བུ་མོ་བདེ་ཆེན་པ་དང་ངེད་གཉིས་རི་ཞིག་གི་གདོང་ཁ་བརྒྱུད་ནས་ཡར་འགོ་བཞིན་འདུག རྡོ་ཧྲུག་ཅན་གྱི་གཞུང་ལམ་སྟེང་དུ་དབྱིབས་ས་འབུ་དང་འདྲ་ལ་མདོག་དཀར་ཆེམ་མེ་ཡོད་པའི་དངོས་པོ་མང་པོ་ཡོད། ངས་མྱུར་ཏུ་གཅིག་ཡར་བསྒྲུགས་ཤིང་བདེ་ཆེན་པའི་མཁྲིག་མའི་དངུལ་གདུབ་བླངས་ཏེ་བསྡུར་བ་ན། ཧ་ལམ་ཁྱད་ཅི་ཡང་མེད་པ་འདྲ། གམ་ན་རྒྱ་མོ་ན་གསེག་ཅིག་ཐོན་མིག་དཀྲིད་ཙམ་བྱས་ཏེ། ཁྱེད་གཉིས་ཀའི་གདུ་བུ་ནི་དངུལ་སྡུག་ཤོས985རེད། ཅིག་ཤོས་ནི་དངུལ་དཀར་པོ་ཨང་ཀི་དང་པོ་དེ་རེད་ཟེར། དེ་ལྟར་ཟེར་དུས་ལམ་ནང་གི་དངུལ་དེ་དག་དངོས་གནས་དཀར་ཞིང་འོད་ཆེམ་མེ་བར་འདུག་ལ་ངེད་གཉིས་ཀྱི་གདུ་བུ་ནི་དེའི་གམ་དུ་མདོག་ཉེས་པོའི་གག་ཕྲུག་བཞིན་དུ་བལྟས་རི་མི་འདུག དེ་ཙམ་ན་མིའང་མང་བོ་ཐོན་ནས་ལམ་གྱི་དངུལ་འཐུ་བར་བྲེལ། མི་ཚང་མའི་ཁ་ནས་ཨ་ཨ་དང་ལ་ལ་སོགས་ངོ་མཚར་བའི་སྐད་དབང་མེད་དུ་ཤོར། བཤད་མ་དགོས་ཏེ་ངེད་གཉིས་ཀྱང་དངུལ་འཐུ་བའི་དཔུང་སྡེར་ཧོབ་ཀྱིས་ཞུགས། ངའི་ལག་ཏུ་དངུལ་ཐུར་གྱིས་བཀང་མོད། ད་དུང་ཚིམས་པ་མེད་པར་འཐུ། ཆབས་ཅིག་ངས་ད་དུང་སེམས་སུ་དངུལ་ཐུར་འདི་དག་གིས་ཅི་ཞིག་བཟོ་དགོས་སམ་སྙམ་དུ་བསམ་བློ་གཏོང་། མིག་ལམ་དུ་དངུལ་གྱི་ཁེམ་བུ་འདྲ་བ་སྙིང་རྗེ་བོ་མང་བོ་ཤར་ཞིང་འོངས། རྒྱ་མོ་ཞིག་གིས་ལམ་གྱི་དངུལ་མི་འཐུ་བར་ངེད་ཀྱི་ལག་གི་དངུལ་ལ་མིག་ཧྲིག་ཧྲིག་ཅེར་ནས་འགྲམ་ཆུ་ལྡང་བས། ཚུལ་དེ་ལ་ང་རང་ཤིན་ཏུ་རླུང་ལངས་ཤིང་མཐར་བཟོད་པ་བཟློག་མ་ཐུབ་པར་རྒྱ་མོ་རོ་རིང་བ་སྐམ་གྱོང་བ་དེ་གཅར་རྡུང་ནམ་ལངས་པ་འདྲ་ཞིག་བྱས་ནས་ལམ་དཀྱིལ་དུ་གཡུགས།

འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས།

འདིར་ཡང་འདོད་ཆགས་དང་ཁོང་ཁྲོ་བ་དང་ང་རྒྱལ་དང་མ་རིག་པ་དང་ཐེ་ཚོམ་དང་འཇིག་ཚོགས་ལ་ལྟ་བ་དང་མཐར་འཛིན་པར་ལྟ་བ་དང་ལོག་པར་ལྟ་བ་དང་ལྟ་བ་མཆོག་ཏུ་འཛིན་པ་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་རྣམས་འདོད་པའི་ཁམས་ན་བདེན་པ་བཞིའི་དབྱེ་བས་བཞི་བཅུར་འགྱུར་རོ། །
དེ་བཞིན་དུ་གཟུགས་དང་གཟུགས་མེད་པའི་ཁམས་སུ་ནི་དེ་དག་བདེན་པ་བཞིའི་མཐོང་བས་སྤང་བར་བྱ་བ་ཁོང་ཁྲོ་བ་བརྒྱད་བཏོན་ན་བདུན་ཅུ་རྩ་གཉིས་སོ། །
སྤྱིར་བསྡོམས་ན་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་བརྒྱ་རྩ་བཅུ་གཉིས་སྤོང་སྟེ། བདེན་པ་རྣམས་ཀྱི་མངོན་པར་རྟོགས་པ་ནི་གཅིག་པའི་ཕྱིར་རོ། །

