ན་མོ་དགའ་ཡོ།
ཡིག་ནག་བློ་ལ་ཚུད་ཚད་ལ་མཁས་པ་ཟེར་བ་མིན།། ཆོས་ཀྱི་དྲང་ངེས་ཤེས་ན་མཁས་པ་ཟེར་བ་ཡིན།། མིག་འཁྲུལ་སྣ་ཚོགས་ཤེས་པ་ལ་གྲུབ་ཐོབ་ཟེར་བ་མིན།།
གནས་ལུགས་གཉུག་མ་རྟོགས་ན་གྲུབ་ཐོབ་ཟེར་བ་ཡིན།། སྤྱན་དམིགས་ཚུམ་ཚུམ་འདུག་ཚད་ལ་བྱང་སེམས་ཟེར་བ་མིན།། རང་འདོད་རྩད་ནས་དོར་ན་བྱང་སེམས་ཟེར་བ་ཡིན།། སྨ་ར་སུད་སུད་འདུག་ཚད་ལ་སྔགས་པ་ཟེར་བ་མིན།།
སྣང་སྲིད་ལྷ་སྐུར་རྟོགས་ན་སྔགས་པ་ཟེར་བ་ཡིན།། རི་མཐོ་འགོལ་སར་སྡོད་ཚད་ལ་སྒོམ་ཆེན་ཟེར་བ་མིན།། འོད་གསལ་ཁོར་ཡུག་ཏུ་སོང་བ་ལ་སྒོམ་ཆེན་ཟེར་བ་ཡིན།། སྤྱོད་པ་ཧོད་ཧོད་འདུག་ཚད་ལ་རྟོགས་ལྡན་ཟེར་བ་མིན།། གཉུག་མ་རྒྱུན་ཆད་མི་འདུག་ན་རྟོགས་ལྡན་ཟེར་བ་མིན།། སྟོང་པ་ཕྱོགས་གཅིག་འཛིན་པ་ལ་ལྟ་བ་ཟེར་བ་མིན།། རྒྱ་ཆད་ཕྱོགས་ལྷུང་བྲལ་ན་ལྟ་བ་ཟེར་བ་ཡིན།།

ཕྱོགས་འཛིན་དམིགས་གཏད་བཟང་པོ་ལ་སྒོམ་པ་ཟེར་བ་མིན།། དམིགས་མེད་མཚན་མ་དོར་ན་སྒོམ་པ་ཟེར་བ་ཡིན།།

ཚུལ་འཆོས་ངོ་ལྐོག་མཁས་པ་ལ་སྤྱོད་པ་ཟེར་བ་མིན།། ཉེས་ལྟུང་རྩ་ནས་དག་པ་ལ་སྤྱོད་པ་ཟེར་བ་ཡིན།། བསྒྲུབས་ནས་བཟང་པོར་བཅོས་པ་ལ་འབྲས་བུ་ཟེར་བ་མིན།། ཡེ་ནས་ལྷུན་གྲུབ་ཏུ་རྟོགས་ན་འབྲས་བུ་ཟེར་བ་ཡིན།། ཐ་སྙད་རྐྱང་པ་ངོམ་པ་ལ་དགེ་བཤེས་ཟེར་བ་མིན།།
སྒྲ་ཚད་ནང་དོན་རིག་ན་དགེ་བཤེས་ཟེར་བ་ཡིན།།

སེར་གཟུགས་ཁོ་ན་སྒྲུབ་པ་ལ་བཙུན་པ་ཟེར་བ་མིན།། ལུས་ངག་ཡིད་གསུམ་བསྲུང་བ་ལ་བཙུན་པ་ཟེར་བ་ཡིན།།

འདྲེ་སྲིན་སེམས་རྒྱུད་དཀྲུག་པ་ལ་གཅོད་ཡུལ་ཟེར་བ་མིན།། སེམས་ཀྱི་འཁྲུལ་སྣང་གཅོད་པ་ལ་གཅོད་ཡུལ་ཟེར་བ་ཡིན།།

