སེར་བྱེས་དགེ་བཤེས་ལྷ་རམས་པ་ངག་གི་དབང་ཕྱུག་རིན་ཆེན་དངོས་གྲུབ།

རིན་ཐང་ཅན་གྱི་དེབ་ཀློག་པའི་མྱོང་ཚོར།
སེར་ཤུལ་དགེ་བཤེས་ངག་དབང་མཁས་གྲུབ་མཆོག་ནས་གཞུང་ཆེན་དབུ་ཕར་ཚད་གསུམ་གྱི་དཀའ་གནད་ལས་བརྩམས་ཏེ་རྣམ་དཔྱོད་ཀྱི་རལ་གྲི་རྣོ་ངར་ལྡན་པ་ཞིག་འཕྱར་གནང་འདུག །
དེ་ཡང་རྩོམ་ཡིག་འདི་མཇལ་བས་ཡིད་དབང་འཕྲོག་ནས་དེང་གི་རྩོམ་སྒྲིག་མང་པོ་གཟུགས་བརྙན་གྱི་གནས་ལ་གཡུགས་བཞག་པར་མཐོང་། གང་ཡིན་ཟེར་ན། རྩོམ་ཡིག་གསར་པ་ཡིན་ན་གཞན་དང་མ་འདྲ་བའི་ལེགས་བཤད་དམིགས་བསལ་མེད་ན་ཀློག་པ་པོའི་དུས་ཚོད་འཕྲོ་བརླག་ཏུ་གཏོང་བྱེད་རེད་ལ། དེར་གཞན་རྩོམ་རྣམས་ནས་པར་བཤུས་ཙམ་ལས་དཀའ་གནད་དང་གོ་བ་འདི་དམིགས་བསལ་འདུག་བསམ་པ་གང་ཡང་མེད་པར་དེབ་ཕྲེང་གཅིག་གཅིག་དང་གསུང་འབུམ་གཉིས་གཉིས་ཟེར་བ་ནི་དེང་སང་རྫ་རྡོ་ལས་མང་ཟེར་ནའང་འགྲིགས་ས་རེད།
གཞན་ཡང་ཕྱོགས་བསྒྲིགས་བཟོས་པ་ཙམ་ལ་རང་གི་རྩོམ་ཡིག་ཟེར་མཁན་མང་ཡང་རིགས་ལམ་གྱིས་ནང་འགལ་སྤོང་མི་ཤེས་པར་ཤ་ཟིན་སྤུ་ཟིན་གྱིས་འགལ་འདུ་བྱ་རྒོད་ཀྱི་ཚོང་ལྟར་སྤུངས་པའང་མང་། དེབ་འདིའི་ནང་གི་དཀའ་གནད་ཧ་ཅང་མང་པོ་གསལ་བཤད་བཟོ་ན་བདག་པོ་གཞན་གྱི་ལེགས་བཤད་ལ་ཧམ་པས་ལག་བཅངས་སུ་དོགས་པས། གལ་ཏེ་ཤེས་འདོད་དང་དྲང་སེམས་ཡོད་པ་དང་། ཁྱད་པར་དུ་ཚིག་གི་སྤམ་བཤད་ཙམ་གྱིས་ཡིད་མི་ཚིམ་པར་གཞུང་ཆེན་པོ་ལ་ལུང་རིགས་ཉམས་ལེན་གསུམ་གྱིས་འཇུག་མཁན་ཚོས་ངེས་པར་དུ་བལྟ་རིགས་པར་སེམས་སོ། །
དེས་ན་རྣམ་དཔྱོད་ཀྱི་རིག་པ་གློག་ལྟར་མྱུར་ཞིང་རིགས་ལམ་གྱི་རྣོ་ངར་མཚོན་ཆ་ལྟར་འཕྱར་མཁན་ཁོང་ལྟ་བུའི་རྩོམ་ཡིག་དུམ་ཚན་རེ་ཀློག་ནའང་ཡིད་ལ་དགའ་བདེ་རེ་མ་འབར་ན་རང་ཉིད་བླུན་པོའི་གོ་ས་ལ་སླེབས་ངེས་ཡིན་ཞེས་བརྗོད་རྒྱུ་ཡིན་ལ། ཁོང་ནི་དྲ་ཚོམས་ཁག་ཏུ་གནའ་དེང་གི་ཆོས་ཚན་གང་ཐད་ནས་གཞན་དང་མི་འདྲ་བའི་གཞོན་སྐྱེས་འགྲན་ཟླ་བྲལ་བ་ཞིག་ཡིན་པའང་ཚོར་བྱུང་ངོ་། །
རྩོམ་པ་པོ་ནས་གླེང་བརྗོད་ཅིག་འབྲི་ན་འགྲིག་གམ་གསུངས་པས་ན། རྣམ་དཔྱོད་ཅན་ཚོ་ལ་ནམ་ཡང་དགའ་མོས་ལྡན་པ་ངག་གི་དབང་ཕྱུག་ནས་ཡི་རང་ངང་བོད་རབ་གནས་ཆུ་ཡོས་བོད་ཟླ་དྲུག་པའི་ཡར་ཚེས་བཅུ་གཅིག་ས་གཉིས་འཕྲད་པའི་དགེ་བ་སྤྱི་ལོ་༢༠༢༣-༧-༢༩་ལ་བྲིས་སོ།