དེ་བས་ན་ས་དང་པོའི་སྐད་ཅིག་མ་དང་པོ་ནི་མཐོང་བའི་ལམ་ཡིན་ནོ། །
དེ་ལས་གཞན་པ་སྐད་ཅིག་མ་གཉིས་པ་ལ་སོགས་པ་ནས་རྡོ་རྗེ་ལྟ་བུར་བརྗོད་པའི་བར་ཆད་མེད་པའི་ལམ་གང་ལས་དེ་མ་ཐག་ཏུ་སངས་རྒྱས་ཀྱིས་ཀུན་ཏུ་འོད་འཐོབ་པའི་བར་འདི་དག་ནི་མཆོག་གི་དོན་ལ་སོགས་པར་ཆོས་ཀྱི་དབྱིངས་སོ་སོར་རྟོགས་པའི་ཕྱིར་བསྒོམ་པའི་ལམ་ཡིན་པར་བཤད་དོ། །
དེ་ལ་ཡང་ཉོན་མོངས་པ་བཅུ་དྲུག་ཅི་རིགས་པར་རིམ་གྱིས་སྤོང་ངོ་། །
འདི་ལྟ་སྟེ་འདོད་ཆགས་དང་། ཞེ་སྡང་དང་། ང་རྒྱལ་དང་། མ་རིག་པ་དང་། འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་སྟེ་འདོད་པར་སྤྱོད་པ་དྲུག་གོ། །
དེ་དག་ཉིད་པས་ཞེ་སྡང་བཏོན་ན་གཟུགས་དང་གཟུགས་མེད་པར་སྤྱོད་པ་བཅུ་ཡིན་ནོ། །མཐོང་བ་དང་བསྒོམ་པའི་ལམ་ལ་ཡོངས་སུ་སྦྱོང་བའི་ཆོས་ཀྱི་དབྱེ་བས་རབ་ཏུ་དགའ་བ་ལ་སོགས་པའི་ས་བཅུར་རྣམ་པར་གཞག་གོ། །
དེ་ལ་ཡང་ས་གང་གི་ཡོངས་སུ་སྦྱོང་བར་གྱུར་པའི་ཆོས་གང་ཡིན་པ་རྣམས་ཇི་སྲིད་མ་རྫོགས་པ་དེ་སྲིད་དུ་ནི་ས་དེ་ཡིན་ལ། ཡོངས་སུ་རྫོགས་ནས་ནི་ས་གཞན་ཡིན་པར་ཤེས་པར་བྱའོ། །
དེ་ལ་ཡོངས་སུ་སྤྱོད་པར་གྱུར་པའི་ཆོས་འདི་རྣམས་ནི་སྟོང་ཕྲག་ཉི་ཤུ་ལྔ་པ་ལས་བསྟན་ཏོ། །ཞེས་གསུངས་སོ། །

རཾ་ཡཾ་ཁཾ། ཨོཾ་ཨཱཿ ཧཱུཾ།

让央康 嗡阿吽!

ཚོགས་རྫས་འདོད་ཡོན་ཡེ་ཤེས་རོལ་པས་རྒྱན།།

妙欲供物智慧严

ཚོགས་རྗེ་ཚོགས་བདག་རིག་འཛིན་བླ་མ་དང་།།

供尊供主持明师

གདན་གསུམ་དཀྱིལ་འཁོར་གནས་ཡུལ་ཉེར་བཞིའི་བདག།

三坛城廿四境主

དཔའ་བོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་རྣམས།།

勇士空行护法神

འདིར་གཤེགས་ལོངས་སྤྱོད་ཚོགས་ཀྱི་མཆོད་པ་བཞེས།།

莅此受用会供品

འགལ་འཁྲུལ་ནོངས་དང་དམ་ཚིག་ཉམས་ཆག་བཤགས།།

忏悔过失破誓言

ཕྱི་ནང་བར་ཆད་ཆོས་ཀྱི་དབྱིངས་སུ་སྒྲོལ།།

外内障碍法界解

ལྷག་གཏོར་བཞེས་ལ་ཕྲིན་ལས་འགྲུབ་པར་མཛོད།།

享用余食事业成

ཨོཾ་གུ་རུ་དྷེ་ཝ་ཌཱཀྐི་ནི་ག་ཎ་ཙཀྲ་པཱུ་ཙྪ་ཧོཿ ཨུཥྩིཎྚ་བྷ་ལིཾྟ་ཁྷཱི་ཁྷཱི།

嗡  格热德瓦扎古呢  噶纳卓杂布扎  舞知扎巴令达喀呵[合十][合十][合十][玫瑰][玫瑰][玫瑰][玫瑰][玫瑰][咖啡][咖啡][咖啡][啤酒][啤酒][啤酒][啤酒]


