སླར་ཡང་འཕྲད་མི་སྲིད་ན།
ཞེན་ཆགས་ཀྱི་རི་བོ་བརྩེགས་པས་ཅི་བྱ།
བདེ་བར་ཕེབས་དང་།
ངས་ཁྱེད་ལ་ལྷག་བསམ་རྣམ་དག་གིས་སྐྱེལ་མ་ཞུ།

གལ་སྲིད།
ཁྱོད་ང་ལ་འབྲལ་དགོས་པའི་རྒྱུ་མཚན་དེ།
ཡང་དག་མིན་པ་དང་གོ་ལོག་བྱུང་བ་ཧ་གོ་ནའང་།
ང་ལ་དགོངས་དག་ཞུ་མི་དགོས།

བོར་བ་ཐམས་ཅད་ཀྱི་ནང་ནས།
བློས་མི་ཐོངས་པ་གཅིག་ཡོད་པ་ནི།
ང་ལ་ཁྱོད་ཡིན་སྲིད་པས།
ངས་གཏན་དུ་ཁྱོད་རང་བདེ་འཚམ་ཡིན་ན་སྙམ།

དུས་ཚོད་ཀྱིས་སྒུག་མི་སྲིད་པའི།
བར་ཐག་གིས་རྙིང་སོང་བའི།
ཨུ་ཚུགས་ཀྱིས་འདས་སོང་པའི།
ལོ་ཟླ་དེ་ཚོ།

ཉོན་མོངས་ཀྱི་ལྭ་བ་ཤིན་ཏུ་རིང་པོ་གྱོན།
མཆོར་སྒེག་གི་ངལ་བ་ཡུན་རིང་ལ་བསྟེན།
སྙན་ངག་མ་འབྲི་ཟེར་རུང་།
ངའི་ཚོར་བ་ལ་བདག་མ་ཕོག

ཞལ་འཛུལ་པའི་སོ་དཀར་དེ་ཚོ།
གཉོམ་ཆུང་བའི་སྐད་གདངས་དེ་ཚོ།
ཤ་དང་རུས་ལ་འཐིམ་མྱོང་བའི་ཁྱོད།
སྔར་ལས་ཀྱང་སྐྱིད་ཐོག་སྐྱིད་འཁོར་བར་ཤོག

མཁའ་དབྱིངས་སུ་གཞས་སྐད་ལ་མཐའ་མེད་པ་ཚོར
ས་སྟེང་དུ་རི་མོར་མཐའ་མེད་པ་ཚོར
སྙན་ངག
གནམ་ས་གང་ཡིན་ལ་མ་ལྟོས་པར
ཐ་སྙད་དང་ཚིག་གྲུབ་མངའ་བས
འགུལ་སྐྱོད་ལྡན་པ་དང
འཕུར་སྐྱོད་ནུས་པའི་རོལ་མོ་འཁྲོལ

ཐེ་ཀོར།

རྔོག་བློ་ལྡན་ཤེས་རབ་ནི།

བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ཅན་གྱི་ལོ་ཙཱ་བ་ཆེན་པོ་ཞིག་སྟེ། གསང་ཕུ་ནེའུ་ཐོག་དགོན་པའི་གདན་རབས་གཉིས་པ་ཡིན། རབ་བྱུང་དང་པོའི་ས་ཕག།

༡༠༥༩ ལོར་རྔོག་ལོ་ཙཱ་བ་ལེགས་པའི་ཤེས་རབ་ཀྱི་གཅུང་པོ་ཆེ་ཆུང་བཞིའི་ནང་ནས་གསུམ་པ་ཆོས་སྐྱབས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། ཡུམ་གྱི་མཚན་ལ་དཔལ་མོ་ཞུ་བ་དང་། རྔོག་ནི་རུས་ཡིན། ཆུང་དུས་སྐུ་ངལ་ཤིན་ཏུ་ཆེ་བས་དགུང་ལོ་བཅུ་བདུན་སྐབས་སུ་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་ནས་ལོ་གཅིག་ཙམ་བཞུགས། དེའི་ཕྱི་ལོ་ཁུ་བོས་བཀའ་སློབ་དང་མཐུན་རྐྱེན་གནང་སྟེ།
རྒྱ་གར་དུ་སློབ་གཉེར་ལ་བརྫངས་པ་ལྟར་མངའ་རིས་བརྒྱུད་ནས་རྒྱ་གར་ལ་བྱོན་པའི་ལམ་གྲོགས་སུ་རྒྱ་གར་དུ་ཆོས་སློབ་པར་ཕེབས་པའི་ལོ་ཙཱ་བ་བཙན་ཁ་བོ་ཆེ། ཁྱུང་པོ་ཆོས་བརྩོན། རྭ་ལོ་ཙཱ་བ། གཉན་ལོ་ཙཱ་བ་རྣམས་མཉམ་དུ་བྱུང་།