སྡིག་ཟས་འདུག་ཚད་སྟེར་བ་ལ་ཡོན་བདག་ཟེར་བ་མིན།། སྒོ་གསུམ་དགེ་ལ་སྦྱོར་ན་ཡོན་བདག་ཟེར་བ་ཡིན།།
ནོར་ཕྱིར་དཀྱིལ་འཁོར་སྟོན་པ་ལ་དབང་བསྐུར་ཟེར་བ་མིན།། སྣོད་ལྡན་སྨིན་གྲོལ་ལ་འབོད་པ་ལ་དབང་བསྐུར་ཟེར་བ་ཡིན།། ཟ་འདོད་བསྡུས་ཆང་བྱེད་པ་ལ་ཚོགས་འཁོར་ཟེར་བ་མིན།། དཔའ་བོ་བརྡ་ཐབས་ཀྱི་མཆོད་པ་ལ་ཚོགས་འཁོར་ཟེར་བ་ཡིན།། ཁ་ནས་ཐོན་གསུམ་བཅོ་བརྒྱད་ལ་བཤད་པ་ཟེར་བ་མིན།། མཐའ་དྲུག་ཚུལ་བཞི་ཤེས་ན་བཤད་པ་ཟེར་བ་ཡིན།། འཕྲལ་སྐད་བོད་དུ་བསྒྱུར་བ་ལ་ལོ་ཙཱ་ཟེར་བ་མིན།། རྒྱལ་བའི་དགོངས་པ་ལོན་ན་ལོ་ཙཱ་ཟེར་བ་ཡིན།། ཆང་ལ་མར་སྒྲོན་བྱས་པ་ལ་རྟེན་འབྲེལ་ཟེར་བ་མིན།། ཆོས་ཀུན་རྟེན་འབྲེལ་དུ་ཤེས་ན་རྟེན་འབྲེལ་ཟེར་བ་ཡིན།། གྱུར་ཅིག་ཤོག་ཅིག་འདོན་ཚད་ལ་སྨོན་ལམ་ཟེར་བ་མིན།། འཁོར་གསུམ་རྣམ་པར་མི་རྟོག་ན་སྨོན་ལམ་ཟེར་བ་ཡིན།།拿摩噶 认识文字的不叫智者,
若了知法义则称智者。
会幻术的不叫成就者,
证实相空性称成就者。
双眼微闭的不叫菩萨,
彻底舍弃自私称菩萨。
留胡须的都不叫咒士,
若现有悟佛身称咒士。
住山上的都不叫禅师,
恒持光明者称大禅师。
行为怪异的不叫证士,
若常住于本净称证士。
执单空偏见不叫正见,
远离常见断见称正见。
执有相观相不叫观修,
若无缘而离相称观修。
善装模作样不叫行者,
彻底清除堕罪称行者。
造做而改善的不叫果,
证本来任运成就称果。
仅夸耀名词不叫格西,
见声因内明的称格西。
仅现僧相的不叫僧人,
守护身口意的称僧人。
扰妖魔的心不叫断行,断除心的幻象称断行。施不善之食不叫施主,
身口意行善的称施主。
为财示坛城不叫灌顶,
摄受器成熟的称灌顶。
贪食汇酒的不叫荟供,
勇士表法供养称荟供。
口胡说八道不叫讲解,
若知六边四理称讲解。
言语译藏语不叫译师,
若获取佛智慧称译师。
酒当油灯供不叫缘起,
了知诸法缘起称缘起。
口念祈愿文不叫发愿,
不分别三轮则称发愿。
[合十][合十][合十]

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཀརྨ་པ། །
嘉艮 宁杰 让苏 噶玛巴
諸佛悲心自身噶瑪巴
རྒྱལ་ཀུན་ཕྲིན་ལས་གཅིག་བསྡུས་ཀརྨ་པ། །
嘉艮 钦列 计度 噶玛巴
诸佛事业总集噶玛巴
རྒྱལ་ཀུན་གདུང་འཚོབ་དབང་བསྐུར་ཀརྨ་པ། །
嘉艮 东措 旺格 噶玛巴
诸佛传承灌顶噶玛巴
ཨོ་རྒྱན་འགྲོ་འདུལ་ཕྲིན་ལས་ཞབས་བརྟན་གསོལ། །
邬金 卓度 钦列 夏丹梭
邬金卓度钦列祈住世

