཡོད་པའི་གནས་ཚུལ་མང་པོ་བྱུང་འདུག་ཡོད་པ་རེད། ཡིན་ནའང་བོད་ནང་དུ་བོད་པའི་མི་འབོར་མང་པོ་ཡོད་པས་སྐད་ཡིག་སྲུང་སྐྱོབ་བྱེད་པ་ལ་ཆ་རྐྱེན་ཡང་གང་འཚམ་ཡོད་པ་རེད།  འོན་ཀྱང་བཙན་བྱོལ་སྤྱི་ཚོགས་ནང་བོད་པའི་མི་གྲངས་ཧ་ཅང་ཉུང་བ་དང་གཞན་གྱི་ཤུགས་རྐྱེན་ཐེབས་ཆེ་བས། བོད་ཀྱི་སྐད་ཡིག་སྤུས་དག་པོ་དང་ཚད་ལྡན་ཡོང་བ་ལ་རྒྱ་གར་ནང་ལ་ཡང་དཀའ་ངལ་ཕྲན་བུ་འབྱུང་འདུག་ཡོད་པ་རེད་ལ། ལྷག་ཏུ་ཕྱི་རྒྱལ་ཁག་ལ་བོད་པའི་གཞོན་སྐྱེས་མང་པོས་བོད་སྐད་བཤད་མི་ཤེས་པ་དང་བོད་ཡིག་ཀློག་མི་ཤེས་པའི་གནས་ཚུལ་བྱུང་ཡོད་པས་ང་ཚོར་དངང་འཚབ་སྐྱེ་ཡོང་བ་ཞིག་རེད།         ཕྱོགས་གཅིག་ནས་ང་ཚོས་ཁ་ཕྱིར་བསྐོར་ཏེ་ཚོགས་པ་དང་སྒྲིག་འཛུགས་གཞན་པས་བོད་པའི་སྐད་ཡིག་སྲུང་སྐྱོབ་བྱེད་པ་ལ་རང་དབང་སྤྲོད་ཀྱི་མི་འདུག་ལ་གཏོར་གཤིག་གཏོང་གི་འདུག་ཟེར་ནས་སྐད་ཆ་བཤད་པ་རེད། འོན་ཀྱང་ཁ་ཚུར་བསྐོར་ཡོང་དུས་ང་ཚོ་བོད་པའི་ངོས་ནས་འཐུས་ཤོར་ཕྱིན་ཡོད་པའི་གནལ་ཚུལ་ཞིག་ཡོད་འདུག  དེ་ཡང་ཕ་མ་ཚོའི་ངོས་ནས་སྐད་ཡིག་ཐོག་དོ་སྣང་སྤྲད་པ་ཤུགས་ཆུང་དྲག་པ་དང་སྤྱི་ཚོགས་ཡོངས་ཀྱི་ངོས་ནས་ཀྱང་དེ་ཙམ་དོ་སྣང་སྤྲད་མ་ཐུབ་པའི་གནས་ཚུལ་ཞིག་འབྱུང་འདུག་ཡོད་པ་རེད།     