རྒྱ་གར་དབུས་དང་ཁ་ཆེ་བཅས་སུ་ལོ་བདུན་རིང་མདོ་དང་། སྔགས། སྒྲ་རིག་པ། ཚད་མ་རིག་པ་སོགས་ལ་དཀའ་སྤྱད་འབད་བརྩོན་བློ་ཡུལ་དུ་མི་ཤོང་བ་གནང་ནས་སྤྱངས་པ་མཐར་ཕྱིན་ཏེ། དགུང་ལོ་སོ་ལྔ་པ་རབ་བྱུང་དང་པོའི་ཆུ་སྤྲེལ།
ཕྱི་ལོ་ ༡༠༩༢ ལོར་བོད་དུ་ཕྱིར་ཕེབས། ཚད་མ་རིག་པ་དང་ཕར་ཕྱིན་སོགས་གཞུང་རིགས་མི་འདྲ་བ་སྟོང་ཕྲག་ཁ་ཤས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བར་མཛད་པས། བོད་ཀྱི་ལོ་ཙཱ་བའི་ནང་ནས་གཞུང་བསྒྱུར་བ་མང་ཤོས་དང་མཁས་ཤོས་ཡིན།

འོན་ཀྱང་ང་རྒྱལ་དང་ཁེངས་སེམས་མི་གནང་བར་སྔོན་བྱོན་བོད་ཀྱི་ལོ་ཙཱ་བ་མཁས་པ་ཉི་ཟླ་ལྟ་བུའི་དྲུང་ན་རང་ཉིད་རྒྱུ་སྐར་ཆུང་ངུ་ཞིག་གི་གྲས་སུ་ཚུད་པ་ཙམ་ཡིན་ཞེས་གསུངས། ཆོས་གསུངས་པ་ལ་ཤིན་ཏུ་མཁས་པས་ཆོས་ཐེངས་རེ་གསུང་དུས་ཉན་མཁན་ཁྲི་ལྷག་དང་ཉུང་མཐར་སྟོང་ཕྲག་ལས་མི་ཉུང་བ་འདུས།
ཟུར་ཁྲིད་ཀྱི་འཆད་ཉན་བྱེད་ཐུབ་པའི་སློབ་མ་རྐྱང་པ་ཡང་ཆིག་སྟོང་བརྒྱད་བརྒྱ་ཙམ་ཡོད་ཟེར། དགུང་ལོ་ང་གཉིས་པ་རབ་བྱུང་གཉིས་པའི་ས་གླང་ཕྱི་ལོ་ ༡༡༠༩ ལོར་སྐུ་གཤེགས། ཞེས་གསུངས།