—— འཚམས་ཞུའི་སྙན་ངག

སྤྲིན་གྱི་མེ་ཏོག་འཕྱུར་བའི་བ་གམ་སྡིངས། །དལ་བ་དལ་བུར་འཆག་པ་མཛེས་སྡུག་གི །ཉམས་ཀྱིས་རྫོགས་པའི་ནུ་ཁུར་དུད་པ་ཅན། །མངོན་པར་གསལ་ལྟར་ཡིད་ནི་ཀུན་ནས་གཡོ། །དངུལ་དཀར་ཞུན་མའི་རླབས་འཕྲེང་རྒོད་པ་ཡི། །ཅི་དགར་ངོམ་པ་ཟླ་བའི་ཅོད་པན་ཉིད། །ཕུན་ཚོགས་ནགས་མ་འཐབ་པའི་དབེན་ལྗོངས་སུ། །རྒྱང་དུ་བཞུད་པ་ཆེད་དུ་བསྐུར་པའི་འཕྲིན། །བརྩེ་ཆེན་ཐུགས་རྗེ་ཡངས་པའི་ཞལ་བཟང་མཆོག །སྐྱེས་སུ་བསྐུར་བ་ལྷག་བསམ་མགྲིན་པ་ཡིས། །མཐོ་བར་བཏེགས་པའི་རིག་བྱེད་ནོར་བུའི་འོད། །སྙན་གྱི་གོང་བུར་མཆོད་པའི་སྤོབས་པ་རྒྱས། །གང་འདིར་ཚངས་པར་སྤྱོད་པའི་སྡོམ་བརྩོན་མང་། །ཉིན་མཚན་འཁོར་ལོར་གུས་ཤིང་དད་པ་ཡིས། །ལྔ་རིག་ཚལ་དུ་བསྐྱོད་པའི་བརྩོན་པའི་ཁུར། །ལ་ཐོད་དཀྲིས་པའི་ཚུལ་འདི་ཡི་གར་འོང་། །རྒྱུས་དང་འདྲིས་པ་མེད་པའི་གྲོང་གྱི་ཡུལ། །བག་ཡངས་འཚོ་བའི་འདུན་པ་བྲལ་ན་ཡང་། །ལུས་དང་སེམས་ཀྱི་ཁུར་དུ་ལྕི་བ་ཡི། །མཐོང་གྲོལ་སྐུ་ཡི་སྙུན་གཞི་མ་གྲོལ་གོང་། །ཡུལ་གྱི་སྤྱི་དོན་སྒེར་གྱི་བགྱི་བའི་ལས། །ཅམ་གྱིས་བཞག་ནས་ཐུགས་བདེ་ལྷོད་ལྷོད་ངང་། །སོས་དལ་འཚོ་ཞིང་བཞུགས་པའི་འདུན་པ་ནི། །ཀུན་ནས་མ་ཞི་ཡིད་ཀྱི་གཟེངས་སུ་མཐོ། །མཐར་ནི་དམིགས་པའི་དོན་ཀུན་འབད་མེད་ངང་། །ལྷུན་གྱིས་འགྲུབ་པའི་སྨོན་པའི་ཤིས་པ་བཅས། །ཞབས་སོར་པདྨའི་ཆར་ཟིལ་བདུད་རྩིའི་བཅུད། །འདི་གར་འཐོར་བའི་དཔལ་ཀུན་རྒྱས་པར་ཤོག །