ནམ་མཁའི་བརྟུལ་ཞུགས་བླངས་པའི་བྱང་ཁོག་ནང་། །
​ཡོན་ཏན་སྤྲིན་གྱི་དུམ་བུ་འཐོར་བའི་རླུང་། །
​ཆེར་སྙེམས་དབུགས་རྒོད་རྩེག་ལ་མ་གོམས་པས། །
​ཐར་བའི་ཚེ་སྲོག་ཆད་དོན་ག་ལ་ཡོད། །

ཚིག་གཅིག་ཁོ་ནས་བློ་གྲོས་ནང་ཁྲོལ་ཀུན། །
གསལ་བྱེད་ངག་གི་མེ་ལོང་འཛིན་པའི་ཁས། །
ཆོས་ལ་རུ་ཤན་འབྱེད་པའི་སྤོབས་པ་ཡང་། །
ལྷ་དང་བདུད་ཀྱིས་གསར་དུ་སྟེར་མཁན་མེད། །

བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱི་སྙན་ངག་འདི་རིགས་བཀླགས་ཤིང་བཀླགས་ཤིང་དོན་གྱི་གོ་བ་དང་ཚིག་གི་རོ་ཁྱད་གང་ཆ་ནས་སྙིང་ལ་ཟད་དུ་མེད་པའི་བདེ་དགའ་དཔག་ཏུ་མེད་པ་ཞིག་སྦྱིན་འོང་།



ལོ་ཟླ་དང་མཉམ་དུ་ཞེ་འདྲིས་བྲིས་པ།

གའུ།

དགུན་གྱི་ཁ་བས་ས་གཞི་གཡོགས་ཏེ་སྡོང་བོ་དག་ཀྱང་སྒུར་ཏུ་བཅུག།
ཟླ་བ་དཀར་པོས་སྤྲིན་གྱི་གསེབ་ནས་ཞལ་རས་གསལ་ལ་མི་གསལ་སྟོན།།
བྱ་དང་བྱེའུ་ལྷང་འཇགས་གྱུར་ཀྱང་སྐར་མ་དེ་ཚོ་འོད་ཆེམ་ཆེམ།།
མཚན་མོའི་འཇིག་རྟེན་ཆུང་ཆུང་དེ་ཡང་འུ་གཉིས་འཕྲད་པའི་གནས་སྐབས་ཡིན།།