发布     👍 0 举报 写留言 🖊   
✋热门推荐
  • 经历了很多,遇到很多朋友,也失去很多朋友,但是我相信一切都是最好的安排[心][心][心]遇到很多令我感动的人 老师篇:选考前邹老师的那句“祝你成功”真的让我泪
  • ”从六月中旬到今天,我终于看完了《一把青》最初被剪辑吸引​"白衫 蓝裙 不知名姓 黄昏好风景"从小朱青到空军遗眷到茶花女​郭轸死在了天寒地冻
  • “中年少女”早起沿着河岸跑道散步7.5公里,原来碧水蓝天的河水干涸了,生态吸引一群白鹭,遇到同仁摄影排的干涸河岸的鱼吸引老鹰,第三张照片放大看真有意境,繁忙的工
  • #白菜妹妹双11# 31日20点 消毒柜 部分需下定金 首先领Plus补贴5张卷 再去领Plus家居499-40卷 海尔(Haier)消毒柜 家用嵌入式 消毒
  • [二哈]可领③次H·包: [喵喵]每天①次机会: 【JD·一些美妆个护用品·好价】 珀莱雅 神经酰胺面膜20片:79 (赠 :21片) ✅入口: 美加净 酵米焕
  • 去小广场玩的时候捡了根小树枝,是我牵着他玩的,结果当他拿着树枝走到小朋友堆里的时候被年纪大的孩子给凶了,他就换地方了,我本以为他没事,结果后来玩车车也没啥兴致,
  • #朱志鑫[超话]##朱志鑫三代唯一断层top#zzx#朱志鑫 门面主舞#没有朱志鑫的世界,对我来说都是废墟. 把爱意叙述给风听,风一定会带给朱志鑫. 热爱可抵岁
  • 魅族Pro 7:有副屏,平常不用带手表魅族15:白色面板YYDS,最小Home键YYDS,汝窑白手感YYDS,(内心)好像还没见过这么卡的高通660魅族16:鸡
  • 婚外情对婚姻的破坏大都是持续性的,不是说外面的女人退场了,夫妻关系就能和好如初,很多夫妻都是在修复阶段分道扬镳的怎么会那么难……每每回忆你的承诺就陷入无限抓狂中
  • 这样的户型滨江没几个,价格4000左右,具体可以和房东再协商,想要看房可加微信15757172382,请备注来意。要求:合同年签 ,不短租 季度付,半年付,年付
  • 宗喀巴主张,那些认为一切法“毕竟非有”的人,是落入了断见。如月称所说,外道之理认为无有因果、因缘等,确立世俗法的某些部分为“有”然后又认为某些部分为“无”这是断
  • 过去,由于中介服务市场存在竞争不足、监管不严等问题,有限的选择范围和过高的服务费,曾一度困扰许多项目业主。这则消息利好地产、基建和物流等,在稳增长预期下,基建地
  • 他们分手那天我在,男生一直喝酒,女生一直微笑看[咖啡]他,到他烂醉如泥,眼泪才坠落,说:我深爱这七年,你也是,可惜没有办法继续,请你一定要从心里重新生长出爱情来
  • 三个颜色,✔豆绿清新,适合搭配浅色系上衣,夏季穿很清凉,不透;✔拿铁咖色我的自留款,因为我黑色裤子实在是太多了,我就留了个咖色。我165 128穿L合适,弹力很
  • 新学年的开始也预示我们广播站即将要招新啦,如果你感兴趣的话,就在16-18号的中午和下午来老食堂侧门的报名点报名吧,期待你的到来! 看看福州天空的蓝,[微风][
  • 我们学佛,如果能够够打破自己身上的六尘肮脏的东西,这个缘缘影,你就见到你的的真了。他用智慧在救多少众生啊,他用智慧在让多多少人得救、、多多少人开悟他难道不是万德
  • 她家亲戚有个什么结婚生孩子的,生病什么的,她一定尽自己最大努力去帮忙,掏钱的时候真特么眼睛都不眨的。那时候,我真的疯了,自己工资不够就拿父母的钱,到后来借钱就为
  • 珍惜上天给的缘分,因为你要知道,爱情里最大的遗憾,绝对不是我们最后没有结果,而是当我后来想到你的时候,我发现我居然没有尽我的全力。珍惜上天给的缘分,因为你要知道
  • 奉节县体育馆将于9月23日正式开放关于全面恢复奉节县体育馆开放的通知 广大市民朋友:2017年4月16日下午,我县遭受历史罕见的暴风雨袭击,县体育馆受灾严重,于
  • ”六六娘回身瞪了一眼六六,转身拉着老四的小手,说道:“走走,和大三姐姐都去我家,去我家吃腊蹄髈,还是过年前用柏树枝熏的呢,现在都金黄金黄的了,最好吃的时候了。梁