发布     👍 0 举报 写留言 🖊   
✋热门推荐
  • “过犹不及事缓则圆,人缓则安要慢慢来”[太阳]#淡定从容# 人这一生,凡事自当努力,但不必太过用力我们曾如此渴望命运的波澜,#用力生活# 到最后才发现人生最曼妙
  • 它对我们都有用,如果你也想眼睛好,也来喝。这个品是长期消耗品,我近视,前段时间感觉还有老花的迹象,所以我很认真的喝。
  • ”原野现在,像个会哄人的,小叶想当然以为,他一直这样。”小叶迟疑了片刻,说:“原野哥,你不要太难过了,你只要跟以往一样,多哄哄婉婉姐,肯定就好了。
  • 我想要成为发光的存在,想要你有一天会因为我而骄傲…… ​​​」❤️万物是你,无可躲今天也是最爱更爱先生的一天……先生,很想很想很想你……我的一生借你一程,这一程
  • #任嘉伦[超话]# 任嘉伦 搬运 我的情话,只对你说❤️ 「 ​​​安全感不是来源于爱 而是偏爱…… 好想好想好想好想,想你超宝…… ​​​」❤️
  • 在五月的阳光下,永仁县检察院检察官李文凤以提问式的方式,从孩子规矩意识的培养、父母亲情陪伴的重要性、道路交通安全、未成年人保护、预防溺水、手机的管控、父母言行举
  • 请病假了不上夜班睡觉质量真好老公送的蔻驰香布雷好清新的颜色翻出来的小羊帽子太可爱了尝试多家串收番茄这家最好子味中点不错买了几次挺喜欢吃明天去医院交主治考试审核材
  • 总结就是方便好用效率高,太适合有小朋友的家庭啦~-感谢森友汇用户 @小阿u 的产品使用分享[害羞]#森友汇t6# #戴森吸尘器# #戴森拖地# #戴森洗地吸尘器
  • 善良是一种修养,善待他人就是善待自己,要想得到别人的爱,首先要学会爱别人,一个善良的人一定是温暖的人,乐于助人的人,懂得珍惜和感恩的人。善良是一种修养,善待他人
  • #兰州中川机场##兰州中川国际机场##手机没电的尴尬体验#上礼拜回家看到我妈妈和妹妹穿着一样的新睡衣心里突然有亿点点难过 没结婚以前都是和我穿一样的 觉得心里没
  • 念佛八不求大家要随时拿这几个“不求”来自我反省,自我对照,是不是犯了类似的像祖师所提醒的这些毛病,如果犯了就要小心,就要纠正过来:1、不求人天福报。日支代表内心
  • .杭州富阳|小桐洲村免费⏰10:00-18:00需要自驾前往,从市区出发约1小时到达️村子里有免费停车场,路边不影响交通的地方都可以停车.✅市集怎么玩❶手作体验
  • 期待肖战时影 肖战玉骨遥肖战肖春生 肖战梦中的那片海肖战顾魏 肖战余生请多指教肖战斗罗大陆 肖战唐三 肖战粉丝小飞侠理智支持肖战代言 支持肖战影视综艺
  • 选择蝴蝶满钻指甲戒,你选择了一份典雅、独特的礼物,它将见证你们之间的爱情故事,成为你们心灵的寄托。用它来表达你对爱情的热爱和追求,让爱的力量在520这个特别的日
  • 莱万拉菲这样的前锋看着挺强的,实际上你应该自己想想要他有什么用。这种顶级强前锋也会挨骂,不是说这样做是对的,而是我能理解这背后的逻辑,哪怕我是他们的死忠人迷也一
  • 现在的楼/丝还是太年轻、不过现在想想楼/丝成为一种污名也早有预兆,当年军训对床重庆女生花了一个小时时间感叹xxx和xxx一回高中学校就会影响同学日常生活而且她觉
  • 近6年来,曲靖邮政一直将纳非产业扶贫作为扶贫工作的重点,从前期宣传产业政策到参与各类果树苗木发放、种植,再到合作社的日常管理、剩余劳动力的有效转移,一直都是亲力
  • “在农业社大集体时我就养过蜜蜂,那些年蜂蜜不值钱,也不好卖,后来就放弃了,但积累了一定的养蜂知识和经验。已经售出49066件,需要的别再犹豫哦 #双十一精选#
  • 送外卖迟到,你提前打个电话大家都能理解,她一定要撒谎让人在下面等十几分钟,还当人面接电话对另一个顾客撒谎,把人当傻子,男主就退了外卖。市面上有一个算一个的麻辣烫
  • #阳光信用[超话]##每日一善# #阳光信用# #实时号测试# 你要相信总有一天你自己也会发光发亮,现在的暗淡不如意都是为了打磨你。#摩登兄弟[超话]##刘宇宁