འུ་གཉིས་འཕྲད་པ་སྔོན་བསགས་རེད་ཅེས་མི་འགྱུར་མནའ་ཡང་སྐྱེལ་དགོས་ཞེས།།
དམ་བཅའ་མི་ལྡན་སུ་ཡིན་རུང་སྟེ་དེ་ལ་ཁྲེལ་མེད་འབོད་རྒྱུ་བྱས།།
མ་ཚད་མ་འོངས་རྨི་ལམ་ནང་དུ་གཞིས་ཁྱིམ་གཅིག་ཏུ་འཛོམས་རྒྱུ་བྱས།།
འུ་གཉིས་བཤད་པ་དེ་འདྲ་ཨེ་རེད་ངས་ནི་ད་དུང་བརྗེད་ཀྱིན་མེད།།

དེ་དུས་འུ་གཉིས་སློབ་མ་ཡིན་པས་གདོང་ཐུག་བྱུང་རྒྱུ་ཁག་ཙམ་གདའ།།
ཡུལ་ལ་ལོགས་སའི་ལམ་རྒྱུད་དེ་ཡི་བསིལ་གྲིབ་འཁོར་བའི་སྡོང་རྩ་རུ།།
སྔོན་ལ་འུ་གཉིས་སུ་ཞིག་ཐོན་ཀྱང་དེ་ནས་སྒུག་ཏེ་འདུག་རྒྱུ་བྱས།།
འུ་གཉིས་འཕྲད་པའི་ཁ་ཆད་བཏབ་ཏེ་ས་རྩ་རུབ་པ་ཨེ་དྲན་གི།།

སྙི་མོ་སེམས་ལ་རྨ་ཁ་མ་བཟོ་ཁོ་མོའི་སེམས་འདི་གཉོམ་ཆུང་ཡིན།།
འཇམ་པོ་ལག་པས་ལག་པར་འཁྱུད་ན་ཁྱོད་ཀྱི་ནམ་ཡང་མ་བཏང་རོགས།།
ཁ་བཤད་ཚིག་གི་ཟོར་ནས་འཚོལ་བའི་ཁྱོད་ཀྱི་སེམས་པ་དམར་རྗེན་མ།།
ཟླ་ཆུང་འཚེར་བའི་ཁྱོན་ན་གསལ་བའི་ཁྱོད་ཀྱི་དུངས་འབོད་ཁུ་ཡུག་མ།།

སྙིང་གཏམ་ཁྲུས་ཀྱི་རྫིང་བུས་བཀང་པའི་ཁ་རྒྱན་རྨ་བྱའི་བུམ་པ་ལ།།
རང་སེམས་བལ་གྱིས་ཕྱིལ་ཕྱིལ་བཏང་སྟེ་སྙིང་སྡུག་སྲོག་གི་གདུ་བུ་ལ།།
ཕུལ་བའི་ལོ་དེར་དུས་བཞིའི་ཚ་གྲངས་ཅི་ཡིན་འདི་ཡིན་མ་གོ་ཐལ།།
སྡེ་ཆེན་མྱི་ཁའི་རླུང་ནག་དེ་ཡང་ཅི་ལྟར་གཡུགས་པ་མ་ཤེས་ཐལ།།