དེས་ན་ཕྱི་རྒྱལ་ནང་གཟའ་མཇུག་སློབ་གྲྭ་ཟེར་བ་ཡོད་ཀྱང་བདུན་ཕྲག་རེའི་ནང་ཞག་མ་གཅིག་གཉིས་ཙམ་ལ་བསླབས་པ་དེས་ཕན་ཐོགས་ཅི་ཙམ་ཡོད་ན་དྲན་གྱི་འདུག དེས་ན་གཙོ་བོར་ཁྱིམ་ཚང་ནང་ལ་ཕ་མའི་ངོས་ནས་རང་རང་གི་ཕྲུག་གུ་ལས་རྩ་ཆེ་བ་མེད་པས་དེ་ལ་སྐད་ཡིག་སློབ་སྦྱོང་དང་དོ་སྣང་སྤྲད་དེ་བོད་པའི་སྐད་ཡིག་ཤེས་པའི་བོད་མི་མཚན་ལྡན་དུ་འགྱུར་བ་བཟོ་དགོས་འདུག    དེ་ཡང་མཚན་ཉིད་རྩོད་སྐབས་མིའི་མཚན་ཉིད་སྨྲ་ཤེས་དོན་གོ་ཟེར་བ་དེ་བོད་ལ་བསྒྱུར་ན། བོད་སྐད་སྨྲ་ཤེས་ཤིང་དོན་གོ་བ་དེ་བོད་མའི་མཚན་ཉིད་ཡིན་པས་བོད་མི་མཚན་ཉིད་དང་ལྡན་པ་ཞིག་ཏུ་འགྱུར་བ་ལ་བོད་ཀྱི་སྐད་སྨྲ་ཤེས་ཤིང་གོ་ཤེས་པ་ཞིག་དགོས་པ་རེད་དྲན་གྱི་འདུག དེས་ན་དེའི་ཐོག་ལ་ཕ་མ་ཚོའི་ངོས་ནས་ཤུགས་ཤིག་བརྒྱབ་པ་ཡིན་ན་ཏོག་ཙམ་ཁྱད་པར་ཞིག་ཡོད་པ་རེད་བསམ་གྱི་འདུག མཆན། {༡}༼རིག་གཞུང་ཞེས་པ་འདིའི་ནང་བོད་པས་འཁོར་ཡུག་ལ་འཛིན་པའི་ལྟ་སྟངས་དང་རྒན་བཀུར་གཞོན་སྐྱོང་། དྲང་བདེན་དང་ཟོལ་མེད་སོགས་བོད་ཀྱི་ཡུལ་སྲོལ་གོམས་གཤིས་རྣམས་ཚུད་ཡོད། ཡིག་འབེབས་པའི་མཆན།༽     ཅེས་ཉེ་ཆར་བརྙན་ལམ་དུ་ཡོད་པ་དེ་བན་དེ་འགྲོ་ཕན་ནས་ཡིག་ཐོག་ཏུ་ཕབ་པས་འགལ་འཁྲུལ་བྱུང་ན་གཟོད་པར་གསོལ།

