ཕྱི་དྲོའི་ལས་ཞུགས་ཚར་རྗེས་ལས་རོགས་བུ་གཉིས་དང་གོམ་པ་བརྒྱབ་ནས་ད་ལྟའི་ལས་ཀའི་བྱེད་སའི་ཕར་ཀའི་རི་གྲོང་ནང་རེའི་ཁྱི་ལྡོམ་བཞིན་དུ་སོང་། གྲོང་པའི་མཐའ་དང་ཞིང་ཁའི་མུ་ཚིགས། དུད་ཀའི་སྒོ་འགྲམ། ལམ་ཟུར་གཡས་གཡོན་ཕྱོགས་རེའི་མ་ཎི་ལ་སོགས་རྡོ་འབུམ་རྙིང་པ་མང་པོ་ཞིག་ཡིག་འབྲུ་གསལ་ལ་མ་གསལ་གྱི་ཚུལ་དང་། ཚྭ་ཁང་གཅིག་གཉིས། མཆོད་རྟེན་འགའ་རེ་འདུག ད་དུང་རི་སྒང་ཆུང་ཉག་ཁའི་ཞིག་སྟེང་ལ་ལྷ་ཁང་ཆུང་ཆུང་ཞིག་ཀྱང་འདུག་མོད། ལྷ་ཁང་དེའི་ནང་ལ་བླ་གྲྭ་སེར་གསུམ་སོགས་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་ནི་བླ་གྲྭ་སེར་གསུམ་རྣམས་རང་མོས་ཀྱིས་ཡུལ་ལ་ལོག་སོང་བ་ཡིན་ནམ། ཡང་ན་གཞན་པ་ཞིག་གིས་བཙན་གྱིས་བསྐྲད་སོང་བ་ཅི་ཡིན་མི་ཤེས། མ་ཎི་ལ་སོགས་རྡོ་འབུམ་དེ་དག་ལོ་རྒྱུས་ཅི་ཙམ་ཡིན་པ་ཤེས་འདོད་ཀྱང་མ་ཤེས། ཉི་མ་ནུབ་ལ་ཉེ་བས་ཕྱིར་ལ་ལོག་རྒྱུ་དུས་ཚོད་རན་འདུག་པས་སྔར་ལམ་དེད་ནས་མུན་རུབ་ཙམ་གྱི་མཚམས་དེར་ངེད་གསུམ་སྡོད་སའི་ཕྱིར་འཁོར་སོང་།

མཐར་ཕྱིན་ཐབས་སུ་དང་ལས་གཞིར་དམིགས་ནས་བྲིས་པའི་དཔྱད་དེབ་ཡིན་ནོ་ལོ་བྱིངས་ནི་བཀླག་དགོས་པའི་དགེ་མཚན་མ་མཐོང་ཡང་། དེབ་འདི་ནི་དེ་དག་དང་གཞར་ཡང་འདྲ་བོ་མི་འདུག་པས། ཅིས་ཀྱང་བཀླགས་ནས་ནང་གི་བུ་རམ་ཀྱི་རོ་མྱོང་དགོས་པ་ཞིག་རེད་ཡང་ཡང་དྲན།

སེམས་པའི་དབྱངས་འགྲོས།

​ཐོག་མའི་ཐོག་མ་ཚིག་གིས་བསླུས།།
​ངོ་གདོང་པད་མོ་མ་མཇལ་ཡང་།།
​སྐད་ཆའི་སྣེ་ལ་སྦྲང་རྩི་བྱུག།
ག་ལེར་ཁྱོད་ཀྱིས་རོ་ཡང་མྱངས།།

འཇིག་རྟེན་ལས་ལ་ཡིད་ཆེས་བྱེད།།
འོན་ཀྱང་ལྟོས་དབང་ཟེར་ཡང་ཆོག།
ངག་གི་ཟིལ་བ་འཐོར་སྟངས་ཀྱིས།།
བརྩེ་བའི་འདབ་མ་ནེམ་པར་བྱས།།

ཚིག་ནི་ཡིད་ནས་ཡིད་ལ་འཐད།།
ཡིན་མདོག་མདངས་ནི་ཅི་ཡང་ངོམ།།
བར་སྐབས་དབྱངས་ཀྱི་འགྲོས་ལ་ནི།།
སོར་མོས་རམ་འདེགས་ངང་གིས་བྱུང་།།

ཚོར་བའི་ཁམས་ནི་སྡོད་དུ་མེད།།
འཁོར་ལོ་བཞིན་དུ་སྙིང་ཁམས་བརྒལ།།
རྨི་ལམ་མིན་པའི་བརྩེ་བའི་དབྱངས།།
ཕན་ཚུན་རྣ་བའི་དཔྱིད་དུ་འཇེབས།།

དགའ་བའི་མེ་ཏོག་ཆ་གཅིག་བཞད།།
བར་ཆད་རྩོད་པ་མ་ལྡང་བར།།
མཛེས་པ་གཅིག་གིས་གཅིག་ལ་སྟེར།།
སྣང་བ་སྤྲོ་བའི་གཞས་ཀྱང་བླངས།།

སྐྱོ་བའི་གཤེ་གཤེ་མང་ཡང་རུང་།།
འཛུམ་པའི་ཟླ་བ་གཅིག་གིས་ཀྱང་།།
རྒྱུ་སྐར་སྟོང་ལ་འགྲན་བཟོད་པ།།
ཞེ་ལ་འོད་ཀྱིས་ཚིམ་པ་མཛད།།

​。

གཏེར་སྣང་བྱེད།


发布     👍 0 举报 写留言 🖊   
✋热门推荐
  • 姐妹网上卖空气是炒作?回应:赔钱卖只为宣传环保
  • 苹果8充电爆裂!果粉懵了
  • 潘玮柏强吻李荣浩,神还原李荣浩亲女友杨丞琳!
  • 最新!中科大专家遭“锤杀子女”死亡威胁,警方回应了
  • 女教师课堂上被求婚
  • 台湾女子在超市偷吃未果,家中反锁三月被活活饿死
  • 惊险!14岁女孩在长沙表演杂技时坠落摔成重伤...
  • 最全中国高铁班列展出:贯穿亚欧大陆 超好看(图)_凤凰资讯
  • 四川5.4级地震,看朋友圈怎么说
  • 国庆旅行线路最强攻略!
  • 重磅!北京城市总体规划发布,50条干货带你了解20年后的北京
  • CEO被罢免还是要“跑路”,酷骑单车危机持续引爆
  • 国产锐志正式停产
  • 拜仁官方宣布安切洛蒂下课
  • sj宣布12周年回归 倒数40天!
  • 南极冰川再大崩裂 全球变暖冰川崩裂原因是什么
  • 中国新歌声引冲突 台独分子趁机举横幅多人冲场内对观众拳打脚踢
  • 秘闻爆料:换了!天安门主席像,背后惊人秘密!你一定不知道!
  • 英拉获刑5年,盘点7大政途坎坷女元首,最后一位最惨
  • 930政策将满周岁 已有超100个城市出台调控政策