发布     👍 0 举报 写留言 🖊   
✋热门推荐
  • 虽然过去了这么久,他的想法没有过时,反而很契合当代的一些现状☑小遐思๑也许有些道理都在你我心中脑中,作家把它们抽丝剥茧,提炼出来,所以我们有时候会有一种醍醐灌顶
  • 笑死,原来是嫌我带的人还不够少”✨p4 15级@陌应岚 “刻进DNA的打法(1/1)[开学季][开学季]”p5 15级@唐团绒 “陆地上太干了,所以鲨鲨就懒得出
  • 【欧❤ 与❤ 非】@安庚国风 上❤ 啦~【福利】:蒹葭大全套*1 原创胸针*2【时间】:5月27日开【规则】:转·花·艾·特·一个好基友并·关·注·我吖~安庚
  • 刘沁敏提到艺术不仅仅局限于艺术作品,她的团队对于在当下社会发展中艺术所应该为大众带来的美好生活以及它所履行的使命做出探讨,打破边界,运用创意思维打造无国界的生活
  • 我以后不想这样,我想坚定一点,自己想去就不顾别人怎么说,对,就是这样![心]2.去看了德云社的现场,效果超棒,以后要常去,等爸爸妈妈再来看我的时候还想带他们一起
  • 【萌娃走失在公园,警察暖心帮找家人】 昨日路桥公安分局路北派出所民警巡逻时,发现一小男孩在公园附近马路行走,身边没有大人,可能为走失儿童。指尖沈阳、沈报全媒体记
  • 于是今天上午9点开始调解 法院系统崩溃转战到现场调解在双方都要一走了之的情况下,我和调解员稳住双方来了几轮背对背调解,终于达成一致调解员也牺牲了中午吃饭和休息时
  • 开头讲了,这种形式可以越过装修公司赚取的中间差,看似花了设计师费,但设计师直接和施工方对接,严控施工报价其实也省不少费用,如果自己审美还不错,或者遇到一个审美不
  • 想必许多人都曾有一个开花店的梦想或念头,早上来到花店按时营业,为每一个来店里的人售卖爱意与浪漫。花店唯一的装饰是门口的两棵树,不知是什么树,但一棵不是枣树,另一
  • #书就是欠抽# ▶今日赠书:《傅雷家书》▶获奖条件:转发并关注@南京先锋书店 和 @译林出版社 ▶获奖人数:1人一个知识家庭的高贵人格和深厚学养,一个优秀孩子背
  • 丝丽715也是截至目前玻尿酸浓度纯度最高的皮肤动能素,玻尿酸浓度足足75mg/ml,用于脸部和颈部提升、补水、美白、提拉紧致、抗氧化都是立竿见影的效果。如果有其
  • 昨日走了一个三角下破,最低触碰到45600一线支撑,符合预期的一个走势,现在来看,四小时段背驰有效,四小时金叉后看能否企稳旗形中轴,如果企稳站上48200上方,
  • 说实话他们的相声的确有明显的催眠功效。事实证明不论是传统的相声,还是创作的相声,以及即兴的段子郭德纲、于谦及郭德纲的弟子们都讲得活灵活现,行如流水,自然舒服。
  • 转念一想 已经六七个月他没出去聚过餐了[苦涩][苦涩]我尽量忍受你[苦涩][苦涩] 职场中要小心那些"笑面虎":单位里,总有这样的人,对同事
  • #大夏的动漫迷[超话]# 佛系回血半退坑 (紅色數字)➡️需捆,看置頂 [發:7天內,休息日寄出] **沒有飛機盒只有箱子多帶優先** 驗c官遠離我[单身狗]太
  • 像这种人心的现象和自然能量的反应,就是因为修行的弟子境界不够,达不到无我、无心、无相的地步,心着相,眼着相,事事着相得来的磁场和信息,都是错乱的,并不是命运中的
  • [来]无论是正餐还是休闲,世界梦号都提供了丰富的形式,拥有多个餐厅提供服务,保证了乘客一天的丰富行程,一天五顿的生活是多么令人向往啊!棕榈阁晚上会有鸡尾酒和葡萄
  • 【省外居民落户海南最新政策解释来了】记者从省发改委获悉为更好推动《海南省新一轮户籍制度改革实施方案(试行)》(下称《方案》)落地实施按照“查堵点、破难题、促发展
  • #新开湖畔酱油社的片语精华# 精华:风雪夜 总是盼着归人 归人盼着饱暖我有幸做了风雪过客 归时未归 暖时未暖 风雪扑面 如同拥抱 风雪浩浩 飞舞天空 覆盖大
  • 【翡翠赚钱知识】立志不坚,终不济事,人最可怕的是,清醒的堕落;昙花一现的努力,都是伪努力,间歇性努力的人,持续性一事无成,这世上,没有什么,比叫醒自己更加困难