༄༅།། ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཞུ་།

藏歷新年快樂


འཛམ་གླིང་ཞི་བདེ་ཡོང་བར་སྨོན་།
࿄༇ལོ་སར་ལ་བཀྲ་ཤིས་བདེ་ལེགས།࿇

罗萨扎西德勒

祈愿世界和平远离战争疾病



࿄ བོད་རབ་རྒྱན་ཆུ་ཕོ་སྟག་ལོ་ལ་བཀྲ་ཤིས་བདེ་ལེགས་ཞུ། ལོ་གསར་བའི་ནང་ཁྱིམ་ཚང་བདེ་སྐྱིད་དང་འཛམ་གླིང་ནད་མེད་འཁྲུག་རྩོད་ཞི་བར་སྨོན།祝大家藏历水虎新年快乐!
罗萨啦扎西德勒|藏历新年吉祥


发布     👍 0 举报 写留言 🖊   
✋热门推荐
  • 这世界有那么多人,只有你能陪我走完一整个青春,关于我为什么喜欢你吖,如果要说可就太长了,长到可以概括我一整个青春!哪怕你不做星星,我想我也会找到你,去成为我生命
  • 你看到的都是你的“我相”一切为心所招,一切为心所造,你看到的都不是大海本来的样子,因为你不是大海,你所谓的快乐、勇气、恐惧、痛苦、死亡,都是你心里的东西,是你活
  • 如果推特董事最终拒绝马斯克,大家就会知道他推文提及猫王(Elvis Presley)1956年名曲Love Me Tende,究竟是在放话,想直接且公开地向股东
  • 灯光秀也不是说是最最最好看的重要的是谁在你身边以后阿~ 我也希望我男朋友可以带我来再看一次 我一定会觉得特别好看 特别幸福谢童带关关来玩的那集真的少女心都炸裂了
  • #rng#讲实话,我之前一直觉得,最好的rng是马圆圆还有我per在的那个rng,可我现在才明白,是那个上单叫众生平等the rang,打野叫野区爸主麻辣叉鸡,
  • 铁路事业的每一段里程都曾经抛洒过你们的青春,路基的每一段路都留下你们的脚印,他们被阳光晒的黝黑的脸上露出了骄傲的笑容,这或许就是你们一年四季的劳动成果吧,这些年
  • 零部件给大家抓了襄阳和文灿,现在剩个文灿继续快乐,反正一直玩到上旬差不多结束再做判断就好,减速器属于机器人概念,今天能翻红说明板块还是比较强势的,在一众绿色中突
  • 给处女座的小告诫:你是那种一旦坠入爱河,对读书等其它事情也会燃起斗志的人,因此不妨找个谈恋爱很专心的工作服人吧。狮子座:献上无瑕之爱的浪漫派型狮子喜欢当老大,对
  • 人能相遇, 已是不易;心若相知,更需珍惜。时光,留不住昨天;缘分,停不在初见。感情,需要的是理解;相处,需要的是默契;陪伴,需要的是耐心。人生能相遇,已是不易
  • 不管你是宝妈还是上班族,你只需要一部手机,我们负责提供产品,手把手教你营销策略,十盒混批就可以代理瑞姑娘有机花茶,心动了吗,快来加入我们吧[勾引]看到本品牌再次
  • [可爱]医院验光后,会针对视功能检查结果进行分析和修改,比如近视外隐斜加以足矫,内隐斜欠矫,还有屈光参差引起的不等像、主视眼检测、新旧眼镜参数对比等都是配镜度数
  • 做人,要懂感恩,投之以桃,报之以李,滴水之恩,涌泉相报,知恩感恩,感情才会深。 做人做事,要有诚信,人无信而不立,业无信而不兴,人不诚而无交,心不诚而无品。
  • 是一家看了很久却今天意外打卡的店铺 你知道为啥要点这个桃子吗 好像招牌是什么咸奶油蛋糕 因为我知道要是你就会点这个桃子 所以我想先替你尝一下 还有一杯冰美式 是
  • #阳光信用# [微风]#每日一善##每日一善[超话]#别让自己心累,应该学着想开,看淡,学着不强求,学着深藏;别让自己心累,适时放松自己,寻找宣泄,给疲惫的心灵
  • #LIROSA日本原点水霜[超话]#钱巨多团队核心成员—雪婷.​‎ ͏ 从‮脸满‬红血丝的超‮感敏‬肌到毛孔‮腻细‬会发光的健康‮,肌‬雪婷绝对能‮到做‬把Li
  • 汉斯格雅 不愧是淋浴界的天花板 当我第一次跟老李头提出买汉斯格雅的时候 老李头听到价格就把我给拒绝了[笑cry]后来逛家具城无意中看到了实体店 拉着老李头体验了
  • 你再优秀,在嫉妒你的人眼中,不过是走运;你越善良,在讥讽你的人眼中,也不过是惺惺作态。“ 让自己开心,是一生的修行心情是属于自己的感受,若只是活在别人的眼里和嘴
  • 夏日出行记/出行迷你玩物随身出行玩物多种多样是什么让我选择了它先吸引我的是它的颜值超迷你的外观设计,出门携带毫无压力单筒设计丝毫不影响望远品质这种直接的观看享受
  • 【#我没在社媒上公开at莱斯特城说想去切尔西,是假的#】同一时间他在Ins上也刊发限时动态,含义为:“说我在ins上发只想离开莱斯特城去加盟切尔西,并at了莱斯
  • 9.故国与异乡,有时候近到一场薄梦的距离,我用了一生的力气张望,也无力打通10.不以爱小而不为。6.人生不就是这样,经历过一次次考验才能成长;人生不就是这样,哪