发布     👍 0 举报 写留言 🖊   
✋热门推荐
  • 带着孩子离婚结婚真的很复杂,各种人性私心都有博弈。?
  • 操作上,虽然该股周五封板失败,但是上涨趋势不变,加上元宇宙概念火热,建议后期重点关注。操作上,虽然该股周五封板失败,但是上涨趋势不变,加上元宇宙概念火热,建议后
  • 吾儿第一次擀饺子皮皮,必须纪念一下[嘻嘻][嘻嘻][嘻嘻][嘻嘻]另外今天去选片,在导购的一番说辞之后,为娘有些顶不住了,还好小家伙当机立断,让为娘省了一大笔啊
  • 推荐的是我喝过非常爱的几款!不是不接男一,出发点在于喜欢+能驾驭6、《我们的歌》新春特辑中游戏环节没有低血糖,是纯累的,还叫大家别外传7、刘宇宁是真名!
  • 也没有时间去更远的北疆一睹风采,很遗憾天山 阿勒泰 喀纳斯湖 赛里木湖 那那提草原 伊犁河谷 喀什等都没时间去 终究留在我的梦中,终成遗憾,但有时遗憾也是一种
  • 2016/12/1-12/31,莅临ENZO专柜即可享受如下礼遇:满额立享尊贵赠礼购物满7,000元,即赠ENZO限量手机壳一份;购物满13,000元,即赠EN
  • 最佳拍摄时间:下午4点到6点:佳能M50m2镜头:85mm f1.8友情提醒:需要注意防虫#太原约拍##山西约拍##少女##拍照姿势##人像摄影# 【合肥市三甲
  • 我天,她的脸也不长这样啊,怎么垮成这样了?不过,也有人说:人家是3个孩子的妈妈了,老公觉得好就行呗!
  • #中秋遇上教师节#所以这是一个幸福加倍的日子哟~每一条来自学生们的祝福,都是属于老师的专属温暖,我都收好放在自己的盒子里啦~[心]有一个礼物我觉得很特别,是一个
  • 男士口味阿胶糕今天重点介绍一下男士吃阿胶糕的必要1、对于喜欢熬夜,失眠手脚冰凉,脱发严重的要吃2、在健身的男士可以吃强筋骨长肌肉的功效3、经常感冒体抗力下降的可
  • 本科一毕业就做着不喜欢的幼师工作,加上工资实在是低住的条件也差劲,我也越来越沮丧越来越迷茫,无时无刻都想脱离这个幼儿园,但又实在找不到更好的工作,身边的家人也带
  • #旁观世界##覆车之戒#是谁在拼命删帖?保护市北交警112560赵同文!交警大队不作为,纵容赵同文滥用职权徇私枉法!拒不悔改! 交警回复“使用安全法第九十条是明
  • 不同于在野外的山林或湿地的观鸟活动,广州动物园内本身就有拥有国内各种品种美丽的鸟类,再加上在园区栖息的众多野生鸟类,为大家观赏鸟类提供了非常大的便利。11月9日
  • [色]哈哈哈贵妇蜂胶包装也很美 ​ 哇喔好开心 买了猴子的至尊宝(希望我的猴子可以练起来[泪] 刚刚好攒了58个英雄碎片嘻嘻 换了梦奇 然后又刚刚好点券还有剩的
  • 【客户反馈】『医ִ采』真͏的能活成自己期ֺ待的样子 一个女人就不应؜该局限 于孩子老公应 该要有自 己的事业,要做想做的事ִ情✈一؜边悄悄变美 一边悄 悄赚
  • ”杨力君说,两位医生的温暖和细心一直让她深深感动着,住院快五个月,她一直很开心。 7️⃣他人评价:人如其名,孙逗逗是个热情积极的同学,为人友善随和,没有任何心理
  • 三、常平镇本土疫情情况新增无症状感染者:无症状感染者1:男,48岁,常平镇还珠沥村某商铺老板,现居住于常平镇还珠沥村。无症状感染者3:女,10岁,现居住于大朗镇
  • 拼哆哆叠加红包到手更低:1️⃣山东糖心烟薯,5斤到手10.9新店暂无评价,自辨2️⃣袋鼠先生低脂荞麦方便面,60g*10袋到手12.883️⃣力士慕斯沐浴泡泡沐
  • NARCAEA(Narkaia)或NARCAEUS (Narkaios), 拉丁音译:Narcaea 意义:Narcaeus(埃利斯地区的英雄)的女神 ,Nar
  • 灵感参考设计 ​ ​​​ #设计考研##艺术考研##广美考研##视觉传达设计##视传考研##艺术设计##广工考研##深大考研##华师考研##品牌VI设计##设